Jump to content

ཀུ་ལའི་ཀཱན།

Wikipedia ལས།
དམརཔོ་སྦེ་ཡོད་མི་དེ་མེཀ་སི་ཀོ་གི་མངའ་སྡེ་ཀུ་ལའི་ཀཱན་གི་ས་ཁྲ།

ཀུ་ལའི་ཀཱན་འདི་ སི་ན་ལོ་ གི་རྒྱལ་ས་ལྟེ་བ་ མེག་སི་ཀོ་གི་མངའ་སྡེ་ཅིག་ཨིན། ཀ་ལི་ཕོར་ནི་ཡ་ལས་ ཀི་ལོ་མི་ཊར་༨༠ དེ་ཅིག་གི་ས་ཁར་ Tamazula དང་ Humaya གཙང་ཆུ་ཚུ་ འཕྱད་སའི་ ལུང་གཤོངས་ནང་ ཆགས་ཡོདཔ་ཨིན་པས། ཁྲོམ་འདི་ ཤར་ཁ་ཐུག་ལུ་ Sierra Madre Occidental གངས་རི་གིས་ མཐའ་སྐོར་ཏེ་ཡོདཔ་ད་ མཚོའི་མཐའ་མ་ལས་ མི་ཊར་༥༤ དེ་ཅིག་གི་ས་ཁར་ཡོདཔ་ཨིན། ཀུ་ལའི་ཀཱན་གྱིས་ ཀི་ལོ་མི་ཀྲར་གྲུ་བཞི་༦༥དེ་ཅིག་གི་ས་ཁར་ སོ་ནམ་དང་ཚོང་འབྲེལ་གྱི་དོན་ལུ་ ལུང་ཕྱོགས་ལྟེ་བ་ཅིག་སྦེ་ལཱ་འབདཝ་ཨིནམ་དང་ འདི་ཡང་ གེ་ཟ་དང་ ཀེ་བ་ དེ་ལས་ སྲནམ་ཅུམ་ཚུ་ དཔལ་འབྱོར་གྱི་ནང་ལུ་ ཕན་འདེབས་འབད་མི་ གལ་ཅན་ཅིག་ཨིན་མས། གནམ་གཤིས་འདི་ གནམ་བྱཱར་ལུ་ ཚ་དྲོད་དང་རློན་གཤེར་ཅན་སྦེ་ཡོདཔ་ད་ དྲོད་ཤུགས་འདི་ དྲོད་ཚད་༣༥ ལས་ལྷག་སྟེ་ཡོདཔ་ད་ དགུན་དུས་འདི་ སྤྱིར་སྙོམས་ལུ་ དྲོད་ཚད་༢༧ ལས་ མཐོ་དྲགས་སྦེ་ཡོདཔ་ཨིན། ཆརཔ་གི་དུས་ཚོད་འདི་ སྤྱིར་བཏང་ལུ་ སྤྱི་ཟླ་༦པ་ལས་ སྤྱི་ཟླ་༩པ་ཚུན་ཚོད་ འབྱུང་དོ་ཡོདཔ་ལས་ ལོ་བསྟར་ཆར་ཆུ་འདི་ མང་ཤོས་ཅིག་རང་ འཐོན་དོ་ཡོདཔ་ཨིན་པས།[]

མི་རློབས་དང་མིའི་རིགས།

སྤྱི་ལོ་༢༠༢༥ ལུ་ ཀུ་ལའི་ཀཱན་ལུ་ མི་རློབས་༩༡༨༤༩༤ དེ་ཅིག་ཡོདཔ་སྦེ་ ཚོད་རྩིས་བཏོན་ཡོདཔ་ལས་ བྱང་ནུབ་མེག་སི་ཀོ་གི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ལུ་འགྱུར་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལུ་ མི་རློབས་མ་འདྲཝ་ཡོདཔ་ད་ མང་ཤོས་ཅིག་ར་ Mestizo (ས་གནས་དང་ཡུ་རོབ་སླ་བསྲེ་སྟེ་ཡོད་མི་) གི་རིགས་བརྒྱུད་ལས་ཨིན་མས། ད་རུང་ Mixtec དང་ Nahuatl སྐད་ཡིག་གི་སྐོར་ལས་ གསལ་བཤད་འབད་མི་ཚུ་རྩིས་ཏེ་ ས་གནས་ཀྱི་མི་རིགས་ཀྱི་མི་སྡེ་ཚུ་ཡང་ཡོདཔ་ཨིན། ད་རུང་ ཀུ་ལའི་ཀཱན་འདི་ Greek དང་ America དེ་ལས་ Canada དང་Spaniards དེ་ལས་ Italian དང་ Argentinians དེ་ལས་ གཞན་མི་ཚུ་གིས་ ཁྲོམ་སྡེ་གི་ལམ་སྲོལ་སྣ་ཚོགས་ཀྱི་རང་གཤིས་ལུ་ ཕན་གྲོགས་འབད་མི་ ཕྱི་མི་ནང་སྐྱོད་ཀྱི་སྡེ་ཚན་མ་འདྲཝ་ཚུ་གི་ཁྱིམ་ཅིག་ཨིན། Greek གི་མི་སྡེ་འདི་ དམིགས་བསལ་གྱིས་ མེག་སི་ཀོ་ལུ་ མང་ཤོས་ཅིག་ར་ གོ་རིམ་སྒྲིག་སྟེ་ཡོདཔ་ད་ རྩ་བ་འདི་ སྤྱི་ལོ་༡༩༤༠དང་༡༩༥༠གི་བར་ན་ ཡོདཔ་ཨིན་པས།[]

གཞུང་སྐྱོང་ལམ་ལུགས།

སི་ན་ལོ་གི་ལྟེ་བ་ ཀུ་ལའི་ཀཱན་འདི་ མེག་སི་ཀོ་ལུ་ ཁྲོམ་སྡེ་གཞུང་གི་ལམ་ལུགས་འོག་ལུ་ ལཱ་འབདཝ་ཨིན། ཁྲོམ་སྡེའི་བདག་སྐྱོང་འདི་ ཁྲོམ་སྡེ་གི་སྲིད་འཛིན་ ༼ཁྲོམ་དཔོན་དང་འདྲཝ་སྦེ་༽ མི་སེར་ཚུ་གིས་ བཙག་འཐུ་འབད་དེ་ ལོ་གསུམ་གྱི་དུས་ཡུན་ཐད་ཀར་དུ་ ཚོགས་རྒྱན་བཙུགས་ཏེ་ བཙག་འཐུ་འབདཝ་ཨིན། ཁྲོམ་སྡེའི་སྲིད་འཛིན་གྱིས་ ཁྲོམ་སྡེ་ཚོགས་སྡེ་འདི་ ལྟ་རྟོག་འབདཝ་ཨིནམ་ད་ འདི་ནང་ མཁོ་སྒྲུབ་འབད་མི་བློ་གཏད་ཅན་དང་ ཚོགས་སྡེའི་འཐུས་མི་༡༨ དང་ ཚད་ལྡན་གྱི་ངོ་ཚབ་བརྒྱུད་དེ་ ཚོགས་རྒྱན་༡༡ དང་༧ བཙག་འཐུ་གྲུབ་ཡོདཔ་ཨིན། ཚོགས་སྡེ་འདི་གིས་ ཆུ་བཀྲམ་སྤེལ་དང་ མི་མང་ཉེན་སྲུང་ ཁྲོམ་ལམ་གྱི་འོད་དང་ གླིང་ག་དང་ དུར་ཁྲོད་ཚུ་ རྒྱུན་སྐྱོང་འཐབ་ནི་ཚུ་ འཛིན་སྐྱོང་འཐབ་ནིའི་འགན་ཁུར་འབགཔ་ཨིན།[]

སྐད་ཡིག་དད་ལམ་སྲོལ།

སྐད་ཡིག་གཙོ་བོ་འདི་ ཨིསི་པེ་ནིཤ་ཨིནམ་ད་ འདི་གིས་ ཉིན་བསྟར་གྱི་མི་ཚེ་དང་ ཤེས་རིག་ དེ་ལས་ ཚོང་འབྲེལ་ཚུ་ནང་ བརྡ་སྤྲོད་འབད་ནི་གི་དོན་ལུ་ བརྒྱུད་ལམ་གཙོ་བོ་ཅིག་ཨིན་པས། ཨིསི་པེ་ནིཤ་འདི་ མང་ཆེ་ཤོས་ཡོད་རུང་ ཁྲོམ་ཚོགས་འདི་གིས་ Zapoteco དང་ Mixteco དེ་ལས་ Otomí ཚུ་རྩིས་ཏེ་ སྐད་ཡིག་གི་ཁ་སྐད་སླབ་མི་ མི་རློབས་ཉུང་སུ་ཅིག་ཡང་ཡོདཔ་ཨིན། སྤྱི་ལོ་༢༠༢༠གི་གནས་སྡུད་དང་འཁྲིལ་བ་ཅིན་ མི་༢༥༣༠དེ་ཅིག་གིས་ མི་རློབས་བརྒྱ་ཆ་༠.༢༥དེ་ཅིག་གིས་ མི་རིགས་ཀྱི་སྐད་ཡིག་སླབ་དོ་ཡོདཔ་ཨིན་མས། སྐད་ཡིག་མ་འདྲཝ་འདི་གིས་ དུས་ཚོད་དང་འཁྲིལ་ཏེ་ ལུང་ཕྱོགས་ནང་ལུ་ གནས་སྤོ་འགྱོ་མི་ མི་རིགས་སྡེ་ཚན་མ་འདྲཝ་ཚུ་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན་མས། འདི་གི་ཁ་སྐོང་ལུ་ Roman Catholicism འདི་ ཀུ་ལའི་ཀཱན་གྱི་་ཆོས་ལུགས་གཙོ་བོ་ཅིག་ཨིནམ་དང་ འདི་ཡང་ ཡེ་ཤུ་པའི་ཆོས་ལུགས་གཞན་མི་ཚུ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན།

ཀུ་ལའི་ཀཱན་གྱིས་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ཅིག་ཡོདཔ་ད་ འདི་གིས་ ཨིསི་པེ་ནིཤ་གི་དབང་འོག་གི་ཤན་ཞུགས་དང་གཅིག་ཁར་ ས་གནས་ཀྱི་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་དོ་ཡོདཔ་ཨིན་པས། ཁྲོམ་འདི་ དམིགས་བསལ་གྱིས་ bandda དང་ norteño གི་རིགས་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་ སྙན་ཆའི་མཐོང་སྣང་དང་ ས་གནས་ཀྱི་དུས་སྟོན་ཚུ་གི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིན། ཀུ་ལའི་ཀཱན་གི་བཞེས་སྒོ་གི་ས་ཆའི་གནས་སྟངས་འདི་ གལ་གནད་ཅན་ཅིག་ཨིནམ་དང་ འདི་ཡང་ མཚོ་ཟས་རིགས་མ་འདྲཝ་ ceviche དང་ aguagile དང་ རང་ལུགས་ཀྱི་ཟ་འཐུང་ pozole དང་ tamales དེ་ལས་ chillorio ཚུ་ཡོདཔ་ཨིན། ཁྲོམ་སྡེའི་ལམ་སྲོལ་ཟླ་ཐོ་ནང་ Culiacán Carnival དང་ སྙན་ཆ་ དེ་ལས་ རང་ལུགས་ཀྱི་ཞབས་ཁྲ་ཚུ་ ལུང་ཕྱོགས་ཀྱི་སྒྱུ་རྩལ་གྱི་བརྡ་སྟོན་ཚུ་ གསལ་སྟོན་འབདཝ་ཨིན།[]

དཔལ་འབྱོར་དང་ཚོང་འབྲེལ།

ཀུ་ལའི་ཀཱན་འདི་ མེག་སི་ཀོ་གི་བྱང་ཕྱོགས་ཀྱི་དཔལ་འབྱོར་ལྟེ་བ་གཙོ་བོ་ཅིག་ཨིནམ་ད་ དཔལ་འབྱོར་འདི་ སོ་ནམ་དང་ཚོང་འབྲེལ་ལུ་གཞི་བཞག་སྟེ་ དཔལ་འབྱོར་གཙོ་བོ་ཅིག་ཨིན། ཁྲོམ་སྡེ་འདི་ ཐོན་སྐྱེད་དང་ ཤ་ དེ་ལས་ ཉ་ཚུ་ ཚོང་འབྲེལ་གྱི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་སྦེ་རང་བྱུང་དོ་ཡོདཔ་ཨིན། ཀུ་ལའི་ཀཱན་གྱིས་ ལོ་ཐོག་མ་འདྲཝ་ཚུ་ བཟོ་བསྐྲུན་འབད་ནི་ལུ་ འགོ་འབྱེད་འབདཝ་ཨིན། སྒོ་ནོར་གྱི་སོ་ནམ་གྱི་ལཱ་འདི་ ཁག་ཆེ་བའི་ལས་སྡེ་ཅིག་ཨིནམ་ད་ འདི་ཡང་ ནོར་དང་རྭཝ་ ལུག་དང་ཕགཔ་ཚུ་ དེ་ལས་ ཤ་དང་ཨོམ་གྱི་ཐོན་སྐྱེད་ཚུ་ བཟོ་བསྐྲུན་འབད་ནི་ལུ་ རྒྱལ་ཡོངས་ཀྱི་འགོ་ཁྲིདཔ་ཅིག་ཨིན་པས། Copple དང་Casa Ley དེ་ལས་ Homex བཟུམ་གྱི་ལས་སྡེ་གཙོ་བོ་ཚུ་གིས་ Culiacán ལུ་ ཡིག་ཚང་ལྟེ་བ་ཡོདཔ་ལས་ ཁྲོམ་གྱི་དཔལ་འབྱོར་གྱི་ས་ཆའི་གནས་སྟངས་འདི་ ཧེང་སྐལ་རང་ ཡར་དྲག་བཏང་ཡོདཔ་ཨིན།

དཀའ་ངལ་དང་གདོང་ལེན།

སི་ན་ལོ་ཝ་གི་སྨྱོ་རྫས་ནང་ལུ་ ཁ་གཏད་སྡེ་ཚན་ཚུ་གི་བར་ན་ རྩུབ་སྤྱོད་ལས་བརྟེན་ཏེ་ ཀུ་ལའི་ཀཱན་གྱི་དཀའ་ངལ་སྦོམ་ཡོདཔ་ཨིན། འདི་བཟུམ་གྱི་འཐབ་རྩོད་འདི་གིས་ མི་༩༠༠ ལྷགཔ་ཅིག་ ཤི་རྐྱེན་དང་ བཙན་ཁྲིད་འབད་མི་ དེ་ལས་ ཉིན་བསྟར་གྱི་ བརྡུང་རྫོབ་ཚུ་ འབྱུང་སྟེ་ མི་སེར་ཚུ་ལུ་ མི་ཚེ་འདི་ ཉེན་ཁ་ཅན་ཅིག་ལུ་འགྱུར་ཏེ་ སློབ་གྲྭ་དང་ལཱ་བཟུམ་གྱི་ ཉིན་བསྟར་གྱི་ལཱ་ཚུ་ བར་ཆད་རྐྱབ་དོ་ཡོདཔ་ཨིན། དྲག་སྤྱོད་འདི་གིས་ ས་གནས་ཀྱི་དཔལ་འབྱོར་ལུ་ཡང་ གནོད་སྐྱོན་རྐྱབ་སྟེ་ ཚོང་འབྲེལ་ཚུ་ སྒོ་བསྡམ་སྟེ་ མི་ཚུ་ ལཱ་གཡོག་མེདཔ་འགྱོ་དོ་ཡོདཔ་ཨིན། ལན་ལུ་ གཞུང་གིས་ ས་གནས་དེ་ཁར་ དམག་མི་མངམ་བཏང་སྟེ་ འཛིན་བཟུང་འབད་ཡོདཔ་ཨིན་རུང་ བྱ་སྤྱོད་འདི་ཚུ་གིས་ གནོདཔ་བཀལ་མི་འདི་ མཇུག་མ་བསྡུ་བས། མཁས་མཆོག་ལ་ལུ་ཅིག་གིས་ དྲག་སྤྱོད་མར་ཕབ་འབད་ནིའི་དོན་ལུ་ འབད་བརྩོན་བསྐྱེད་དོ་ཡོདཔ་ད་ དེ་ཡང་ ན་གཞོན་ཚུ་ ཤེས་ཡོན་དང་ ལཱ་གཡོག་གི་གོ་སྐབས་ལེགས་ཤོམ་བྱིན་ཐོག་ལས་ ཉེས་ཅན་གྱི་སྡེ་ཚན་ནང་ འཛུལ་ཞུགས་འབད་ནི་ལས་ བཀག་ཐབས་འབད་དགོཔ་སྦེ་ཨིན་པས།[]

མངའ་སྡེའི་སྐོར།

ཀུ་ལའི་ཀཱན་འདི་ མེག་སི་ཀོ་ལུ་ཡོད་པའི་ཁྲོམ་ཚོགས་ཅིག་ཨིནམ་ད་ སི་ན་ལོའི་མངའ་སྡེ་གི་རྒྱལ་ས་ལྟེ་བ་ཡང་ཨིན། ཀུ་ལའི་ཀཱན་ཁྲོམ་སྡེ་འདི་ sindicaturas ༡༧ ལུ་དབྱེ་སྟེ་ཡོདཔ་ཨིན་པས།[]

མཇུག་སྡུད།

ཀུ་ལའི་ཀཱན་འདི་མེག་སི་ཀོ་དང་ སི་ན་ལོ་མངའ་སྡེ་གི་རྒྱལ་ས་ཁག་ཆེ་ཤོས་ཅིག་ཨིན། ལམ་སྲོལ་ཕྱུགཔོ་དང་ སོ་ནམ་བཟོ་གྲྭ་སྒྲིང་སྒྲིང་ཡོད་རུང་ དྲག་སྤྱོད་དང་ བྱ་ངན་བཟུམ་གྱི་ དཀའ་ངལ་ཚུ་ཡང་ ཐོན་དོ་ཡོདཔ་ཨིན་པས། ཀུ་ལའི་ཀཱན་ལུ་ མི་མང་ཤོས་ཅིག་གིས་ ཉེན་སྲུང་ཡར་དྲག་གཏང་ནི་དང་ དཔལ་འབྱོར་ཡར་དྲག་གཏང་ནི་ དེ་ལས་ ན་གཞོན་ཚུ་ལུ་ ཤེས་རིག་དང་ ལཱ་གཡོག་ཚུ་གི་ཐོག་ལས་ གོ་སྐབས་ལེགས་ཤོམ་བྱིན་དོ་ཡོདཔ་ཨིན་པས། རྒྱབ་སྐྱོར་དང་ཞི་བདེ་མངམ་ཡོད་མི་འདི་གིས་ ཀུ་ལའི་ཀཱན་ལུ་ མ་འོངས་པ་ལེགས་ཤོམ་འགྱོ་ཚུགས་པའི་རེ་བ་བསྐྱེད་དོ་ཨིན་པས།

རྒྱབ་རྟེན། (References)

  1. https://mexicanroutes.com/culiacan/
  2. https://worldpopulationreview.com/cities/mexico/culiacan
  3. https://www.latimes.com/world-nation/story/2024-10-07/in-the-headquarters-of-drug-trafficking-in-mexico
  4. https://drivemexicomagazine.com/home/destinations/culiacan-sinaloa/
  5. https://www.latimes.com/world-nation/story/2024-10-07/in-the-headquarters-of-drug-trafficking-in-mexico
  6. https://en.m.wikipedia.org/wiki/Municipalities_of_Mexico
"https://dz.wikipedia.org/w/index.php?title=ཀུ་ལའི་ཀཱན།&oldid=39240" ལས་ སླར་འདྲེན་འབད་ཡོདཔ།