Jump to content

གུཝ་ཌ་ལ་ཇ་ར

Wikipedia ལས།

གུཝ་ཌ་ལ་ཇ་ར་ཁྲོམ་ཚོགས་ཀྱི་སྐོར།

གུཝ་ཌ་ལ་ཇ་ར་འདི་ ནུབ་ཕྱོགས་མེག་སི་ཀོ་ལུ་ཡོད་པའི་ ཁྲོམ་ཚོགས་སྦོམ་ཅིག་ཨིནམ་དང་ ཇ་ལི་སི་ཀོ་མངའ་སྡེ་གི་རྒྱལ་ས་ལྟེ་བ་ཅིག་ཨིན། མཚོ་མཐའ་ལས་ མཐོ་ཚད་མི་ཊར་ ༡༥༦༦ དེ་ཅིག་ཡོད་པའི་ ཨེ་ཊི་མ་ཇེག་ལུང་གཤོངས་ནང་ རི་གིས་བསྐོར་ཏེ་ཡོདཔ་ཨིན་པས། ཁྲོམ་ཚོགས་འདི་གིས་ རྒྱ་ཚད་ཀི་ལོ་མི་ཀྲར་ ༡༥༡ དེ་ཅིག་ཡོདཔ་དང་ ༼མའིལ་གྲུ་བཞི་༥༨༽ དེ་ལས་ ཉེ་འདབས་ཀྱི་ཁྲོམ་ཚོགས་ Zapopan, Tlaquepaque, དང་ Tolatá ཚུ་ཡོདཔ་དང་ འདི་ནང་ལུ་ ཀི་ལོ་མི་ཀྲར་གྲུ་བཞི་ ༢༥༤༣ ལྷགཔ་ཅིག་ཡོདཔ་ཨིན། གུ་ཝ་ཌ་ལ་ཇ་ར་ལུ་ གནམ་གཤིས་དྲོད་བཏགས་དང་ དྲོད་ཚད་ཀྱི་ སྤྱིར་སྙོམས་ལུ་ ལོ་བསྟར་གྱི་ དྲོད་ཚད་ ༢༠ (༦༨°F) དེ་ཅིག་ཡོདཔ་ཨིན། ཆརཔ་གི་དུས་ཚོད་འདི་ སྤྱི་ཟླ་ ༦ པ་ལས་ སྤྱི་ཟླ་ ༩ པ་ཚུན་ཚོད་ འབྱུང་དོ་ཡོདཔ་ད་ སྤྱི་ཟླ་ ༧ པའི་ནང་ ཆརཔ་ཤུགས་སྦེ་ བཏང་མི་ མི་ལི་མི་ཀྲར་ ༢༡༠ ཚུན་ཚོད་ འབོཝ་ཨིན། ཁྲོམ་འདི་ མ་རི་ཡ་ཆི་གི་སྙན་ཆ་དང་ རང་ལུགས་ཀྱི་མེག་སི་ཀོ་གི་བཟོ་རིགས་ཚུ་རྩིས་ཏེ་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ཡོད་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན།[][]

མི་རློབས་དང་མིའི་རིགས།

སྤྱི་ལོ་ ༢༠༢༠ ལོའི་མི་རྩིས་དང་འཁྲིལ་བ་ཅིན་ གུཝ་ཌ་ལ་ཇ་ར་ཁྲོམ་སྡེ་ནང་ མི་རློབས་ ༡,༣༨༥,༦༢༩ ཡོདཔ་ལས་ མེག་སི་ཀོ་ལུ་ མི་རློབས་མང་ཤོས་ཡོད་པའི་ ཁྲོམ་ཚོགས་བརྒྱད་པ་ཨིན་པས། མི་སེར་མང་ཤོས་ཅིག་རང་ mestizo གི་སྲོལ་རྒྱུན་ཅིག་ཨིནམ་ད་ འདི་ཡང་ ས་གནས་ཀྱི་མི་དང་ European གི་རིགས་བརྒྱུད་ཀྱི་སླ་བསྲེ་ཅིག་ཨིན་པས། ས་གནས་ཀྱི་མི་སྡེ་ Huicol དང་ Nahua ཚུ་ ལུང་ཕྱོགས་འདི་ནང་ བྱུང་རབས་ཀྱི་རྩ་བ་ཡོདཔ་ཨིན། སྤྱི་ལོ་༢༠༢༠ལུ་ གུཝ་ཌ་ལ་ཇ་ར་ལུ་ མི་༧༣༥༠དེ་ཅིག་གིས་ ཁྲོམ་ཚོགས་ཀྱི་མི་རློབས་བརྒྱ་ཆ་༠.༥༣དེ་ཅིག་གི་ངོ་ཚབ་སྦེ་ ས་གནས་ཀྱི་སྐད་ཡིག་ཅིག་སླབ་ནུག མང་ཤོས་ཅིག་རང་ ས་གནས་ཀྱི་སྐད་ཡིག་ཚུ་ Náhuatl དང་ Tsotsil ཚུ་ཨིན། འདི་གིས་ ཁྲོམ་སྡེ་གི་ལམ་སྲོལ་གྱི་སྲོལ་རྒྱུན་མ་འདྲཝ་དང་ མི་རིགས་མ་འདྲཝ་ཚུ་གི་ བཞུ་འགྱོ་བའི་འགན་ཁུར་འདི་ གསལ་སྟོན་འབདཝ་ཨིན་པས།[]

གཞུང་སྐྱོང་ལམ་ལུགས།

མེག་སི་ཀོ་ལུ་ཡོད་པའི་ ཁྲོམ་སྡེ་ཚུ་བཟུམ་སྦེ་ གུཝ་ཌ་ལ་ཇ་ར་གིས་ ལོ་གསུམ་གྱི་རིང་ལུ་ ལཱ་འབད་མི་ ཁྲོམ་སྡེ་གི་སྲིད་འཛིན་ (ཁྲོམ་དཔོན་) གིས་ འགོ་འཁྲིད་འབད་དེ་ ས་གནས་གཞུང་གི་ལམ་ལུགས་འོག་ལུ་ ལཱ་འབདཝ་ཨིན། ཁྲིམས་བཟོའི་ཡན་ལག་འདི་ རྒྱལ་ཁ་ཐོབ་པའི་ཁྲོམ་དཔོན་གྱི་འདེམས་ངོ་གི་ཤོག་ལེབ་ལས་ གདམ་འཐུ་འབད་མི་ རི་ཇི་ཌོར་ཚུ་ལས་གྲུབ་ཡོདཔ་ཨིན། མི་སེར་ཚུ་གིས་ ཐད་ཀར་དུ་ བཙག་འཐུ་འབད་མི་བཏུབ། ཁྲོམ་འདི་ སྤྱི་གཞུང་ཁྲིམས་བཟོའི་ངོ་ཚབ་ཀྱི་དོན་ལུ་ བཙག་འཐུའི་རྫོང་ཁག་༥ ལུ་དབྱེ་སྟེ་ཡོདཔ་ཨིན། Jalisco གི་ལྟེ་བ་ཅིག་འབདཝ་ལས་ གུཝ་ཌ་ལ་ཇ་ར་གིས་ མངའ་སྡེའི་བཀོད་ཁྱབ་དང་ ཁྲིམས་བཟོའི་ཡན་ལག་ དེ་ལས་ ཁྲིམས་དོན་གྱི་ཡན་ལག་ཚུ་ཡང་ འགོ་འདྲེན་འཐབ་ཨིན། ད་རུང་ གུཝ་ཌ་ལ་ཇ་ར་ Metropolitan གི་ས་ཁོངས་འདི་ Zapopan དང་ Tlaquepaque བཟུམ་གྱི་ཁྲོམ་སྡེ་ཚུ་ནང་ལུ་ མཉམ་འབྲེལ་ཐོག་ལས་ མི་སེར་ཚོགས་སྡེ་གི་ཁྲོམ་ཆེན་དང་ ཁྲོམ་ཆེན་འཆར་གཞི་སྤེལ་ཁང་ཚུ་ནང་ལས་ཕར་ མི་སེར་ཚུ་ ལུང་ཕྱོགས་འཆར་གཞི་དང་ གཞུང་སྐྱོང་ནང་ལུ་ བཅའ་མར་གཏོགས་བཅུག་དོ་ཡོདཔ་ཨིན།[]

སྐད་ཡིག་དང་ལམ་སྲོལ།

གུཝ་ཌ་ལ་ཇ་ར་ལུ་སླབ་མི་ སྐད་ཡིག་ངོ་མ་འདི་ ཨིས་པེ་ནིཤ་ (Spanish) ཨིན། ཧེ་མ་ ལུང་ཕྱོགས་འདི་ནང་ ཊེ་ཀེཀ་ཟི་ (Tecuexe) དང་ ཀོ་ཀ་ (Coca) བཟུམ་གྱི་ མི་རིགས་ཀྱི་སྐད་ཡིག་ཚུ་ སླབ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཉིན་བསྟར་གྱི་མི་ཚེ་ནང་ འདི་ཚུ་ དཀོན་དྲགས་སྦེ་ གོ་དོ་ཡོདཔ་ཨིན་པས། ཨིན་རུང་ ས་གནས་ཀྱི་མི་སྡེ་ལ་ལུ་ཅིག་གིས་ ཁོང་རའི་སྐད་ཡིག་དང་ལམ་སྲོལ་ཚུ་ ད་ལྟོ་ཡང་ ཉམས་སྲུང་འབད་དོ་ཡོདཔ་ཨིན་མས། ཨིང་སྐད་འདི་ དམིགས་བསལ་གྱིས་ ཚོང་འབྲེལ་དང་ ལྟ་བཤལ་ དེ་ལས་ ཤེས་ཡོན་བཟུམ་གྱི་ ས་ཁོངས་ཚུ་ནང་ཡང་ སླབ་དོ་ཡོདཔ་ཨིན་པས། གུཝ་ཌ་ལ་ཇ་ར་ལུ་ གཞོནམ་དང་ ཤེས་ཡོན་ཅན་གྱི་མི་ལེ་ཤ་ཅིག་གིས་ ཨིང་སྐད་སླབ་ཚུགས་ནི་ཨིནམ་ལས་ ལྟ་བཤལཔ་ཚུ་གིས་ ཁྲོམ་ཁར་ བརྡ་སྤྲོད་འབད་ནི་ལུ་ འཇམ་ཏོང་ཏོ་བཟོ་ཚུགས།

གུཝ་ཌ་ལ་ཇ་ར་འདི་ མེག་སི་ཀོ་གི་ལམ་སྲོལ་གྱི་སེམས་པ་ཨིན། འདི་ཡང་ མེག་སི་ཀོ་གི་རྒྱལ་ཡོངས་རྩེད་རིགས་འདི་ rodoe དང་འདྲ་བའི་ Mariachi སྙན་ཆ་དང་ tequila དེ་ལས་ charreria གི་སྐྱེས་ས་ཨིན། ཁྲོམ་སྡེ་གིས་ ལམ་སྲོལ་གྱི་དུས་སྟོན་ལེ་ཤ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ གུཝ་ཌ་ལ་ཇ་ར་རྒྱལ་སྤྱི་གློག་བརྙན་དུས་སྟོན་དང་ འཛམ་གླིང་ནང་ ཨིསི་པེ་ནིཤ་སྐད་ཡིག་གི་ ཀི་དེབ་འགྲེམས་སྟོན་སྦོམ་ཤོས་ཅིག་ཨིན་མི་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། མེག་སི་ཀོའི་ ཞྭམོ་ཞབས་ཁྲ་ཟེར་ཡང་ སླབ་ཨིན། གུཝ་ཌ་ལ་ཇ་ར་གི་ལམ་སྲོལ་ཕྱུགཔོ་འདི་ཡང་ ཟ་འཐུང་ནང་ལུ་མཐོངམ་ཨིནམ་ད་ ས་གནས་ཀྱི་ཟ་འཐུང་ birria དང་ torta ahogada ཚུ་ མི་སེར་དང་ ལྟ་བཤལཔ་ཚུ་བཟུམ་སྦེ་ ཡོངས་གྲགས་ཡོདཔ་ཨིན།[]

དཔལ་འབྱོར་དང་ཚོང་འབྲེལ།

གུཝ་ཌ་ལ་ཇ་ར་འདི་ བཟོ་སྐྲུན་དང་འཕྲུལ་རིག་ལས་སྡེ་ཚུ་ སྒྲིང་སྒྲིང་ཡོད་མི་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་གྱི་དཔལ་འབྱོར་ལྟེ་བ་ཅིག་ཨིན། འཕྲལ་འཕྲལ་སྐབས་ “མེག་སི་ཀོ་གི་ སི་ལི་ཀཱོན་ལུང་གཤོངས” ཟེར་སླབ་ཨིནམ་དང་ འདི་གིས་ འཛམ་གླིང་ཡོངས་ཁྱབ་ཀྱི་ IBM དང་ Intel དེ་ལས་ oracle ཚུ་བཟུམ་གྱི་ འཕྲུལ་རིག་ལས་སྡེ་༦༥༠ལྷགཔ་ཅིག་ལུ་ གདན་འདྲེན་ཞུ་དོ་ཡོདཔ་ཨིན། འ་ནི་ལས་སྡེ་ཚུ་ལུ་ རིག་རྩལ་ཅན་གྱི་ལཱ་འབད་མི་ཚུ་ལས་ ཕན་ཐོགས་འབྱུང་དོ་ཡོདཔ་དང་ ལུང་ཕྱོགས་འདི་གིས་ ལོ་བསྟར་བཞིན་དུ་ བཟོ་རིག་དང་འཕྲུལ་རིག་མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་༡༣༠༠༠༠དེ་ཅིག་ ཐོན་སྐྱེད་འབདཝ་ཨིན། ཁྲོམ་སྡེའི་དཔལ་འབྱོར་དེ་ མ་འདྲཝ་སྦེ་ཡོདཔ་ལས་ གློག་རིག་དང་ སྣུམ་འཁོར་ སྨན་བཅོས་འཕྲུལ་ཆས་ དེ་ལས་ གསར་གཏོད་ཀྱི་ བཟོ་གྲྭ་ཚུ་ ཁྱབ་ཚུགསཔ་ཨིན་པས། འདི་ཡང་ འཕྲུལ་རིག་དང་ གསར་གཏོད་ཀྱི་ ལས་ཁུངས་ཚུ་ ཡར་དྲག་བཏང་ནི་དང་ མ་རྩ་གཞི་བཙུགས་འབད་ནི་ དེ་ལས་ ལཱ་གཡོག་སྟོང་ཕྲག་ལས་བཅད་དེ་ བཟོ་ནི་ཚུ་ཨིན་པས།[]

ཚོང་འབྲེལ་གྱི་ཐད་ལུ་ གུ་ཌ་ལ་ཇ་ར་འདི་ མེག་སི་ཀོ་གི་ཕྱིར་ཚོང་དཔལ་འབྱོར་ནང་ གཙོ་བོ་ཅིག་ཨིན། ཁྲོམ་སྡེ་གིས་ ཊི་ཀུའི་ལ་ (tequila) དང་ ཐོན་སྐྱེད་གསརཔ་ དེ་ལས་ གློག་རིག་གི་ ཆ་ཤས་ཚུ་རྩིས་ཏེ་ ཐོན་སྐྱེད་མ་འདྲཝ་ཚུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན་པས། ཡུ་ཨེས་འདི་ ཕྱིར་ཚོང་འདི་ཚུ་གི་དོན་ལུ་ གཙོ་བོ་ཅིག་ཨིནམ་དང་ དེ་གི་ཤུལ་ལས་ རྒྱ་ནག་དང་ཀེ་ནེ་གྲ་བཟུམ་གྱི་རྒྱལ་ཁབ་ཚུ་ཨིན་པས། ནང་འདྲེན་ནང་ལུ་ གཙོ་བོ་ར་ གུ་རམ་དང་ལུད་ དེ་ལས་ རྫས་སྦྱོར་གྱི་ཐོན་སྐྱེད་ཚུ་ཨིནམ་དང་ འདི་ཡང་ ཡུ་ཨེས་དང་རྒྱ་ནག་ དེ་ལས་ ཝེཊ་ནམ་ (Vietnam) ལས་ མང་ཤོས་ཅིག་ར་ ཐོབ་དོ་ཡོདཔ་ཨིན། གུཝ་ཌ་ལ་ཇ་ར་གི་ཐབས་བྱུས་ས་ཁོངས་འདི་ གཞུང་ལམ་སྦོམ་དང་ མཱན་ཛ་ནི་ལོ་ (Manzanillo) གི་གྲུ་ཁ་དང་ ཉེ་འདབས་ལུ་ཡོདཔ་ལས་ ཚོང་འབྲེལ་གྱི་ བཅའ་སྒྲིག་ཚུ་ འཇོན་ཐངས་ཅན་ཅིག་ཨིན།[]

དཀའ་ངལ་དང་གདོང་ལེན།

གུཝ་ཌ་ལ་ཇ་ར་ལུ་ ཆུ་མ་ལང་མི་དང་ མི་དམངས་སྐྱེལ་འདྲེན་ལངམ་སྦེ་མེད་མི་ དེ་ལས་ བྱ་ངན་ཚུ་རྩིས་ཏེ་ གདོང་ལེན་ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན་པས། ཁྲོམ་ཚོགས་ཡར་རྒྱས་འགྱོ་མི་འདི་གིས་ ཆུའི་ཐོན་ཁུངས་ཚུ་ གནོན་ཤུགས་བྱུང་ཡོདཔ་ལས་ ཁྲོམ་ཚོགས་འདི་ ཆརཔ་གི་ཆུ་བསྡུ་ནིའི་ལས་རིམ་ཚུ་ ལག་ལེན་འཐབ་ནི་དང་ ཆུ་རུད་མར་ཕབ་འབད་ནི་གི་དོན་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་བཏང་ནི་ལུ་ གཙོ་བོར་བཏོན་ཨིན། མི་དམངས་སྐྱེལ་འདྲེན་གྱི་ལམ་ལུགས་འདི་གིས་ ཁྱབ་ཁོངས་ཚད་འཛིན་དང་ དུས་ཚོད་རྫོགས་མི་ གཞི་རྟེན་མཐུན་རྐྱེན་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ལས་ བཱསི་གི་མགྱོགས་དྲགས་དང་ རྐང་འཁོར་བརྗེ་སོར་གྱི་ལས་རིམ་ཚུ་ འབད་དགོཔ་འཐོན་དོ་ཡོདཔ་ཨིན། ད་རུང་ བྱ་ངན་འདི་ ཚ་གྱང་ལང་སྟེ་ཡོདཔ་ལས་ ཉེན་སྲུང་དང་ མི་སྡེ་ཁྲིམས་སྲུང་འགག་པ་ཚུ་ ཡར་དྲག་གཏང་ནི་གི་དོན་ལུ་ འབད་བརྩོན་བསྐྱེད་དོ་ཡོདཔ་ཨིན། གནད་དོན་འདི་ཚུ་ བསལ་ཐབས་ལུ་ ཡུན་བརྟན་གོང་འཕེལ་གྱི་དོན་ལུ་ གཞུང་དང་མི་སྡེ་ དེ་ལས་ སྒེར་སྡེ་ཚུ་ལས་ མཉམ་འབྲེལ་གྱི་ལཱ་ཚུ་ འབད་དགོཔ་ཨིན།[]

མངའ་སྡེའི་སྐོར།

གུཝ་ཌ་ལ་ཇ་ར་འདི་ མངའ་སྡེ་མེན་པར་ ཁྲོམ་སྡེ་ཅིག་ཨིན། དེ་ཡང་ མེག་སི་ཀོ་ལུ་ མངའ་སྡེ་ ༣༢ ལས་ ཇ་ལི་སི་ཀོ་མངའ་སྡེ་གི་ རྒྱལ་ས་ལྟེ་བ་ཅིག་ཨིན་པས།[]

མཇུག་བསྡུ།

གུཝ་ཌ་ལ་ཇ་ར་འདི་ མེག་སི་ཀོ་ལུ་ ལམ་སྲོལ་དང་དཔལ་འབྱོར་ དེ་ལས་ འཕྲུལ་རིག་བཟོ་གྲྭ་ལས་སྡེ་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། གདོང་ལེན་ལ་ལུ་ཅིག་ འབྱུང་སྟེ་ཡོད་རུང་ མི་སེར་ཚུ་གི་དོན་ལུ་ མི་ཚེ་ཡར་དྲག་གཏང་ནི་གི་ ཐབས་ཤེས་ཚུ་ བཏོན་དོ་ཡོདཔ་ཨིན་པས།

རྒྱབ་རྟེན།

  1. https://en.m.wikipedia.org/wiki/Guadalajara_metropolitan_area
  2. https://www.worldweatheronline.com/guadalajara-weather-averages/jalisco/mx.aspx?
  3. 1 2 https://en.m.wikipedia.org/wiki/Guadalajara?
  4. https://blog.rosettastone.com/what-languages-are-spoken-in-mexico/?
  5. https://open-for-business.org/special-focus-guadalajara?
  6. https://www.economia.gob.mx/datamexico/en/profile/geo/guadalajara?redirect=true&
  7. https://whattovisitwheretotravel.com/what-problems-arise-in-guadalajara-jalisco/?
  8. https://en.m.wikipedia.org/wiki/Guadalajara_metropolitan_area?
"https://dz.wikipedia.org/w/index.php?title=གུཝ་ཌ་ལ་ཇ་ར&oldid=38734" ལས་ སླར་འདྲེན་འབད་ཡོདཔ།