ཅཱཌ། Chad
| ཅཱཌ། | |||
|
| |||
| རྒྱལ་ས། | |||
| ས་ཁྱོན། | 1 280 000 km² | ||
| མི་འབོར | 19 093 595 | ||
ཅཱཌ་རྒྱལ་ཁབ་ཀྱི་ངོ་སྤྲོད།
༉ ཅཱཌ་འདི་ཨཕ་རི་ཀའི་རྒྱལ་ཁབ་ཅིག་ཨིན། ལུགས་མཐུན་གྱི་སྒྲིག་སྟངས་ནང་ ཅཱཌ་སྤྱི་མཐུན་རྒྱལ་ཁབ་ཟེར་ཡང་སླབ་ཨིན། རྒྱལ་ཁབ་འདི་ཐང་སྦོམ་དང་ དམའ་དྲགས་སྦེ་ཡོད་པའི་ བྱང་དང་ཤར་དང་ ལྷོ་ཕྱོགས་ལུ་གང་རི་གིས་སྐོར་ཏེ་ཡོདཔ་ཨིན་མས། ཅཱཌ་འདི་ཨཕ་རི་ཀའི་རྒྱལ་ཁབ་སྦོམ་ཤོས་ལྔ་པ་ ཀི་ལོ་མི་ཊར་ ༡,༢༨༤,༠༠༠ གི་ས་ཁོངས་ནང་ ཁྱབ་སྟེ་ཡོདཔ་ཨིནམ་དང་ ཅཱཌ་ལུ་ས་ཁོངས་མ་འདྲཝ་གསུམ་ཡོདཔ་ཨིན། དེ་ཡང་ལྷོ་ཕྱོགས་ལུ་ ཤིང་ཆས་ཡོད་པའི་ ས་ཝ་ན་དང་ འཛམ་གླིང་ལྷོ་བྱང་གི་ནགས་ཚལ་སྦོམ་ཡོད་པའི་ ཚ་དྲོད་ཀྱི་ས་ཁོངས་ཅིག་ཨིན། གཉིས་པ་སྦུག་གི་ཆ་ཤས་ནང་ ས་ཧེལ་གྱི་ས་ཁོངས་དང་ཚེར་ཤིང་དང་བཱོ་བཱ་བབ་ཤིང་ཚུ་དབང་འཛིན་འབད་ནུག། བྱང་ཕྱོགས་ལུ་ ས་ཧ་རཱན་འབྲོག་སྟོང་གི་ས་ཁོངས་ཨིན་མས། ཅཱཌ་རྒྱལ་ཁབ་ཀྱི་གནམ་ཤིས་འདི་བྱང་ཕྱོགས་བྱེ་ཐང་འདི་ ལོ་གཅིག་གི་རིང་ལུ་ སྐམ་དྲགས་སྦེ་ཡོདཔ་ཨིནམ་དང་ དབུས་ཀྱི་ཐང་འདི་ ཚ་དྲོད་དང་ སྐམ་སྟེ་ ཆརཔ་གི་དུས་ཚོད་ སྤྱི་ཟླ་ ༦ པའི་བར་ལས་ སྤྱི་ཟླ་ ༩ པའི་བར་ཁམས་ཅིག་ཁར་ཨིན། ལྷོ་ཕྱོགས་ཀྱི་ ས་ཁ་དམའ་ས་ཚུ་ནང་ དྲོད་ཤུགས་དང་ རློན་གཤེར་ཅན་ཚུ་ སྤྱི་ཟླ་ ༥ པའི་ཟླ་མཇུག་ལས་ སྤྱི་ཟླ་ ༡༠ པའི་ཟླ་འགོ་བཙུགས་ཁམས་ཚུན་ ཆརཔ་གི་དུས་ཚོད་ཨིན་པས། དུས་རབས་ ༢༠ པ་འགོ་བཙུགས་ཁམས་ཅིག་ཁར་ ཅཱཌ་འདི་ ཕཱརནསི་གི་དབང་འོག་ཅིག་ལུ་འགྱུར་ཏེ་ ཤུལ་ལས་ སྤྱི་ལོ་ ༡༩༦༠ ལུ་ རང་དབང་ཐོབ་ནུག། རྒྱལ་ཁབ་འདི་ ལམ་སྲོལ་དང་མི་རིགས་དང་སྐད་ཡིག་ དེ་ལས་ ཆོས་ལུགས་མ་འདྲཝ་ལེ་ཤ་ཅིག་གིས་ གྲུབ་ཡོདཔ་ཨིན།
མི་རློབས་དང་མི་རིགས་མ་འདྲཝ།
སྤྱི་ལོ་ ༢༠༢༥ ཟླ་ ༡ པའི་ཚེས་ ༡ ཚུན་ ཅཱཌ་གི་མི་རློབས་འདི་ མི་ ༡༩,༠༤༢,༦༨༧ ལུ་ ལྷོད་ཡོདཔ་སྦེ་ ཚོད་དཔག་འབད་དེ་ཡོད་མི་དེ་ཡང་ ལོ་གཅིག་གི་ཧེ་མ་ མི་རློབས་ ༡༨,༤༣༣,༩༩༦ དང་ཕྱདཔ་ད་ ༣.༣༠ % (༦༠༨,༦༩༡) ཡར་སེང་སོང་ཡོདཔ་ཨིན་པས། ཅཱཌ་འདི་མི་རིགས་མ་འདྲཝ་ ༢༠༠ དེ་ཅིག་ཡོད་པའི་རྒྱལ་ཁབ་ཅིག་ཨིན། འདི་ནང་ལས་ས་ར་མི་རིགས་འདི་ སྦོམ་ཤོས་ཅིག་ཨིནམ་ལས་ ས་ར་གི་མི་ཚུ་གིས་ ཁོང་གི་ཕ་བརྒྱུད་འདི་ ནིལ་གཙང་ཆུ་གི་བྱང་ཤར་ཁ་ཐུག་ལུ་ ཨ་ར་བི་ཡའི་བྱ་རོགས་ཚོང་པ་ཚུ་གིས་ སྤོ་བཤུད་འབད་དེ་ དུས་རབས་ ༡༦ པའི་ནང་ ཅཱཌ་ལུ་གཞི་བཅག་ནུག།
གཞུང་སྐྱོང་།
ཅཱཌ་འདི་ ཆོས་དང་འབྲེལ་བ་མེད་པའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་ཁབ་དང་ཆོས་ལུགས་ཀྱི་བར་ན་ ཐ་དད་འདི་ ངེས་གཏན་བཟོཝ་ཨིན། རང་དབང་འདི་ མི་སེར་གྱི་ལག་པར་ བཙུགས་ཏེ་ཡོདཔ་དང་ ཁོང་གིས་ མི་མང་འོས་འདེམས་དང་ ཡང་ན་ ངོ་ཚབ་ཀྱི་བཙག་འཐུ་ཚུ་ ཡོངས་ཁྱབ་ཀྱི་ འོས་འབབ་ཐོག་ལས་ བཙུགསཔ་ཨིན། བཀོད་ཁྱབ་དབང་ཚད་འདི་ སྲིད་འཛིན་དང་གཞུང་གིས་ ལག་ལེན་འཐབ་ཨིན་མས། ཁྲིམས་བཟོའི་དབང་ཚད་དེ་ རྒྱལ་ཡོངས་ཚོགས་འདུ་དང་ ཚོགས་ཁང་གི་ལག་ཐོག་ཁར་ཨིན་མས། དྲང་ཁྲིམས་ལྷན་སྡེ་འདི་ ཁྲིམས་བཟོའི་དོན་ལུ་ཨིནམ་ལས་ ཁྲིམས་ཁང་དང་ བཀོད་ཁྱབ་འགོ་དཔོན་ཚུ་ལས་ རང་དབང་ཡོདཔ་ལས་ ཆེ་མཐོ་ཁྲིམས་འདུན་དང་ ཁྲིམས་འདུན་གྱི་ མཐོ་གཏུགས་ཁྲིམས་ཁང་ དེ་ལས་ ཞི་བདེ་གི་ཁྲིམས་དཔོན་ཚུ་གིས་ ལག་ལེན་འཐབ་ཨིན་མས། སྤྱི་ལོ་ ༡༩༩༦ ལུ་ ཆ་འཇོག་འབད་མི་ ཅཱཌ་གི་རྩ་ཁྲིམས་ཆེན་མོ་འདི་ ཅཱཌ་གི་ཁྲིམས་ལུགས་མཐོ་ཤོས་ཅིག་ཨིནམ་དང་ སྤྱི་ལོ་ ༢༠༠༥ ལུ་ བསྐྱར་བཅོས་འབད་ཡོདཔ་ཨིན་མས།
ཆོས་ལུགས།
ཅཱཌ་རྒྱལ་ཁབ་ནང་ཨིསི་ལམ་དང་ཡེ་ཤུའི་ཆོས་ལུགས་འདི་ ཁྱབ་ཆེ་ཤོས་སྦེ་ལག་ལེན་འཐབ་མི་ཆོས་ལུགས་ཨིན་མས། ཨིསི་ལམ་འདི་ དད་པ་མང་ཤོས་ཅིག་ཨིནམ་ལས་ དེ་གི་ཤུལ་ལས་ ཡེ་ཤུའི་ཆོས་ལུགས་འདི་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། དེ་ལས་ རང་ལུགས་ཀྱི་ཆོས་ལུགས་ཚུ་དང་གཅིག་ཁར་ ངོས་འཛིན་འབད་མི་ མི་ཉུང་སུ་ཅིག་དང་ ཡང་ན་ ཆོས་ལུགས་དང་འབྲེལ་བའི་ འབྲེལ་བ་མེདཔ་མི་ཡང་ཡོདཔ་ཨིན་པས། མུ་ས་ལིམ་སྦོམ་ཤོས་འདི་ ཅཱཌ་གི་བྱང་དང་ཤར་ཁ་ཐུག་ལུ་མཐོངམ་ཨིན། བརྒྱ་ཆ་ལས་འབད་བར་ཅིན་ཨིསི་ལམ་གྱི་ཆོས་ལུགས་ལུ་གཙོ་བོ་བསྟོན་མི་ ༥༢.༡% ཡོདཔ་ཨིན་མས།
སྐད་ཡིག་དང་ལམ་སྲོལ་གྱི་སྐོར།
ཅཱཌ་ལུ་ གཞུང་འབྲེལ་གྱི་སྐད་ཡིག་གཉིས་ ཕེརེནཆི་དང་དེང་སང་གནས་ཚད་ཨ་ར་བིག་ དེ་ལས་ སྐད་ཡིག་ ༡༢༠ ལྷགཔ་ཅིག་ཡོདཔ་ཨིན། ཕེརེནཆི་འདི་ ཁྲོམ་ཚོགས་ངོ་མ་ཚུ་ནང་ ཁྱབ་ཆེཝ་སྦེ་སླབ་དོ་ཡོདཔ་དང་ དེ་ཡང་ ཨེན་ཇ་མེ་ན་དང་ རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ལུ་ ཕོ་སྐྱེས་མང་ཤོས་ཅིག་གིས་ར་ སླབ་ཨིན། ཕ་རཱན་སིའི་སྐད་ཡིག་འདི་ གཞུང་དང་ཤེས་ཡོན་གཉིས་ཆ་རའི་སྐད་ཡིག་ཨིན། ཨ་ར་བིག་འདི་ རྒྱལ་ཁབ་ཀྱི་བྱང་ཕྱོགས་ལུ་ ཉིན་བསྟར་གྱི་བརྒྱུད་འབྲེལ་དང་ རེ་ཌིའོ་རྒྱང་བསྒྲགས་ཀྱི་ཐོག་ལས་ ལག་ལེན་འཐབ་སའི་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ལུ་ གཙོ་བོར་བསྟེནམ་ཨིན།
ཅཱཌ་འདི་ ལམ་སྲོལ་སྣ་ཚོགས་དང་ སྔོན་ལུགས་ཀྱི་ལམ་སྲོལ་ དེ་ལས་ དྲོད་ཤུགས་ཅན་གྱི་ མགྲོན་བསུ་ཚུ་ ཕྱུགཔོ་སྦེ་ཡོདཔ་ཨིན། རྒས་ཤོས་ཚུ་ལུ་གུས་ཞབས་འབད་ནི་འདི་ ཅཱཌ་ལམ་སྲོལ་གྱི་ གཞི་རྩའི་རྣམ་པ་ཅིག་ཨིནམ་དང་ ན་གཞོན་མི་རབས་ཚུ་གིས་ རྒས་ཤོས་ཚུ་ལུ་ ཁ་སླབ་ནི་དང་ བྱ་སྤྱོད་གཉིས་ཆ་རའི་ནང་ལུ་ ཕར་འགྱངས་འབད་ནི་གི་རེ་བ་ཡོདཔ་ཨིན། འཚམས་འདྲི་འདི་ ཆ་ཌི་ཡཱན་གྱི་ཐབས་ལམ་གྱི་ ཁག་ཆེ་བའི་ཆ་ཤས་ཅིག་ཨིནམ་དང་ དེ་ཡང་ ལགཔ་གིས་ མགུ་ཏོ་ དེ་ལས་ ཁ་སླབ་ཀྱི་འཚམས་འདྲི་ཚུ་ འབྲེལ་འཐབ་ཀྱི་ སྤྱིར་བཏང་གི་ རྣམ་པ་ཅིག་ཨིན། ལོ་གཅིག་གི་རིང་ལུ་ ཅཱཌ་གིས་ རྒྱལ་ཁབ་ཀྱི་ སྲོལ་ཁྱུན་དང་ལམ་སྲོལ་ཕྱུགཔོ་ཚུ་ སྟོན་མི་ ལམ་སྲོལ་གྱི་དུས་སྟོན་དང་ མཛད་སྒོ་མ་འདྲཝ་ཚུ་ བརྩི་སྲུང་འབདཝ་ཨིན། དུས་སྟོན་འདི་བཟུམ་གཅིག་འདི་ སཱ་ཧེལ་ལུང་ཕྱོགས་ནང་ལུ་ ཝོ་ཌབ་མི་ཚུ་གིས་ བརྩི་སྲུང་འབད་མི་ གེ་རེ་ཝོལ་དུས་སྟོན་འདི་ཨིན། དུས་སྟོན་འདི་ མཛེས་སྡུག་དང་ མཐུན་སྒྲིལ་གྱི་ དུས་སྟོན་ཅིག་ཨིནམ་དང་ དེ་ནང་ རང་ལུགས་ཀྱི་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ རྒྱས་བཤད་ཅན་གྱི་ གྱོན་ཆས་ཚུ་ བཀྲམ་སྟོན་འབདཝ་ཨིན་པས། གཞན་ཡང་ གལ་གནད་ཅན་གྱི་ལས་རིམ་འདི་ རྒྱལ་ས་ལྟེ་བ་ལུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་མི་ ཨེན་ཌི་ཇ་མི་ན་རྒྱལ་སྤྱིའི་ལམ་སྲོལ་དུས་སྟོན་འདི་ཨིན། དུས་སྟོན་འདི་གིས་ ཅཱཌ་དང་ དེ་ལས་ལྷག་སྟེ་ སྒྱུ་རྩལ་མཁས་མཆོག་དང་ སྙན་ཆ་བཏང་མི་ དེ་ལས་ ཞབས་ཁྲ་འཐེན་མི་ཚུ་ གཅིག་ཁར་བསྡུ་སྟེ་ སྙན་ཆ་དང་ཞབས་ཁྲ་ གློག་བརྙན་ཁང་ དེ་ལས་ པར་རིས་ཀྱི་སྒྱུ་རྩལ་ཚུ་གི་ཐོག་ལས་ ཆ་ཌི་ཡཱན་གྱི་ལམ་སྲོལ་མ་འདྲཝ་ཚུ་ སྟོན་དོ་ཡོདཔ་ཨིན།
དཔལ་འབྱོར།
ཅཱཌ་ལུ་ དཔལ་འབྱོར་ལམ་ལུགས་སླ་བསྲེ་སྟེ་ཡོདཔ་དང་ མི་རློབས་མང་ཤོས་ཅིག་ར་ འཚོ་བའི་གནས་སྟངས་སྐྱོ་དྲགས་སྦེ་ སོ་ནམ་དང་ སྒོ་ནོར་ཚུ་ལུ་ བརྟེན་ཏེ་ཡོདཔ་ཨིན་རུང་ སྒེར་སྡེ་གོང་འཕེལ་འདི་ ཕྱི་རྒྱལ་གྱི་མ་རྩ་ལུ་རག་ལསཔ་ཨིན་མས། ཅཱཌ་གི་དཔལ་འབྱོར་གྱི་ཐོན་ཤུགས་གཙོ་བོ་འདི་མར་ཁུ་དང་སོ་ནམ་ཨིན། མར་ཁུ་གིས་ ཕྱིར་ཚོང་གི་འོང་འབབ་བརྒྱ་ཆ་ ༦༠ དེ་ཅིག་ བྱིན་དོ་ཡོདཔ་དང་ ཀ་བལ་དང་ སྒོ་ནོར་ དེ་ལས་ གུམ་ཨ་ར་བིཀ་གིས་ ཅཱཌ་གི་ མར་ཁུ་མེན་པའི་ ཕྱིར་ཚོང་གི་ འོང་འབབ་མང་ཤོས་ཅིག་ བྱིན་དོ་ཡོདཔ་ཨིན་པས། ཞབས་ཏོག་ལས་སྡེ་གིས་ རྒྱལ་ཡོངས་ནང་འདྲེན་གྱི་ ཕན་འདེབས་འབད་མི་ གསུམ་དཔྱད་ ༡ ལས་ ཉུངམ་སྦེ་ ཕན་ཐོགས་ཡོདཔ་དང་ མང་ཤོས་ཅིག་ བརྒྱུད་འཕྲིན་དང་ དངུལ་ཁང་ཚུ་གི་ཐོག་ལས་ ཕྱི་རྒྱལ་གྱི་ མ་རྩ་གཞི་བཙུགས་འབད་ཡོདཔ་ཨིན་པས། ཅཱཌ་གིས་ མི་དམངས་དང་ སྒེར་སྡེ་ལས་སྡེ་མང་ཤོས་ཅིག་ཕྱི་རྒྱལ་གྱི་གྲོགས་རམ་དང་ ཕྱི་རྒྱལ་གྱི་ མ་རྩ་ཚུ་ལུ་ བརྟེན་དོ་ཡོདཔ་ཨིན་པས། ཅཱཌ་ལུ་ མ་རྩ་བཙུགས་ནི་འདི་ གཞི་རྟེན་མཐུན་རྐྱེན་ཚད་ཅིག་ལས་བརྒལ་མེད་མི་དང་ སྦྱོང་བརྡར་ཐོབ་མི་ ལས་མི་མེད་མི་ དེ་ལས་ གཞུང་གི་ཡིག་ཚང་རྒྱ་ཆེཝ་སྦེ་ཡོད་མི་ལུ་བརྟེན་ ལཱ་ཁག་གཏངམ་ཨིན་མས། དཔལ་འབྱོར་གྱི་མཐོང་ཚུལ་འདི་ ལེགས་ཤོམ་ཅིག་ཨིནམ་ལས་ སྤྱི་ལོ་༢༠༢༤ ལུ་ བརྒྱ་ཆ་ ༥.༢ དང་ སྤྱི་ལོ་ ༢༠༢༥ ལུ་ བརྒྱ་ཆ་ ༥.༣ ཡར་སེང་སོང་ཡོདཔ་དང་ དེ་ཡང་ མར་ཁུ་ལས་སྡེ་གིས་ བསྐུལ་མ་འབད་ཡོདཔ་ཨིན། སྤྱི་ལོ་༢༠༠༥ ལས་ ༢༠༢༣ ཚུན་ སོ་ནམ་གྱི་ལཱ་ནང་ རྒྱལ་ཡོངས་ནང་འདྲེན་གྱི་ བརྒྱ་ཆ་ ༥༠ དེ་ཅིག་ཡོདཔ་དང་ དེ་གི་ཤུལ་ལས་ ཞབས་ཏོག་དང་ བཟོ་གྲྭ་ཚུ་ཨིན་པས།
ཅཱཌ་གི་མངའ་སྡེའི་སྐོར།
ཨོན་ཇཱ་མི་ན་འདི་ ཅཱཌ་གི་རྒྱལ་ས་ལྟེ་བ་ སྦོམ་ཤོས་ཅིག་ཨིན་མས། ཁྲོམ་སྡེ་གིས་ ཅཱཌ་ལུ་ དཔལ་འབྱོར་གྱི་ལཱ་གི་ལྟེ་བ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་མས། དེ་ཡང་ ཀ་བལ་འཛུགས་སྐྱོང་འབད་མི་དང་ སྒོ་ནོར་གསོ་སྐྱོང་ དེ་ལས་ ཉ་བཟུང་སའི་ས་ཁོངས་ཚུ་གི་སྦུག་ལུ་ཡོདཔ་ལས་ ཁྲོམ་གྱི་ས་ཁོངས་ཁག་ཆེ་ཤོས་ཅིག་ཨིན་མས། རྒྱལ་ས་ལྟེ་བ་འདི་ནང་མི་འབོར་ ༧༢༡༠༨༡ ལྷགཔ་ཅིག་འདུག།
རྒྱབ་རྟེན།
Where is Chad in the World?. (2025-03-14). World Population Review.
Where is Chad in the World?
Ariana Cole, Kevin Newton. (2023). chad ethnic group overview. study.com.
https://study.com/academy/lesson/chad-ethnic-groups.html
https://www.anothertravel.com/africa/chad/culture/