Jump to content

ཆོ་ལོ་མ།

Wikipedia ལས།

༉ ཆོ་ལོ་མ་འདི་ ཨོ་མཱ (Omoa) དང་ པཱར་ཊོ་ ཀོརཊསེ (Puerto Cortés) དེ་ལས་ སཱན་པི་ཌོ་སུ་ལ་ (San Pedro Sula) དང་ ལ་ལི་མ (La Lima) ཁྲོམ་སྡེ་ཚུ་གི་ས་མཚམས་ལུ་ཡོད་པའི་ ས་ཆགས་ སུ་ལ་ ལུང་གཤོང་ནང་ལུ་ཆགས་ཏེ་ཡོདཔ་ཨིན་མས། བྱང་ཕྱོགས་ཧོན་ཌུ་རས་ནང་ཡོད་པའི་ ཆོ་ལོ་མ་འདི་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་གསུམ་པ་ཨིནམ་མ་ཚད་ ཁྲོམ་འདི་ ལྟེ་བ་དང་ལྷན་ཁག་ ལས་སྡེ་དང་ལས་ཁུངས་མ་འདྲཝ་ཚུ་ནང་ དབྱེ་སྟེ་ཡོདཔ་དང་ བཟོ་གྲྭ་དང་དཔལ་འབྱོར་གྱི་ལྟེ་བ་གལ་ཅན་ཅིག་ཡང་འབདཝ་ལས་ སྐྱེལ་འདྲེན་གྱི་ལྟེ་བ་དང་གྲུ་ཁ་ཚུ་ ཉེ་འདབས་ལུ་ཡོདཔ་ལས་ བཟོ་གྲྭ་འཕྲུལ་ཁང་ཚུ་ མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་ནི་ལུ་ ཕན་ཐོགས་བྱུང་སྟེ་ར་ཡོདཔ་ཨིན།

ཆོ་ལོ་མ་གི་བྱུང་རབས་འདི་ དུས་རབ་༡༦ པ་འགོ་བཙུགས་ཁམས་ཅིག་ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ ཧཱར་ནན་ ཀོརཊསེ (Hernán Cortés) གི་ལོ་རྒྱུས་ནང་ལུ་བཀོད་དེ་ཡོདཔ་ཨིན། འགོ་ཐོག་ལུ་ ཐོ་ལོ་མ་ཟེར་སླབ་སྲོལ་ཡོད་མི་འདི་ ཆོ་ལོ་མ་གཙང་ཆུ་གི་ཉེ་འདབས་ལུ་ཆགས་ཏེ་ཡོད་མི་ ས་གནས་ཀྱི་གཡུས་ཚན་ཅིག་ཨིན་མས། དེ་བཟུམ་སྦེ་ སྤྱི་ལོ་༡༨༩༤ ལུ་ སྲིད་འཛིན་ པི་ལི་ཀཱར་པོ་ བཱོ་ནི་ལ་ (Policarpo Bonilla) གི་བདག་སྐྱོང་སྐབས་ ཨི་ཨའི་ པི་རའི་སོ་ (El Paraíso) ཟེར་བའི་མིང་ཐོག་ལས་ ཁྲོམ་སྡེ་ཅིག་སྦེ་ ངོས་འཛིན་འབད་ནུག། ཁྲོམ་འདི་ དུས་རབས་ ༡༩ པ་དང་ ༢༠ པ་འགོ་བཙུགས་ཁམས་ཅིག་ཁར་ དམིགས་བསལ་གྱི་ ངང་ལག་གི་ལྡུམ་རྭ་གཞི་བཙུགས་འབད་མི་དང་ ཤུལ་ལས་ གེ་ཟ་གི་ལོ་ཐོག་ལུ་བརྟེན་ འཚོ་བའི་གནས་སྟངས་འདི་ སྔར་བ་དྲགཔ་སྦེ་ཡར་རྒྱས་འགྱོ་ནུག། ཨིན་རུང་ ཆུ་རུད་དང་ སྔོ་ཤིང་གི་ནད་འབུབ་ལས་བརྟེན་ སྒོ་ནོར་གསོ་སྐྱོང་དང་ ཤིང་འབྲས་སྐྱུར་པོའི་རིགས་དང་ གཞི་རྟེན་འབྲུ་སྣ་ཚུ་ འཛུགས་སྐྱོང་འབད་ནི་ལུ་ བསྒྱུར་བཅོས་འབད་དགོཔ་ཐོན་ནུག།[༡]

མི་རློབས་ཀྱི་ཐད་ཁར་ སྤྱི་ལོ་༢༠༢༣ ཚུན་ ཆོ་ལོ་མ་ལུ་ མི་རློབས་ས་ཡ་ ༢༩༦༩༥༢ དེ་ཅིག་ཡོདཔ་དང་ དེ་ནང་ལས་ མི་རློབས་ས་ཡ་ ༢༤༨༡༣༨ དེ་ཅིག་ ཁྲོམ་ཚོགས་ནང་ ཡོདཔ་ལས་ ཧོན་ཌུ་རས་ནང་ མི་རློབས་མང་ཤོས་ཡོད་པའི་ ཁྲོམ་སྡེ་གསུམ་པ་ནང་ཚུདཔ་ཨིན་མས། ཆོ་ལོ་མའི་ལམ་སྲོལ་གྱི་ས་ཆ་འདི་ ས་གནས་ཀྱི་སྲོལ་རྒྱུན་དང་ དེང་སང་གི་འགྲོ་ལུགས་ཚུ་དང་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། རང་བཞིན་གྱི་མཐོང་སྣང་ཚུ་གི་གྲས་ལས་ གལ་ཆེ་ཤོས་ཅིག་འདི་ ཏི་ཀ་མ་ཡ་མཚོ་འདི་ཨིནམ་དང་ དེ་གིས་ མི་སེར་དང་ ལྟ་བཤལཔ་ཚུ་ལུ་ སྤྲོ་སྣང་ཅན་གྱི་མཐོང་སྣང་ཚུ་ སྟོན་ནི་གི་གོ་སྐབས་བྱིནམ་ཨིན་མས། དེ་ལས་ རྩེད་རིགས་ཚུ་གི་གྲས་ལས་ རྐང་རྩེད་འདི་གིས་ མི་སྡེ་གཅིག་སྒྲིལ་དང་གཅིག་མཐུན་བཟོ་ནི་ལུ་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིནམ་དང་ ས་གནས་ཀྱི་སྡེ་ཚན་ ཨེ་ཐེ་ལེ་ཊི་ཀོ་ ཆོ་ལོ་མ་ (Atlético Choloma) བཟུམ་ཚུ་གིས་ རྒྱལ་ཡོངས་རྩེད་འགྲན་ནང་ལུ་ བཅའ་མར་གཏོགས་དོ་ཡོདཔ་ཨིན་མས།[༢]

ཆོ་ལོ་མ་འདི་ ཧོན་ཌུ་རས་ལུ་ བཟོ་གྲྭའི་ལྟེ་བ་ཁག་ཆེ་ཤོས་ཅིག་ཨིནམ་མ་ཚད་ ཁྲོམ་ཚོགས་འདི་ནང་ལུ་ དམིགས་བསལ་གྱིས་ གོ་ལ་དང་གྱོན་ཆས་ལས་སྡེ་ཚུ་ནང་ ཁྲལ་མེད་པའི་ས་ཁོངས་ མེ་ཀུའི་ལི་ཌོ་རཱས (maquiladoras) ཟེར་མི་ནང་ལཱ་འབད་མི་ བཟོ་གྲྭ་ཁང་ལེ་ཤ་ཅིག་ཡང་ཡོདཔ་ཨིན་མས། ས་ཁོངས་འདི་ཚུ་གིས་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ལས་སྡེ་གཉིས་ཆ་ར་ལུ་ སེམས་ཤུགས་བྱིན་ཏེ་ ཁྲོམ་སྡེ་གི་ཐབས་བྱུས་ཅན་གྱི་ས་གནས་དང་ ལཱ་གཡོག་གི་གོ་སྐབས་བྱིན་ནི་ལུ་ ཕན་ཐོགས་བྱུང་ནུག། བཟོ་གྲྭ་འཕྲུལ་ཁང་ཡར་འཕར་འགྱོ་མི་དེ་གིས་ ཁྲོམ་སྡེའི་དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་སྦེ་ར་བྱུང་ཡོདཔ་མ་ཚད་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ སེམས་ཤུགས་བྱིན་ཏེ་ཡོདཔ་ཨིན་པས།

དེ་མ་ཚད་ འདས་པའི་ལོ་ཚུ་ནང་ ཆོ་ལོ་མ་གིས་ བཟོ་གྲྭའི་གཞི་རྟེན་རྒྱ་སྐྱེད་འབད་དེ་ ཕྱི་རྒྱལ་གྱི་ མ་རྩ་བཙུགས་མི་ཚུ་འོང་བཅུག་སྟེ་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་བཏང་ཡོདཔ་ཨིན་པས། ཨིན་རུང་ བཟོ་གྲྭའི་ལས་སྣ་ཚུ་ལུ་བརྟེན་ མཐའ་འཁོར་གནས་སྟངས་ཀྱི་ ཚ་གྱང་དང་ མི་རློབས་ཡར་སེང་འགྱོ་མི་ལུ་ གཞི་བཞག་སྟེ་ ཡུན་བརྟན་གྱི་ ཁྲོམ་སྡེ་འཆར་གཞི་བཟོ་དགོཔ་ཚུ་བརྩིས་ཏེ་ གདོང་ལེན་ཚུ་ འཐོན་དོ་ཡོདཔ་ཨིན་པས། དེ་དང་གཅིག་ཁར་ མི་མང་ཞབས་ཏོག་ཡར་དྲག་གཏང་ནི་དང་ གོང་འཕེལ་འདྲ་མཉམ་བཟོ་ནི་ལུ་ གཙོ་བོར་བཏོན་ཐོག་ལས་ གནད་དོན་དེ་ཚུ་ སེལ་ཐབས་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན། དེ་མ་ཚད་ བྱང་ཕྱོགས་ཧོན་ཌུ་རས་ནང་ཡོད་པའི་ ཆོ་ལོ་མ་འདི་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་གསུམ་པ་ཨིནམ་མ་ཚད་ ཁྲོམ་འདི་ བཟོ་གྲྭ་དང་དཔལ་འབྱོར་གྱི་ལྟེ་བ་རྩ་ཅན་ཅིག་ཡང་ཨིན་པས། [༣]

རྒྱབ་རྟེན་ཐོ།

  1. ↑ ༡) ཌོ་ཟོན་ དང་ ཨེལ་ཨི་ དེ་ལས་ མཱེཊ་སོན་དང་ ཨར་ཨེཆ (གནམ་ལོ་མེད ༡༩༨༩) ཧོན་ཌུ་རས་གི་སྔོ་ཤིང་སྣ་མང་དང་ ལག་ལེན་འཐབ་ཐངས་གི་ཞིབ་འཇུག་དུས་དེབ ༣༩-༤༩།
  2. ↑ ༢) ཧོཔ་པི་ ཌི་ (གནམ་ལོ་མེད ༢༠༡༠) ལྟ་བཤལ་གོང་འཕེལ་ལྟ་རྟོག། ཧོན་ཌུ་རས་ནང་ཡོད་པའི་ པཱོརཊོ་ ཀོར་ཊོསི་གི་གནས་སྟངས།
  3. ↑ ༣) ཨེལ་ཝིར་ ཨར་ཨེ་ཌི་ (གནམ་ལོ་མེད ༢༠༠༨) ཧོན་ཌུ་རས་ཀྱི་ས་ཁོངས་ ཆོ་ལོ་མ་དང་ ཝི་ལ་ནི་ཝ་གི་གནས་སྟངས་དུས་དེབ ༣ ཤོག་གྲངས ༤༠-༤༧།
"https://dz.wikipedia.org/w/index.php?title=ཆོ་ལོ་མ།&oldid=39058" ལས་ སླར་འདྲེན་འབད་ཡོདཔ།