Jump to content

ཇི་བྷུ་ཊི།

Wikipedia ལས།

ངོ་སྤྲོད།

སྤྱིར་འཇམ་གླིང་ནང་ལུ་ མི་གི་རིགས་དང་བསྟུན་པའི་ རྒྱལ་ཁབ་ཚུ་ཡང་ སོ་སོ་སྦེ་ངོས་འཛིན་འབད་དེ་ཡོདཔ་ཨིན། འདི་ཡང་ རྒྱལ་ཁབ་དེ་ནང་ཡོད་པའི་ མི་ཚུ་གིས་ ཕྱིའི་སྤྱོད་ལམ་དང་ནང་གི་མནོ་བསམ་བཏང་ཐངས་ཚུ་ འདྲ་སུ་ཅིག་སྦེ་འོངམ་ཨིན། མི་རིགས་ལུ་བརྟེན་ རྒྱལ་ཁབ་ཡང་ མི་གི་ཤ་གི་ཚོས་གཞི་དང་འཁྲིལ་ རྒྱལ་ཁབ་ལུ་མིང་བཏགསཔ་ཨིན། གཞན་ཡང་ རྒྱལ་ཁབ་ཚུ་གི་མིང་ རྒྱལ་ཁབ་རང་ར་སོ་སོའི་ རྒྱལ་རབས་ཅན་གྱི་ལོ་རྒྱུས་དང་ ཆགས་ཚུལ་ཚུ་ལས་བརྟེན་ མིང་བཏགསཔ་ཨིན། ལྷག་པར་དུ་ རྒྱལ་ཁབ་རང་ར་སོ་སོའི་ སྐད་ཡིག་དང་ལམ་སྲོལ་ཚུ་ལས་ རྒྱལ་ཁབ་གཞན་དང་མ་འདྲཝ་སྦེ་འགྱོཝ་ཨིན། དེ་འབདཝ་ལས་ འཛམ་གླིང་ནང་རྒྱལ་ཁབ་ཆེ་ཆུང་ལེ་ཤ་ཡོད་པའི་ནང་ ཇི་བྷུ་ཊི་རྒྱལ་ཁབ་ཀྱི་སའི་རྒྱ་ཚད་དང་ཆགས་ཚུལ་དང་འབྲེལ་བའི་ལོ་རྒྱུས། དེ་ལས་མི་རློབས་ཀྱི་གྱངས་དང་ མི་རིགས་ཀྱི་སྐོར་ལས་གཤམ་གསལ་ལས་མར་བཀོད་དེ་ཡོདཔ་ཨིན།

ཆགས་རབས།

ཇི་བྷུ་ཊི་རྒྱལ་ཁབ་འདི་ ཨཕ་རི་ཀའི་(Africa) ས་མཚམས་ལས་ རེཊ་སི་(Red Sea) གི་ལྷོ་ཕྱོགས་འཛུལ་སྒོ་ཚུན་ ཆགས་ཡོདཔ་ཨིན། བྱང་ཕྱོགས་ལུ་ ཨེ་རི་ཊི་རི་ཡ་(Eritrea)་དང་ ནུབ་དང་ལྷོ་ཕྱོགས་ལུ་ ཨི་ཐོ་པི་ཡ་(Ethiopia) དེ་ལས་ ཤར་ལྷོ་ལུ་ སོ་མཱ་ལི་ཡ་(Somalia) གི་ས་མཚམས་ནང་ཡོདཔ་ཨིན། གཞན་ཡང་ རེཊ་སི་(Red Sea) དང་གྷོལཕ་ཨེ་ཌེན་(Gulf of Aden) གི་ ས་མཚམས་ལྷག་ལུས་ཚུ་ནང་ཚུདཔ་ཨིན། ཇི་བྷུ་ཊི་རྒྱལ་ཁབ་འདི་ཆུང་ཀུ་ཅིག་ཨིནམ་ལས་ སའི་རྒྱ་ཚད་འབད་བ་ཅིན་ ཀི་ལོ་མི་ཊར་གྲུ་བཞི་ ༢༣༢༠༠ ཡོདཔ་ཨིན། རྒྱལ་ཁབ་འདི་ ལ་ཐང་དང་རི་ཐང་ཡོད་པའི་བྱེ་ཐང་ཅིག་ནང་ ཆགས་ཏེ་ཡོདཔ་ཨིན་པས། རྒྱལ་ཁབ་འདི་ ཡུ་རོབ་དང་ ཤར་དབུས་མཐུན་འབྲེལ་འབད་སའི་ ས་གནས ཁག་ཆེ་ཤོས་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་སྣ་ལྟེ་བ་འདི་ ས་ཐོག་ལུ་མེད་པའི་ཁྱིམ་ཚང་ཨི་ཐོ་པི་ཡ་(Ethiopia) རྩིས་ཏེ་ གྲུའི་ཞབས་ཏོག་དང་བསྐྱེལ་འདྲེན་བྱིན་ནི་ལུ་ གཙོ་བོར་བཏོནམ་ཨིན་མས།

ཇི་བྷུ་ཊི་རྒྱལ་ཁབ་འདི་ སྤྱི་ལོ་༡༩༧༧ སྤྱི་ཟླ་༦ པའི་ཚེས་༢༧ ལུ་ ཕྲནས་(France) གི་རྒྱལ་ཁབ་ལས་ རང་དབང་ཐོབ་ཡོདཔ་ཨིན་པས། མ་གཞི་ རྒྱལ་ཁབ་འདི་ནང་ གཞུང་འབྲེལ་གྱི་སྐད་ཡིག་འདི་ ཕྲནས་ཁ་སྐད་དང་ཨ་ར་བིཀ་ (Arabic) གི་སྐད་ཡིག་གཉིས་ ལག་ལེན་འཐབ་སྲོལ་ཡོད་རུང་ ཁྱབ་ཆེཝ་སྦེ་ལག་ལེན་འཐབ་མི་འདི་ སོ་མཱ་ལི་ཡ་(Somalia) གི་ཁ་སྐད་འདི་ཨིན་མས། ཇི་བྷུ་ཊི་རྒྱལ་ཁབ་ལུ་ མངའ་སྡེ་དྲུག་ཡོདཔ་ཨིན་པས། མངའ་སྡེ་དྲུགཔ་དེ་ཡང་ ༡) ཨ་ལི་ས་བི་ཡ།(Ali-Sabieh) ༢) ཨར་ཏ།(Arta) ༣) དི་ཁིལ།(Dikhil) ༤) ཇི་བྷོ་ཊི་ཁྲོམ་སྡེ།(Djibouti City) ༥) ཨོ་བོག།(Obock) ༦) ཏ་ཇོ་རཱ།(Tadjourah) ཚུ་ཨིན་མས།

རྒྱལ་ས་ལྟེ་བ་ ཇི་བྷུ་ཊི།

རྒྱལ་ཁབ་གྱི་རྒྱལ་ས་ལྟེ་བ་འདི ཇི་བྷུ་ཊི་ཁྲོམ་སྡེ་(Djibouti City) འདི་ཨིན། རྒྱལ་ཁབ་འདི་ནང་མི་རློབས་༡༡,༥༣༠,༠༠༠ ཡོད་ས་ལས་ རྒྱལ་ས་འདི་ནང་ མི་རློབས་༧༨༠,༠༠༠ ལྷག་ཙམ་ཅིག་ སྡོད་དོ་ཡོདཔ་ཨིན་པས། རྒྱལ་ས་འདི་ནང་ གཞུང་འབྲེལ་གྱི་ཕྱག་ལཱ་དང་ སྲིད་དང་འབྲེལ་བའི་ལཱ་འབད་སའི་ ས་ཁོངས་ཅིག་ཨིནམ་དང་ དཔལ་འབྱོར་གྱི་ཡར་དྲག་གི་ལྟེ་བ་ གཙོ་ཅན་ཅིག་ཨིན་པས།

གླིང་ག་དང་ལྟ་བཤལ།

ཇི་བྷུ་ཊི་རྒྱལ་ཁབ་ཀྱི་ས་ཆའི་གནས་སྟངས་འདི་ གནམ་མེད་ས་མེད་ རྩུབ་དྲགས་ཡོད་རུང་ སྔོ་ཤིང་དང་སྲོག་ཆགས་ཚུ་ མང་སུ་སྦེ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱི་བྱང་ཕྱོགས་ལུ་ ཧེ་མ་ལས་ཡོད་པའི་ ཌེ་ཕོ་རེསཏ་རྒྱལ་ཡོངས་གླིང་ག་(Day Forest National Park) ནང་ ཤིང་རིགས་མ་འདྲཝ་ ཇུ་ཇུ་བི་(jujube)  ཨོ་ལིབ་(olive)  ཇུ་ནི་པར་(juniper)  དེ་ལས་ མོ་མོ་ས་(momosa) ཚུ་ མཐོངམ་ཨིན་པས། ཏཱད་ཇོའུ་ར་མཚོ་ཁུག་(Gulf of Tadjoura) གི་ལྷོ་དང་ལྷོ་ནུབ་ཁ་ཐུག་ལུ་ སྔོ་ཤིང་ཚུ་ ཨཕ་རི་ཀའི་(Africa) ས་གནས་གཞན་ཚུ་ནང་མཐོང་མི་ སྔོ་ཤིང་ཚུ་དང་ ཅོག་འཐདཔ་སྦེ་ཡོདཔ་ད་ དེ་ནང་མེ་ཏོག་ཤིང་དང་ ཌོམ་ཤིང་(doum palm tree) ཚུ་ཡང་ ཡོདཔ་ཨིན་པས།

སྲོག་ཆགས་ཀྱི་རིགས་ཚུ་གི་གྲལ་ལས་ བྱ་གི་རིགས་མ་འདྲཝ་ལེ་ཤ་ཡོདཔ་ཨིན་པས། དེ་ལས་ མཐོང་སྣང་ཆེ་ཤོས་འདི་ ཇི་བྷུ་ཊི་གི་མཚོའི་མཐའ་མར་དང་ མཚོའི་བྱེ་ཐང་བདའ་སྟེ་ མཚོ་ཡི་སྲོག་ཆགས་མ་འདྲཝ་ ལེ་ཤ་སྦེ་ཡོད་ནི་དེ་གིས་ རྒྱལ་ཁབ་འདི་ནང་ རྒྱལ་སྤྱིའི་ཆུ་རྩེདཔོ་ཚོགས་པ་ཚུ་གི་དོན་ལུ་ དམིགས་གསལ་གྱི་སྤྲོ་བ་ བསྐྱེད་སའི་ས་སྒོ་ཅིག་སྦེ་ བཟོ་སྟེ་ཡོདཔ་ཨིན།

གྱོན་ཆས།

རྒྱལ་ཁབ་འདི་ནང་ ཚོས་གཞི་སྣ་མང་དང་ལྡན་པའི་ བགོ་ལ་ཚུ་ ཕུ་ཊ་(Futa) ཟེར་མི་ སཱ་རོང་ལཱཡིག་(saronglike) གི་བགོ་ལ་བཟོ་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན་པས། གྱོན་ཆས་ཚུ་ རྒྱལ་ས་ལྟེ་བའི་ ཚོས་གཞི་ཅན་གྱི་ཚོང་ཁང་ལྟེ་བ་དང་རྒྱལ་སྤྱི་ནང་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་པས།

བཞེས་སྒོ།

རྒྱལ་ཁབ་འདི་ནང་ ཟ་འཐུང་གི་རིགས་ཚུ་ ཨཕ་རི་ཀཱན་དང་ཕྲེནཅ་(African དང་ French) གི་ཤན་ཞུགས་ཏེ་ཡོདཔ་ལས་ཁོང་ལས་རྟ་དྲངས་ཏེ་ ལུག་གི་ཤ་མེ་བཏང་བཏངམ། ཨོམ་དང་མར་དེ་ལས་ གོན་གྱི་ཧོ་སྒྱེ་ལ་སོགས་པ་དང་ བཅུད་ཅན་གྱི་ཆུ་དང་ ཤིང་འབྲས་ཀྱི་ཁུ་བ་ཚུ་དང་གཅིག་ཁར་ བཞེས་སྒོ་ཟཝ་ཨིན་པས། ཇི་བྷུ་ཊི་ཁྲོམ་འདི་ནང་ ཐབ་ལག་ལེན་འཐབ་སྟེ་ ཉའི་བཞེས་སྒོ་སྤུད་ཚད་ཆེ་དྲག་སྦེ་བཟོ་ཡོད་མི་ ཡོངས་གྲགས་ཡོད་ནི་དེ་གིས་ རྒྱལ་ས་ལྟེ་བ་འདི་ནང་ལུ་ སྤུས་ཚད་ཅན་གྱི་ཝི་ཨེཏ་ནམ་མིས་(Vietnamese) དང་རྒྱ་ནག་(china) དེ་ལས་ ལེ་བ་ནིས་(Lebanese) གྱི་ཟ་ཁང་ལེ་ཤ་ཅིག་ཡོདཔ་ལས་ བཞེས་སྒོ་མ་འདྲཝ་ཟ་ནི་ལུ་ དང་འདོད་ཡོད་མི་ཚུ་གི་རྒྱལ་ཁབ་འདི་ནང་ འོང་དོ་ཡོདཔ་ཨིན་པས།

ཆོས་ལུགས།

མུས་ལིམ་གྱི་དུས་སྟོན་དང་ངལ་གསོ་ ཨིད་ཨཱལ་ཕི་ཏིར་(ʿĪd al-Fiṭr) ཟེར་མི་ ར་མ་དཱན་(Ramadan) མཇུག་བསྡུ་བའི་དུས་སྟོན་དང་ ཨིད་ཨཱལ་ཨ་དཱ་(ʿĪd al-Aḍḥā) ཟེར་མི་ ཧཇ་(hajj) གི་མཇུག་བསྡུ་བའི་དུས་སྟོན་ཚུ་ ཇི་བྷུ་ཊི་ནང་ཡོད་པའི་མུས་ལིམ་གྱི་མི་རློབས་མང་ཤོས་ཅིག་གིས་ བརྩི་སྲུང་འབད་དོ་ཡོདཔ་ཨིན། དེ་དང་གཅིག་ཁར་ རྒྱལ་ཁབ་ནང་ལུ་ ངལ་གསོ་གཙོ་ཅན་ཅིག་སྦེ་རྩིས་བསྲུང་འབད་མི་འདི་ སྤྱི་ཟླ་༦ པའི་སྤྱི་ཚེས་༢༧ ལུ་ རྒྱལ་ཁབ་རང་དབང་འཐོབ་པའི་ཉིནམ་འདི་ཨིན་མས།

སྒྱུ་རྩལ་དང་རྩོམ་རིག།

རྩོམ་རིག་ལུ་ སྤྲོ་བ་ཡོད་མི་སློབ་ཕྲུག་ཚུ་གི་གྲས་ལས་ ཇི་བྷུ་ཊི་རྒྱལ་ཁབ་ནང་ ལོ་ངོ་དག་པ་ཅིག་གི་རིང་ལུ་སྡོད་མི་ ཕྲནས་གི་སྙན་ངག་མཁསཔ་(French poet)  ཨར་ཐར་རིམ་བཱའུཌ་(Arthur Rimbaud) གི་ དཔེ་མཛོད་ཁང་དང་ འགྲེམས་སྟོན་ཁང་ཅིག་ཡོད་མི་འདི་ ཡོངས་གྲགས་ཅན་ཅིག་ཨིན་པས།

ཨར་ཐར་རིམ་བཱའུཌ་(Arthur Rimbaud)གིས་ ཁོ་རའི་རྩོམ་རིགས་ཚུ་ དཔེ་མཛོད་དང་འགྲེམས་སྟོན་ཁང་ ཆུང་ཀུ་ཅིག་ཡོད་པའི་ ལམ་སྲོལ་ལྟེ་བ་ཅིག་སྦེ་བཟོ་ཡོདཔ་དང་ དེ་ནང་ལུ་ ལོ་བསྟར་སྙན་ཆའི་དུས་སྟོན་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། དུས་སྟོན་འདི་ནང་ལུ་ རྒྱལ་ཁབ་ནང་འཁོད་ལས་ འཁྲབ་རྩེདཔ་ཚུ་འོང་དོ་ཡོདཔ་ད་ འཁྲབ་རྩེདཔ་ཚུ་གི་སྒྲ་བཟུང་འདི་ རྒྱལ་སྤྱའི་ལྟདམོ་ལྟ་མི་ཚུ་གི་ནང་འཁོད་ ཡོངས་གྲགས་འཐོན་ཏེ་ཡོདཔ་ཨིན་པས། ཡོངས་གྲགས་ཅན་གྱི་ འཁྲབ་སྟོན་པ་ཚུ་ཡང་ སའུ་ཀའུས་བའིབ་རེ་ཤཱན་བེནད་(Soukouss Vibration Band) དང་ དིང་ཀ་ར་(Dinkara) དེ་ལས་ ཨེ་ཌ་རུས་(Aidarous) དང་ པེ་རི་རོ་བརཊ་(Père Robert) དེ་ལས་ པེ་སེན་ཇར་(Passengers) ཚུ་ཨིན། གཞུང་གིས་ རང་ལུགས་ལམ་སྲོལ་དང་ཞབས་ཁྲ་ཚུ་ཉམས་སྲུང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་ཚུ་དང་ ལས་སྡེ་ལེ་ཤ་ཅིག་ལུ་ མ་དངུལ་གྱི་རྒྱབ་སྐྱོར་ཚུ་ཡང་འབད་དོ་ཡོདཔ་ཨིན་པས།

མཇུག་དོན།

ཇི་བྷུ་ཊི་འདི་ ཨཕ་རི་ཀའི་ས་མཚམས་ནང་ཡོད་མི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ ཐབས་བྱུས་གལ་ཅན་ཅིག་ཨིན་པའི་རྒྱལ་ཁབ་ཅིག་ཨིནམ་ དང་ རེཊ་སི་(Red Sea) གི་མཐའམ་བདའ་སྟེ་ མཚོ་འགྲམ་གྱི་ས་གནས་ནང་ཆགས་ཡོདཔ་ལས རྒྱལ་སྤྱའི་ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅན་སྦེ་ ཡོངས་གྲགས་ཡོདཔ་ཨིན། དེ་གི་རྒྱལ་ས་ལྟེ་བ་ ཇི་བྷུ་ཊི་ཁྲོམ་ཚོགས་འདི་ སྲིད་དོན་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་ཅིག་སྦེ་ཕྱག་ཞུ་དོ་ཡོདཔ་ད་ དེ་ནང་ དེང་སང་གི་གཞི་རྟེན་དང་ རང་ལུགས་ཀྱི་ཚོང་འབྲེལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ལམ་སྲོལ་འདི་ སོ་མཱ་ལི་(somali) ཨ་ཕར་(afr) ཨ་རབ་(arab) དང་ ཕྲེནཅ་(French) གི་སྲོལ་རྒྱུན་ཚུ་གིས་ ཤན་ཞུགས་འབད་དེ་ཡོདཔ་ལས་ སྐད་ཡིག་དང་ བཞེས་སྒོ་ དེ་ལས་ ལམ་སྲོལ་ཚུ་ཡང་འདྲ་སུ་ཅིག་སྦེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་མི་སེར་གྱི་འཚོ་བ་འདི་ ཚོང་འབྲེལ་དང་ གྲུའི་སྐྱེལ་འདྲེན་ དེ་ལས་ རྔ་མོང་ཚུ་གིས་ ཉིན་བསྟར་གྱི་མི་ཚེ་ནང་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ གནས་སྤོ་སྟེ་སྡོད་མི་ ཕྱུགས་རྫིཔ་གི་ལམ་སྲོལ་ཚུ་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ་ཨིན་པས། ལྷག་པར་དུ་ དཔལ་འབྱོར་གྱི་གདོང་ལེན་ཡོད་རུང་ མི་སེར་ཚུ་གིས་ མི་སྡེའི་མཐུན་ལམ་སྒྲིང་སྒྲི་སྦེ་བཞག་སྟེ་ཡོདཔ་ད་ དེ་ཡང་ སྙན་ཆ་དང་སྙན་རྩོམ་ དེ་ལས་ རང་ལུགས་ཀྱི་ཞབས་ཁྲ་ཚུ་ ཁོང་རའི་ངོ་རྟགས་ནང་ལུ་ གལ་ཆེ་ཤོས་ཅིག་འབད་རྩིས་ཏེ་ རྩིས་མཐོང་དང་ཉམས་བསྲུང་འབད་མི་ལུ་བརྟེན་ཏེ་ཨིན་པས།[]

  1. https://shorturl.at/U2eyC
"https://dz.wikipedia.org/w/index.php?title=ཇི་བྷུ་ཊི།&oldid=38484" ལས་ སླར་འདྲེན་འབད་ཡོདཔ།