ཊུ་བྷ་ལུ། Tuvalu
ངོ་སྤྲོད།

ཊུ་བྷ་ལུ་འདི་ ལྷོ་ཕྱོགས་པེ་སི་ཕིཀ་རྒྱ་མཚོ་ནང་ ཨསི་ཊེ་ལི་ཡ་དང་ཧཱ་ཝའི་རྒྱལ་ཁབ་གི་ བར་ན་་ཆགས་ཡོད་པའི་ མཚོ་གླིང་ཆུང་ཀུ་གི་རྒྱལ་ཁབ་ཅིག་ཨིན། འདི་ལུ་ མཚོ་གླིང་དགུ་དང་ མཚོ་བྱག་གསུམ་ དེ་ལས་ མཚོ་མཐའ་དྲུག་ཡོདཔ་ཨིན། ས་ཆ་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༢༦ དེ་ཅིག་ཡོདཔ་ལས་ རྒྱལ་ཁབ་འདི་ འཛམ་གླིང་ནང་ལུ་ རྒྱལ་ཁབ་ཆུང་ཤོས་ཨང་བཞི་པ་ཨིན་པས།
རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

ཊུ་བྷ་ལུ་གི་རྒྱལ་ས་ལྟེ་བ་འདི་ ཕུ་ན་ཕུ་ཊི་ཨིནམ་དང་ དེ་ཡང་གནམ་མེད་ས་མེད་མི་རློབས་སྦོམ་ཡོདཔ་དང་ མཚོ་མཐའ་གོང་འཕེལ་འགྱོ་ཡོད་པའི་ས་ཁོངས་ཅིག་ཨིན་པས། འདི་གིས་ རྒྱལ་ཡོངས་གནམ་གྲུ་ཐང་དང་ གཞུང་གི་སྒྲིང་ཁྱིམ་ དེ་ལས་ གཞི་རྟེན་མཁོ་ཆས་ཚུ་ཡོད་པའི་ ས་ཁོངས་ཅིག་ཨིན་པས། མཚོ་གླིང་གཞན་ མི་སྡོད་ས་ཡོད་མི་ཚུ་ཡང་ ནེ་ནུ་མི་ཡ། ནུའི། ཝའི་ཊུ་པུ་ཚུ་ཨིནམ་དང་ འདི་རེ་རེ་ནང་ གཡུས་ཚན་ཆུང་ཀུ་དང་ གཡུས་ཁའི་ལུགས་སྲོལ་ཚུ་ཡོདཔ་ཨིན་པས།
མི་རློབས།
སྤྱི་ལོ་ ༢༠༢༥ ཚུན་ ཊུ་བྷ་ལུ་གི་ མི་རློབས་ཧ་ལམ་ ༡༡,༠༠༠ དེ་ཅིག་ཡོདཔ་ཨིན་པས། ཕུ་ན་ཕུ་ཊི་ལུ་ གཞོནམ་དང་ མི་རློབས་མང་སུ་ཅིག་ཡོད་མི་འདི་ཡང་ ས་ཆ་ཉུང་སུ་ཅིག་དང་ མཚོ་གླིང་གཞན་ཚུ་ནང་ གོ་སྐབས་ཚུ་ ལེ་ཤ་མེད་ནི་འདི་གིས་ཨིན་མས། དམིགས་བསལ་གྱིས་ ནིའུ་ཛི་ལེནཌ་དང་ ཨཱས་ཊེ་ལི་ཡ་ལུ་ གཞིས་སྤོ་འགྱོ་མི་འདི་གིས་ མི་རློབས་ཡར་འཕར་དང་ མི་རློབས་ཀྱི་གྱངས་ཁ་ལུ་གནོད་དེ་ཡོདཔ་ཨིན་པས།
མི་རིགས།
མི་རློབས་འདི་ གཙོ་བོ་ར་པོ་ལི་ནི་ཤེན་གྱི་རིགས་རྒྱུད་དང་ མའི་ཀོརོ་ནི་ཤེན་གྱི་རིགས་རྒྱུད་ཀྱི་ གྱངས་ཁ་ཆུང་སུ་ཅིག་ཡོད། རྒྱལ་ཁབ་འདི་ནང་ མི་རིགས་གཅིག་མཚུངས་དང་ རང་སོའི་སྡེ་ཚན་ལུ་གཞི་བཞག་མི་ཅིག་ཨིནམ་ལས་ བཟའ་ཚང་དང་རིགས་རྒྱུད་ཀྱི་རིམ་སྒྲིག་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།
ཁ་སྐད།
གཞུང་འབྲེལ་གྱི་ཁ་སྐད་འདི་ ཊུ་བྷ་ལུ་དང་ཨིང་ལིཤ་གཉིས་ཨིན་པས། ཊུ་བྷ་ལུ་འདི་ མཚོ་གླིང་ག་ར་ནང་ རྒྱ་ཆེ་དྲགས་སྦེ་སླབ་པའི་ པོ་ལི་ནི་སི་ཡཱན་གྱི་ཁ་སྐད་ཅིག་ཨིནམ་དང་ ཨིང་ལིཤ་འདི་ ཤེས་ཡོན་དང་ བདག་སྐྱོང་ དེ་ལས་ ཁྲིམས་འབྲེལ་གྱི་ནང་ལུ་ ལག་ལེན་འཐབ་ཨིན་པས། གཡུས་ཁའི་ཁ་སྐད་ཚུ་མཚོ་གླིང་སོ་སོ་ནང་སླབ་ཨིན།
རྒྱལ་རབས་དང་ཆོས་ལུགས།
ཊུ་བྷ་ལུ་འདི་ ལོ་ངོ་སྟོང་ཕྲག་གི་ཧེ་མ་པོ་ལི་ནེ་ཤིཡནསི་ཚུ་གིས་ གཞི་བཙུགས་འབད་ནུག། རྒྱལ་ཁབ་འདི་ དུས་རབས་ ༡༩ པའི་ཕྱི་མཚམས་ལུ་ བིརི་ཊིཤ་སྲུང་སྐྱོབ་ས་ཁོངས་ལུ་ གྱུར་ཡོདཔ་དང་ གིལ་བརཊ་ དང་ ཨི་ལིསི་མཚོ་གླིང་གི་ གྲངས་སུ་བཙུགས་ཡོདཔ་ཨིན་པས། ཊུ་བྷ་ལུ་གིས་ སྤྱི་ལོ་ ༡༩༧༨ ལུ་རང་དབང་ཐོབ་ནུག། ཆོས་ལུགས་ཁྱབ་ཆེཝ་འདི་ ཡེ་ཤུ་པའི་ཆོས་ལུགས་དང་ དམིགས་བསལ་དུ་ མི་རློབས་བརྒྱ་ཆ་ ༩༠ ལྷག་ཙམ་གྱིས་ལག་ལེན་འཐབ་མི་ ཡེ་ཤུའི་ཆོས་ལུགས་ཀྱི་ཡན་ལག་ ཀཱོན་གིརི་གེ་ཤ་ནཱལ་ པོརོ་ཊེས་ཊེན་ཊི་(Congregational Protestantism) འདི་ཨིན་པས།
ཁྲོམ་སྡེ་དང་གཞིས་ཆགས།
སྔར་སྲོལ་གྱི་གོ་དོན་ནང་ ཊུ་བྷ་ལུ་ལུ་ ཁྲོམ་སྡེ་མེདཔ་ཨིན་པས། ཕུ་ན་ཕུ་ཊི་འདི་ ཁྲོམ་གྱི་ལྟེ་བ་ གཙོ་བོ་ཅིག་སྦེ་ ལཱ་འབད་དོ་ཡོདཔ་ད་ མཚོ་གླིང་གཞན་མི་ཚུ་ གྲོང་གསེབ་དང་ སྔར་སྲོལ་དང་མཐུན་པའི་ མི་ཚེ་རྒྱུན་སྐྱོང་འཐབ་དོ་ཡོདཔ་ཨིན་པས། ཁྱིམ་ཚུ་ ཤིང་ར་གུ་རྐྱབ་ཡོདཔ་དང་ ས་གནས་ཀྱི་ཅ་ཆས་ ཏ་ལའི་ཤིང་དང་ གཞན་ཚུ་གིས་བཟོ་བཟོཝ་ཨིན་པས།
གནམ་གཤིས།
ཊུ་བྷ་ལུ་ནང་ དྲོད་དང་ལྡན་པའི་ས་གཤིས་ཡོདཔ་དང་ ལོ་གཅིག་གི་རིང་ རློན་གཤེར་མཐོ་དྲགས་སྦེ་ དྲོད་དང་ལྡན་པའི་གནས་སྟངས་ཡོདཔ་ཨིན་པས། དམིགས་བསལ་གྱིས་ ཆར་ཆུའི་དུས་ཚོད་ ༼སྤྱི་ཟླ་བཅུ་གཅིག་པ་ལས་བཞི་པ་ཚུན༽ ལུ་ ཆརཔ་འཕྲལ་འཕྲལ་ར་རྐྱབ་ཨིན་པས། རྒྱལ་ཁབ་འདི་ གནམ་གཤིས་འགྱུར་བ་དང་ རྒྱ་མཚོའི་ཁ་ཚད་ ཡར་འཕར་འགྱོ་མི་གི་དཀའ་ངལ་ལུ་བརྟེན་ཏེ་ ས་ཆ་མང་ཤོས་ཅིག་ རྒྱ་མཚོའི་ཁ་ཚད་ལས་ མི་ཊར་དག་པ་ཅིག་གི་ལྟག་ལུ་ར་ ཡོདཔ་ཨིན་པས།
གཞུང་སྐྱོང་།
ཊུ་བྷ་ལུ་འདི་ རྩ་ཁྲིམས་ཀྱི་རྒྱལ་བརྒྱུད་ཀྱི་འོག་ལུ་ དམངས་གཙོའི་སྤྱི་ཚོགས་གཞུང་དང་ འདི་ཡང་ བིརི་ཊིཤ་གི་རྒྱལ་བརྒྱུད་འདི་ མངའ་སྡེའི་དབུ་འཛིན་དང་ ས་གནས་དེ་ཁའི་གཙོ་འཛིན་གྱིས་ ངོ་ཚབ་སྦེ་ ངོས་འཛིན་འབདཝ་ཨིན། སྤྱི་ཚོགས་འདི་གིས་འཐུས་མི་ཚུ་གི་ནང་ལས་ བློན་ཆེན་ཅིག་བཙག་འཐུ་འབདཝ་ཨིན་པས། སྲིད་དོན་ཚོགས་པ་ཚུ་ལུགས་མཐུན་མེདཔ་དང་ མཐུན་ཕྱོགས་ཚུ་ཡང་མང་ཤོས་ར་ ཁ་འཆམ་ནི་དང་ མཚོ་གླིང་གི་ངོ་ཚབ་ལུ་གཞི་བཞགཔ་ཨིན།
ས་ཆ།
མཚོ་གླིང་འདི་ཚུ་ ཆུ་ཆེན་གཏིང་རིངམོ་མེད་པ་མཚོ་བྲག་ཡོད་པའི་མཚོ་གླིང་ཨིནམ་དང་ འདི་ནང་གཙང་ཆུ་ཡང་ན་ གངས་རི་ཚུ་མེདཔ་ཨིན་པས། བྱུ་རུ་ཡོད་པའི་མཚོ་མཐའ་འདི་ཚུ་ནང་ རང་བཞིན་ཐོན་སྐྱེད་ཡང་ཚད་ཅིག་ལས་བརྒལ་མེདཔ་དང་ མཚོ་འགྲམ་ཡང་རུད་ཆད་ཀྱི་ འཕྱག་བདའ་ནི་གི་ ཉེན་ཁ་ཡོདཔ་ཨིན་པས། འཐུང་ཆུ་འདི་ ཆརཔ་ལས་བསྡུ་ཞིནམ་ལས་ བསགས་མཛོད་ཚུ་ནང་བསག་སྟེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
དཔལ་འབྱོར།
ཊུ་བྷ་ལུ གྲོགས་རམ་ལུ་བརྟེན་སྡོད་མི་ དཔལ་འབྱོར་ཆུང་ཀུ་ཅིག་ཨིན་པས། ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཌོ་ལར་ས་ཡ་ ༦༠ དེ་ཅིག་ལུ་སྔོན་རྩིས་བཏོན་ནུག། ཕྱིར་ཚོང་འཐབ་ནི་འདི་ ཉུང་སུ་ཅིག་ཨིནམ་དང་ དེ་ནང་བེ་ཏ་དང་ ཉ་ དེ་ལས་ ལག་བཟོ་ཚུ་ཚུདཔ་ཨིན། ནང་འདྲེན་ནང་གཙོ་བོ་ར་བཟའ་འཐུང་དང་ ས་སྣུམ་ དེ་ལས་ བཟོ་སྐྲུན་ཅ་ཆས་ཚུ་ཡོདཔ་ཨིན། འོང་འབབ་འདི་ཡང་ ཉ་གཟུང་ནིའི་ཆོག་ཐམ་དང་ དངུལ་འཐུས་ དེ་ལས་ ཡོངས་འབྲེལ་ཨིན་ཊར་ནེཊ་བརྙ་ལེན་འཐུས་ཚུ་ལས་འོངམ་ཨིན།
ལམ་སྲོལ་དང་གྱོན་ཆས།
ཊུ་བྷ་ལུ་གི་ལམ་སྲོལ་འདི་ མི་སྡེ་ནང་གཅིག་ཁར་སྡོད་ཐངས། སྲུང་གཏང་ནི། ཞབས་ཁྲ་རྐྱབ་ནི། སྙན་ཆ་དཀྲོག་ནི་ཚུ་ལུ་ གཙོ་རིམ་གཟུང་དོ་ཡོདཔ་ཨིན་པས། སྔར་སྲོལ་གྱི་གྱོན་ཆས་ལེ་ཤ་ཡོད་རུང་ འདི་ནང་ ཕོ་སྐྱེས་དང་ཨམ་སྲུ་གི་དོན་ལུ་ ལ་བྷ་ལ་བྷ་(ས་རོང་) ཚུ་ཡོངས་གྲགས་ཡོདཔ་ཨིན་པས། ལམ་སྲོལ་གྱི་མཛད་སྒོ་ཚུ་ གལ་གནད་ཅན་ཅིག་ཨིནམ་དང་ འཕྲལ་འཕྲལ་ར་ ཕཱ་ཏི་ལི་ཟེར་བའི་ ཞབས་ཁྲའི་འཁྲབ་སྟོན་ཚུ་ བཏོན་དོ་ཡོདཔ་ཨིན་པས།
ལྟ་བཤལ།
ལྟ་བཤལ་འདི་ མཐའ་ཟུར་གྱི་ས་གནས་དང་ གཞི་རྟེན་གི་གདོང་ལེན་ཚུ་ལུ་བརྟེན་ཏེ་ ཚད་འཛིན་འབད་དེ་ཡོདཔ་ཨིན་པས། ལྟ་སྐོར་པ་མང་ཤོས་ར་ ཞིབ་འཚོལ་པ་དང་ གྲོགས་རམ་ལས་བྱེདཔ་ ཡང་ན་ སྐྱེ་ལྡན་གནས་སྟངས་ལྟ་བཤལ་པ་ཚུ་ཨིན་པས། ལྟ་བཤལ་པ་ཚུ་གིས་ མཚོ་ནང་གི་སྐྱེ་ལྡན་རིགས་སྣ་དང་ ས་གནས་ཀྱི་ལམ་སྲོལ་ དེ་ལས་ གནོད་སྐྱོན་མེད་པའི་མཚོ་མཐའ་ཚུ་ ལྟ་བར་འོང་དོ་ཡོད་རུང་ རྒྱ་མཚོ་ཡར་འཕར་འགྱོ་མི་འདི་གིས་ ཡུན་རིང་གི་ལྟ་བཤལ་གོང་འཕེལ་ལུ་ གནོད་ཉེན་བཀལ་ནི་གི་ཉེན་ཁ་ ཡོདཔ་ཨིན་མས།
རྩེད་རིགས།
རྐང་རྩེད་འདི་ ཡོངས་གྲགས་ཅན་གྱི་རྩེདམོ་ཨིནམ་དང་ དེ་གི་ཤུལ་ལས་ བོ་ལི་བཱོལ་དང་རག་བི་ཨིན་མས། ཊུ་བྷ་ལུ་གི་ རྩེད་རིགས་ཀྱི་མཐུན་རྐྱེན་ རྒྱ་ཆེཝ་མེད་རུང་ ལུང་ཕྱོགས་རྩེད་རིགས་ཚུ་ནང་ བཅའ་མར་གཏོགས་ཡོདཔ་དང་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་ཆུང་གི་ འགན་རོགས་འཐུས་མི་ཡང་ཨིན་པས།
བཞེས་སྒོ།
སྔར་སྲོལ་གྱི་བཞེས་སྒོ་ནང་ བེ་ཏ། ཏ་རུ།(taro) བཱམ་རོ་ཊི། པཱན་ད་ནཱསི།(pandanus) ཉ་ཚུ་ཚུདཔ་ཨིན། ནང་འདྲེན་འབད་ཡོད་པའི་ཆུམ་དང་ ཊིན་པོག་ཏོ་གི་ཟས་ཚུ་གིས་ བཞེས་སྒོ་ལུ་ ལྷན་ཐབས་འབདཝ་ཨིན་པས། བཞེས་སྒོ་ཚུ་མང་ཤོས་ར་ མི་སྡེ་ནང་བགོ་བཤའ་རྐྱབ་དོ་ཡོད་པའི་ཁར་ ས་འོག་ལུ་ཡོད་པའི་མེ་ཐབ་ཡུ་མོ་(umu) ཟེར་མི་ལག་ལེན་འཐབ་སྟེ་བཟོཝ་ཨིན་པས།
ཕྱི་འབྲེལ་མཐུན་ལམ།
ཊུ་བྷ་ལུ་གིས་ རྒྱལ་ཁབ་མང་རབས་ཅིག་དང་གཅིག་ཁར་ ཕྱི་འབྲེལ་མཐུན་ལམ་ཚུ་ རྒྱུན་སྐྱོང་འབདཝ་ཨིནམ་དང་ འཛམ་གླིང་སྤྱི་ཚོགས་དང་ ཀ་མཱན་ཝེལཐ་ དེ་ལས་ པེ་སི་ཕིཀ་མཚོ་གླིང་གྲོས་ཚོགས་ཀྱི་འཐུས་མི་ཡང་ཨིན་པས། མཚོ་གླིང་རྒྱལ་ཁབ་ཆུང་ཀུ་ཚུ་ རྒྱ་མཚོ་ཡར་འཕར་འགྱོ་ནི་ལས་ ཉེན་སྲུང་འབད་ནིའི་དོན་ལུ་ རྒྱལ་སྤྱིའི་གནས་ཚད་ནང་ དང་ལེན་འབད་ནི་གི་དོན་ལུ་ གནམ་གཤིས་འགྱུར་བའི་སྐུལ་ཁྱབ་བརྡ་སྤྲོད་ཚུ་ ཤུགས་སྦེ་རང་འབད་དོ་ཡོདཔ་ཨིན་པས།
མཇུག་དོན།
ཊུ་བྷ་ལུ་འདི་ རྒྱལ་ཁབ་ཆུང་ཀུ་དང་མི་རློབས་ཉུང་སུ་ཡོད་རུང་ གནམ་གཤིས་འགྱུར་བཅོས་ཀྱི་སྐོར་ལས་ འཛམ་གླིང་གི་གྲོས་བསྡུར་ཚུ་ནང་ གལ་གནད་ཅན་གྱི་ལཱ་འགན་འབགཔ་ཨིན་པས། ལམ་སྲོལ་སྒྲིང་སྒྲི་དང་ མི་སྡེའི་བརྩི་མཐོང་ དེ་ལས་ རྒྱལ་སྤྱིའི་དྲན་གཏད་ཡར་སེང་འགྱོ་མི་དང་འབྲེལ་ ཊུ་བྷ་ལུ་གིས་ གཞན་དང་མ་འདྲ་བའི་ངོ་རྟགས་ མི་ཉམས་རྒྱུན་སྐྱོང་འབད་བའི་ཁར་ དེང་སང་གི་གདོང་ལེན་ཚུ་བསལ་ཡི་རང་ འགྱོ་ཡོད་པའི་རྒྱལ་ཁབ་ཅིག་ཨིན།
རྒྱབ་རྟེན།
https://en.wikipedia.org/wiki/Tuvalu