Jump to content

ཌོ་མི་ནི་ཀ།

Wikipedia ལས།

ངོ་སྤྲོད།

ཌོ་མི་ནི་ཀ་འདི་ གཞུང་འབྲེལ་དུ་ ཀམ་མོན་ཝེལཊ་ཨོཕ་ཌོ་མི་ནི་ཀ་(commonwealth of Dominica) ཟེར་སླབ་ཨིན་མས། དེ་ཡང་ རྒྱལ་ཁབ་འདི་ལོག་སྟེ  སྤྱི་ལོ་༡༩༧༨ ལུ་ རང་དབང་ཐོབ་པའི་ཤུལ་ལས་ སྤྱི་མཐུན་ཚོགས་པའི་ ཀམ་མོན་ཝེལཊ་ཨོཕ་ཌོ་མི་ནི་ཀ་(commonwealth of Dominica) གི་འཐུས་མི་སྦེ་ བཙུགས་ནི་དེ་གིས་ཨིན་པས།  རྒྱལ་ཁབ་འདི་གུ་ཝ་ཌི་ལུབ་(Guadeloupe) དང་ མར་ཊི་ནིཀ་(Martinique) གི་བར་ན་ མཚོ་གླིང་གི་རྒྱལ་ཁབ་ཆུང་ཀུ་ཅིག་སྦེ་ཆགས་ཏེ་འདུག། ཀེ་རི་བི་ཡཱན་གྱི་རང་བཞིན་མཚོ་གླིང་("Nature Isle of the Caribbean") ཟེར་སླབ་སྲོལ་ཡོད་མི་འདི་ ཆར་ལྡན་གྱི་ནགས་ཚལ་དང་ཚ་ཆུ་ དེ་ལས་ འཛམ་གླིང་ནང་ མཚོ་འཁོལ་(boiling lake) ཡོད་མི་སྦོམ་ཤོས་གཉིས་པ་འབད་ནི་དེ་གིས་སླབ་ཨིན་པས།

རྒྱལ་ས་ལྟེ་བ་དང་ཁྲོམ་ཚོགས་གཞན།

རྒྱལ་ཁབ་འདི་གི་རྒྱལ་ས་ལྟེ་བ་འདི་ རོ་ཟཽ་(Roseau) ཟེར་སླབ་ཨིནམ་ད་ ཁྲོམ་ཚོགས་འདི་ནང་ བཟོ་རིགས་དང་ ཚོས་གཞི་མ་འདྲཝ་ཡོད་པའི་ཚོང་ཁང་ དེ་ལས་ རང་བཞིན་གྱི་ཡ་མཚན་ཅན་གྱི་འབབ་ཆུ་དང་ མེ་རུད་ཀྱི་མཚོ་འགྲམ་ཚུ་ཡོད་པའི་ མཚོ་མཐའི་ཁྲོམ་ཚོགས་ཅིག་ཨིན་པས། མཚོ་གླིང་དེའི་རིང་ཚད་མའིལ་༢༩ (ཀི་ལོ་མི་ཊར་༤༧) དང་རྒྱ་ཚད་མཐོ་ཤོས་མའིལ་༡༦ (ཀི་ལོ་མི་ཊར་༢༦) ཡོདཔ་ཨིན་པས། གཞན་ཡང་གལ་གནད་ཅན་གྱི་ཁྲོམ་ཚོགས་ཚུ་ཡང་ རྒྱ་གར་གྱི་གཙང་ཆུ་ མཛེས་ཏོག་ཏོ་ཡོད་མི་ པོརཏས་མའུཐ་(Portsmouth) དང་ མཚོ་གླིང་འདི་གི་བྱང་ཕྱོགས་ལུ་ཡོད་པའི་ མཛེས་ཆ་དང་ལྡན་པའི་འཛུལ་སྒོ་ མེརི་གོཏ་(Marigot) ཚུ་ཡོདཔ་ཨིན་པས།  ཌོ་མི་ནི་ཀ་འདི་ མཐའ་འཁོར་ཡུན་བརྟན་དང་ སྐྱེ་ལྡན་ལྟ་བཤལ་ལུ་ ཁས་བླངས་འབད་དེ་ཡོད་མི་ལུ་བརྟེན་ཏེ་ གལ་ཅན་ཅིག་ཨིནམ་མ་ཚད་ ད་ལྟོ་ཡང་ ཀ་ལི་ན་གོ་(kalinago) གི་མི་ཁུངས་ཚུ་ སྡོད་སའི་ས་གནས་ཅིག་ཨིན་པས།

དཔལ་འབྱོར།

རྒྱལ་ཁབ་ཀྱི་དཔལ་འབྱོར་དེ་ སོ་ནམ་དང་ ལྟ་བཤལ་ དེ་ལས་ཁེབ་ས་སྦོམ་བཙུགས་སའི་ དངུལ་འབྲེལ་ལས་སྡེ་ཚུ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན་པས།

ཌོ་མི་ནི་ཀའི་མཚོ་གླིང་འདི་ མེ་རུད་འབྱུང་སའི་ ས་གནས་ཅིག་ཨིན་རུང་ མེ་གི་རུད་འཐོན་ནིའི་ཉེན་ཁ་འདི་ ཉུང་སུ་ཅིག་ཨིན་པས།  ས་སྒོ་འདི་མེ་རུད་དང་ ཚ་ཆུ་ལས་བརྟེན་ཏེ་ རྒྱལ་ཁབ་ཚ་དྲོད་དང་ལྡནམ་སྦེ་ བཞག་དོ་ཡོདཔ་ཨིན་པས། ལྷོ་ཕྱོགས་ལུ་ཡོད་པའི་ མཚོ་འཁོལ་(boiling lake) འདི་ མཚོའི་མཐོ་ཚད་ལས་ ཕིཊ་༢༣༠༠ (མི་ཊར་༧༠༠) ཡོདཔ་ཨིན་རུང་ འཕྲལ་འཕྲལ་རང་ རླངས་རྫས་ཐོན་པའི་གནོན་ཤུགས་ཀྱིས་ སྤྱིར་བཏང་ལས་ ཕིཊ་༣ (མི་ཊར་༡) དེམ་ཅིག་ མཐོ་དྲགས་སྦེ་འགྱོ་དོ་ཡོདཔ་ཨིན་པས། དེ་མ་ཚད་ ཆུ་ལེ་ཤ་ཡོད་རུང་ དེ་ཚུ་ནང་གྲུ་གཏང་ནིའི་དོན་ལུ་ ཉེན་ཁ་ཡོདཔ་ཨིན་པས།

མི་རིགས་དང་སྐད་ཡིག།

མི་རློབས་འདི་ ངོ་མ་རང་ ཨཕ་རི་ཀ་གི་རིགས་བརྒྱུད་ལས་ཨིནམ་དང་ ཡུ་རོབ་ཀྱི་མི་ལ་ལུ་ཅིག་དང་ རྒྱ་གར་གླིང་ཕྲན་ལས་འོང་འོངམ་ཨིནམ་དང་ དེ་ལས་ ཀེ་རིབ་(Caribs) ཚུ་ཨིན། ཌོ་མི་ནི་ཀ་འདི་ ཡུ་རོབ་ཀྱི་དབང་དུ་མ་བསྡུ་བའི་ཧེ་མ་ མཚོ་གླིང་འདི་ནང་སྡོད་མི་ མི་ཚུ་གི་བརྒྱུད་པ་ ཀེ་རིབ་ཨིན་ཌི་ཡཱན་(caribs Indians) ཚུ་ མཚོ་གླིང་འདི་ནང་སྡོད་ཡོདཔ་ཨིན་པས། ལྷག་ལུས་(Caribs) མང་ཤོས་ཅིག་རང་ ཀེ་རིབ་ཀྱི་རིགས་བརྒྱུད་ཚུ་ལས་ཨིནམ་དང་ མཚོ་གླིང་འདི་གི་ཤར་ཕྱོགས་ཁ་ཐུག་ལུ་ ཨེ་ཀར་༣༧༠༠ དེ་ཅིག་འབད་མི་ ཀེ་རིབ་ས་ཁོངས་(Carib Territory) ནང་ལུ་སྡོད་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ ཌོ་མི་ནི་ཀའི་མི་སེར་སྤྱང་ཀ་ཚུ་གི་གྲལ་ལས་གཅིག་ཨིན་མས།ཨིང་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིན་རུང་ ཕྲནས་གི་སྐད་ཡིག་འདི་ ཡོངས་གྲགས་སྦེ་སླབ་དོ་ཡོདཔ་ད་ ཀེ་རིབ་སྐད་ཡིག་ངོ་མ་འདི་ ས་གནས་ཀྱི་མིང་ལེ་ཤ་ཅིག་ནང་ བདེན་ཁུངས་བཀལ་ཡོདཔ་ཨིན།

ཆོས་ལུགས།

མི་རློབས་མང་ཤོས་རང་ རོ་མཱན་ཀེ་ཐོ་ལིག་ (roman catholic) ཆོས་ལུགས་འཛིན་མི་ཚུ་ཨིན་རུང་ མེ་ཐོ་ཌིསི་ཊི་(Methodists) དང་ པེན་ཊི་ཀོ་སི་ཊལ་(Pentecostals) དེ་ལས་ སེ་ཝེན་ཐི་ཌེ་-ཨེ་ཌི་ཝེན་ཊིསི་ཊི་(senventh-day Adventists) ཚུ་ཡང་ཡོདཔ་ཨིན། སྤྱི་ལོ་༡༩༧༠ གྱ་གྲངས་ལུ་ ཌོ་མི་ནི་ཀ་ལུ་ རྒྱལ་ཁབ་གཞན་ཁར་འགྱོ་ནིའི་ཉམས་མྱོང་འཐོབ་ཡོདཔ་དང་  སྤྱི་ལོ་༡༩༧༩ ལུ་ ཆར་རླུང་ཌེ་ཝིཏ་(Hurricane David) གི་ཤུལ་ལས་ མི་མང་ཤོས་ཅིག་རང་ གནས་སྤོ་འགྱོ་ཡོད་མི་ལས་བརྟེན་ཏེ་ སྤྱི་ལོ་༡༩༩༢ ལུ་ གཞུང་གིས་ རྒྱལ་ཁབ་གཞན་ཚུ་ནང་ལས་ མ་རྩ་བཙུགས་མི་ཚུ་ལུ་ དཔལ་འབྱོར་གྱི་མི་ཁུངས་ བྱིན་ནིའི་དོན་ལུ་ འཆར་གཞི་ཅིག་འགོ་བཙུགས་ནུག།

གསོ་བ་དང་འཕྲོད་བསྟེན།

རྒྱལ་ཁབ་འདི་ནང་ སྨན་ཁང་ཆེ་ཆུང་མང་རབ་ཅིག་ཡོདཔ་ཨིན་པས། ས་གནས་ཀྱི་སྨན་བཅོས་ འབད་ནིའི་དགོས་མཁོ་ཚུ་ མཚོ་གླིང་ནང་འཁོད་ཀྱི་ གསོ་བའི་ལྟེ་བ་ཚུ་གིས་ འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་པས། ཌོ་མི་ནི་ཀ་ལུ་ ཕོཝ་གི་ནད་གཞི་དང་ གུ་རམ་ནད་ ཁྲག་ཤུགས་མེད་པའི་ནད་གཞི་ བད་ཀན་ནད་གཞི་ དེ་ལས་ འདོད་སྤྱོད་ལས་སྤེལ་བའི་ནད་གཞི་ཚུ་ གསོ་བའི་དཀའ་ངལ་སྦོམ་ཤོས་ཅིག་ཨིན་པས།

ཤེས་རིག།

གཞི་རིམ་ཤེས་ཡོན་འདི་ གཞུང་གིས་འཛིན་སྐྱོང་འཐབ་མི་ སློབ་གྲྭ་ཚུ་ནང་ ངེས་པར་དུ་བྱིན་དགོཔ་མ་ཚད་ རིན་མེད་སྟོངམ་ཨིནམ་དང་ འབྲིང་རིམ་སློབ་གྲྭ་དང་ སློབ་དཔོན་སྦྱོང་བརྡར་མཐོ་རིམ་སློབ་གྲྭ་ སྨན་རིགས་སློབ་གྲྭ་ སྨན་གཡོགམོ་སློབ་གྲྭ་ དེ་ལས་ ནུབ་ཕྱོགས་ཨིན་ཌི་ཡ་གཙུག་ལག་སློབ་སྡེ་གི་ཡན་ལག་སློབ་གྲྭ་ ལེ་ཤ་ཡོདཔ་ལས་ བྲིས་ལྷག་ཤེས་ཡོན་འདི་ བརྒྱ་ཆ་༩༠ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབདཝ་ཨིན་མས།

ལམ་སྲོལ།

ཀེ་རིབ་(Carib) ཀྱི་ལམ་སྲོལ་འདི་ གྲུ་ཆུང་གཏང་ནི་དང་ མགུ་རྙོག་དྲགས་ཅན་གྱི་ཐགས་འཐག་མི་ བཱསི་ཀེཊ་ཚུ་བཟོ་སྐྲུན་དང་ལག་ལེན་འཐབ་མི་ཚུ་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོདཔ་ཨིན་པས། སྤྱི་ལོ་༡༩༩༠ ལོ་གྲངས་ལུ་ རྒྱལ་ས་ལྟེ་བ་ལུ་ ལམ་སྲོལ་ལྟེ་བ་ཅིག་སྒོ་ཕྱེ་ཞིནམ་ལས་ ཀེ་རིབ་(Carib) ཀྱི་མི་སྡེ་ནང་ལུ་ ལམ་སྲོལ་འདི་དར་ཁྱབ་འབྱུང་ཡོདཔ་མ་ཚད་ ཁོང་གི་སྒྱུ་རྩལ་དང་ལམ་སྲོལ་ལུ་ ལྟ་བཤལཔ་ཚུ་གིས་ སྤྲོ་བ་བསྐྱེད་མི་དེ་ཡང་ ཡར་སེང་འགྱོ་ནུག། གཞུང་གི་ལམ་སྲོལ་ལས་ཁུངས་ཚུ་གིས་ རྒྱ་བོ་དང་རྒྱ་མོ་བཞག་མིའི་ ལམ་སྲོལ་ཚུ་ ཧ་ལམ་ཉམས་འགྱོ་སྟེ་ཡོད་མི་ཚུ་ བསྐྱར་གསོ་འབད་ནི་ལུ་ སེམས་ཤུགས་བྱིན་ཡོདཔ་མ་ཚད་ གཞན་ཡང་ ཨཕ་རོ་ཕེརེནསི་(afro-french) གི་ཞབས་ཁྲ་དང་ འཁྲབ་སྟོན་ སྙན་ཆ་ དེ་ལས་ གྱོན་ཆས་ཚུ་ཨིན་པས།

ཕྲནས་ཀྱི་སྐད་ཡིག་དང་རིག་གཞུང་ཚུ་ ཌོ་མི་ནི་ཀའི་རྒྱལ་ཁབ་ནང་ ཁག་ཆེཝ་འབད་རྩིས་སྲོལ་ཡོད་མི་དེ་ཡང་ མར་ཊི་མིཀ་(Martinique) དང་ གའུདི་ལུཔ་(Guadeloupe) གི་ཉེ་འདབས་ལུ་ཡོད་ནི་འདི་གིས་ ལམ་སྲོལ་གྱི་ཤན་ཞུགས་ཏེ་ཡོདཔ་ལས་ སྤྱི་ལོ་༡༩༨༠ དང་༡༩༩༠ གྱ་གྲངས་ལུ་ ཚིག་མཛོད་དང་གཞན་མི་རྩོམ་ཡིག་ཚུ་ པར་སྐྲུན་འབད་དེ་ ཌོ་མི་ནི་ཀ་ནང་ ཕེརེནཅ་(French) གི་ལམ་སྲོལ་ཤན་ཞུགས་ཡོད་མི་ ཁ་སྐད་སླ་བསྲེས་བསྲེསཔ་(creole) འདི་ ལོག་སྟེ་རང་ བསྐྱར་གསོ་འབད་ནུག། གཞན་མི་ལམ་སྲོལ་ཚུ་ཡང་ ཧེ་མའི་ བིརི་ཊིཤ་(British) གི་མངའ་འོག་ལུ་ཡོད་པའི་ རོ་མཱན་ཀེ་ཐོ་ལི་སི་ཟཱམ་(Roman Catholicism) དང་ ཌོ་མི་ནི་ཀ་ནང་ ཕེརེནཅ་(French) གི་ཤན་ཞུགས་ཡོད་པའི་ བཞེས་སྒོ་ཚུ་ཨིན་པས།

མཇུག་དོན།

ཀེ་རི་བི་ཡཱན་(Caribbean) གི་རང་བཞིན་མཚོ་གླིང་ ཟེར་སླབ་མི་ ཌོ་མི་ནི་ཀ་རྒྱལ་ཁབ་ འདི་ བིརི་ཊིཤ་དང་ཕེརནཅ་ དེ་ལས་ ཨཕ་རི་ཀེན་ གྱི་ལམ་སྲོལ་ཚུ་གིས་ ཤན་ཞུགས་འབད་དེ་ཡོད་པའི་ མཚོ་གླིང་ཆུང་ཀུ་ཅིག་ཨིན། ཤེས་རིག་གི་ལམ་ལུགས་འདི་ བིརི་ཊིཤ་ལུ་གཞི་བཞག་སྟེ་ གཞི་རིམ་ཤེས་ཡོན་འདི་ རིན་མེད་སྟོང་པ་སྦེ་བྱིན་དགོཔ་དང་ ཌོ་མི་ནི་ཀའི་གཞུང་གི་མཐོ་རིམ་སློབ་གྲྭ་(Dominica State College) བཟུམ་གྱི་གཙུག་སྡེ་ཚུ་བརྒྱུད་དེ་ མཐོ་རིམ་ཤེས་ཡོན་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ལམ་སྲོལ་འདི་ འཛམ་གླིང་ཀིརིའོ་ལི་(creole) སྙན་ཆའི་དུས་སྟོན་བཟུམ་གྱི་ སྙན་ཆ་དང་ཞབས་ཁྲ་ དེ་ལས་ དུས་སྟོན་ཚུ་གིས་ མི་སྡེ་ནང་ ཁག་ཆེ་བའི་འགན་ཁུར་འབག་སྟེ་ བདག་འཛིན་འབད་དོ་ཡོདཔ་ཨིན་པས། ཌོ་མི་ནི་ཀ་གི་ གསོ་བའི་ཞབས་ཏོག་ལམ་ལུགས་ནང་ མི་མང་དང་སྒེར་གྱི་མཐུན་རྐྱེན་གཉིས་ཆ་ར་ཡོདཔ་ད་ གསོ་བའི་ཞབས་ཏོག་ཡར་དྲག་གཏང་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་རུང་ གདོང་ལེན་ཚུ་ དམིགས་བསལ་གསོ་བའི་ཞབས་ཏོག་ནང་ བཞག་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་ལུ་ རང་བཞིན་གྱི་མཛེས་ཆ་དང་ ལམ་སྲོལ་ཚུ་ ཉམས་སྲུང་འབད་དེ་ ལས་སྡེ་དེ་ཚུ་གི་ནང་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ འཕྲོ་མཐུད་དེ་རང་ གོང་འཕེལ་བཏང་དོ་ཡོདཔ་ཨིན་མས།[]

རྒྱབ་རྟེན།

  1. https://www.britannica.com/place/Dominica
"https://dz.wikipedia.org/w/index.php?title=ཌོ་མི་ནི་ཀ།&oldid=38483" ལས་ སླར་འདྲེན་འབད་ཡོདཔ།