ཏིཡན་ཇིན། རྒྱ་ནག། Tianjin, China

༉ ཏིཡན་ཇིན་འདི་རྒྱ་ནག་གི་བྱུང་ཕོགས་ཀྱི་ མངའ་སྡེ་དང་ཁྲོམ་ཚོགས་ཅིག་ཨིན། མངའ་སྡེ་འདི་ ཧེ་བེའི་མངའ་སྡེ་གི་ཤར་ཁ་ཐུག་དང་ བྱང་ཕྱོགས་རྒྱ་ནག་གྱི་ཐང་ལས་བྱང་ཤར་གྱི་གི་ཁུག་ཁ་ཐུག་ལུ་ཡོདཔ་ཨིན། ཁྲོམ་ཚོགས་དེ་ ཤང་ཧེའེ་དང་བྷེ་ཇིང་གི་ཤུལ་ལུ་ རྒྱ་ནག་གི་ཁྲོམ་སྡེ་ཨང་གསུམ་པ་ཅིག་ཨིན་པས། ཁྲོམ་ཚོགས་འདི་བཟོ་སྐྲུན་ཀྱི་ལྟེ་བ་ཁག་ཆེ་ཤོས་ཅིག་ཨིནམ་མ་ཚད་་ བྱང་ཕྱོགས་རྒྱ་ནག་གྱི་གྲུ་ཆགས་ས་ཨང་དང་པ་ཅིག་ཨིན་པས། ཏིཡན་ཇིན་གྱི་ཁྲོམ་སྡེ་ལུ་ སཁའི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་ ༡༡༧༦༠ ཡོདཔ་ཨིན།[༡]

ཏིཡན་ཇིན་ཟེར་མི་གི་གོ་དོན་འདི་ རྒྱལ་ཆེན་གྱི་གྲུ་ཆགས་ས་ཟེར་བའི་དོན་ཨིནམ་དང་ རྒྱལ་ཡོངས་ཀྱི་ཁྲོམ་ཚོགས་དགུ་ཡོད་ས་ལས་གཅིག་ཨིན། སྤྱི་ལོ་ ༢༠༢༠ ལུ་ མངའ་སྡེའི་ཁྲོམ་ཚོགས་ནང་ མི་རློབས་ ༡༣,༨༦༦,༠༠༩ ཡོདཔ་སྦེ་བཀོད་དེ་འདུག། རྒྱལ་ཁམས་ཀྱི་ཚོགས་སྡེ་གིས་ཐད་ཁར་བདག་སྐྱོང་འབད་མིའི་ཁྲོམ་སྡེ་ བཞི་ཡོད་ས་ལས་ཅིག་ཨིན། གཞན་མི་གསུམ་པོ་དེ་ཡང་ བྷེ་ཇིང་དང་ ཤང་ཧའེ་ ཆོང་ཀིང་ཨིན་པས། ཁྲོམ་ཚོགས་ཀྱི་ས་མཚམས་ཁར་ ཧེ་བེའེ་མངའ་སྡེ་དང་ བྷེ་ཉིང་གི་ཁྲོམ་ཚོགས་ཡོདཔ་ཨིན་པས། དེ་བཟུམ་སྦེ་ ཤར་ལུ་ བོ་ཧེའེ་མཚོ་ཁུག་གི་མཐའ་བསྐོར་ཏེ་ཡོདཔ་ཨིན།[༢] མངའ་སྡེ་འདི་ གཡུན་ཚན་ཡང་ཅིན་རྫོང་ཁག་ ༡༦ ལུ་བགོ་སྟེ་ཡོདཔ་ཨིན། ཁྲོམ་གྱི་མི་རློབས་འབད་བ་ཅིན་ རྒྱ་ནག་ལས་ཨང་བདུན་པ་ནང་ཨིནམ་དང་ བདག་སྐྱོང་གི་ས་ཁོངས་ཀྱི་མི་རློབས་དང་འཁྲིལ་བ་ཅིན་ རྒྱ་ནག་ལས་ཨང་ལྔ་པའི་ནང་ཨིན་པས། རྩིགཔ་བསྒོར་ཏེ་ཡོད་པའི་ཁྲོམ་ཚོགས་འདི་ སྤྱི་ལོ་ ༡༤༠༤ ལུ་བཟོ་སྐྲུན་འབད་ཡོདཔ་ཨིན། སྤྱ་ལོ་ ༡༨༦༠ ལས་ ཆིངས་ཡིག་གི་གྲུ་ཆགས་ས་ཅིག་འབད་ཞིནམ་ལས་ ཏིཡན་ཇིན་འདི་ གྲུ་ཆགས་ས་དང་བྷེ་ཇིང་འགྱོ་སའི་ལམ་བཟུམ་ཅིག་ཨིན་པས།[༢] ཁྲོམ་ཚོགས་འདི་ཞིབ་འཚོལ་གྱི་གྲུབ་འབྲས་བཏོན་པའི་ འཛམ་གླིང་གི་ཁྲོམ་ཚོགས་ ཨིང་ཁལ་གཅིག་པ་ནང་ཨིན་པས། མངའ་སྡེ་འདི་ཧེ་མ་དུས་རབས་ ༡༩ པའི་ནང་ ཐེངས་ཅིག་བིརི་ཊིཤ་གི་དབང་བའི་ས་ཆ་ཅིག་སྦེ་སྡོད་ཡོདཔ་ཨིན་པས། ཡུ་རོབ་ཀྱི་ཁྱིམ་གྱི་བཟོ་བཀོད་ཚུ་དང་ཁྲོམ་ལམ་དྲག་ཤོས་ལྔ་ལུ་ཡོདཔ་དང་ ཨི་ཊ་ལི་གི་ཁྲོམ་ལམ་ཚུ་ཡང་ ཨི་ཊ་ལི་གི་ལུགས་སྲོལ་སྦེ་ གཞི་བཀོད་ཚུ་མཐོང་ཚུགས་ནི་ཨིན་པས། དེ་འབདཝ་ལས་ མངའ་སྡེ་འདི་སྔར་སྲོལ་དང་དེང་སང་འདྲེས་མ་སྦེ་ཡོད་པའི་མངའ་སྡེ་དང་ཁྲོམ་ཚོགས་ཅིག་ཨིན་པས།[༣]
ཁྲོམ་ཚོགས་ནང་ ཆེ་རིམ་ཤེས་ཡོན་གྱི་གཙུག་སྡེ་ཚུ་ཡང་ཡོདཔ་ཨིནམ་མ་ཚད་ མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་སྡེ་ཚུ་ཡོདཔ་ཨིན། སྐྱེལ་འདྲེན་དང་ཚོང་འབྲེལ་གྱི་ལྟེ་བ་ཅིག་སྦེ་ ཡུའན་བརྒྱུན་འཛིན་ (༡༢༠༦ ལས་ ༡༣༦༨) གི་སྐབས་ལས་ར་སྡོད་ཡོདཔ་ཨིན་པས། དུས་རབས་ ༡༩ པ་ ཡུ་རོབ་ཀྱི་མངའ་ཁོངས་འོག་ལུ་བཙུགས་མི་ཚུ་མ་ལྷོད་པའི་ཧེ་མ་ལས་མངའ་སྡེ་འདི་ ཡོངས་གྲགས་ཅིག་སྦེ་སྡོད་ཡོདཔ་ཨིན་པས།[༡] བྱུང་རབས་ཅན་གྱི་རྗེས་ཤུལ་དངོས་པོ་དང་ རང་བཞིན་གྱི་མཐོང་སྣང་ ལྷ་ཁང་ཡེ་ཤུའི་ལྷ ཁང་ འཛོམས་འདུ་ཁང་དང་ རྒྱ་ནག་གྱི་རྩ་སྒྱུར་གྱི་ས་ཁོངས་ཚུ་མཐོང་སར་ཡོདཔ་དང་ ལྷ་བཤལཔ་ཚུ་གི་དོན་ལུ་འོང་དགོ་མནོ་སི་སི་བཟོ་སའི་གཞི་ཅིག་ཨིན་པས། རྒྱ་ནག་གི་འཕྲུལ་དང་ཐགས་རིག་བཟོ་གྲྭ་ཚུ་འབྱུང་སའི་གཞི་ཡང་མངའ་སྡེ་དེ་ཁར་ལས་ཨིན་པས།.[༤]
ལག་བཟོ་གྱི་ཐོན་ཁུངས་དང་ ཊེ་རི་ཀོ་ཊཱ་ ལགཔ་གིས་ཚོན་བཏང་བའི་ ཨེན་ཏ་་།དང་ རྒྱ་མཚོའི་བཞེས་སྒོ་ཚུ་འཐོབ་ནི་ཡོད་པའི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་ཚོགས་ནང་སྒྲིང་ཁྱིམ་རིངམོ་དང་འཇའ་ཆི་ཆི་ ཧ་ལས་སི་སི་སྦེ་ཡོད་པའི་ཕྱི་རྒྱལ་གྱ་གཞི་བཀོད་ཅནམ་དང་ རྒྱ་ནག་གྱི་ནང་འཁོད་ཀྱི་བཟོ་བཀོད་ཡོད་མི་ཚུ་ཡོདཔ་དང་ ཚོང་ཉོ་ནི་དང་བཙོང་ནི་ རྩེདམོ་རྩེ་ནི་ བཤལ་འགྱོ་ནི་དང་ཞག་སྡོད་ནི་ འགྲེམས་སྟོན་ཁང་ བཞེས་སྒོ་ལྷམ་པ་མ་འདྲཝ་ཚུ་ཟ་ནི་ལ་སོགས་པའི་ མཐུན་རྐྱེན་མང་རབས་ཅིག་ཡོདཔ་ཨིན།[༡]
མཚོའི་མཐའ་མར་ཡོད་དེ་འབད་རུང་ ཉིན་བསྟར་དང་ནམ་དུས་ཀྱི་འགྱུར་འགྲོས་དང་བསྟུན་དེ་གནམ་གཤིས་འགྱུར་དོ་ཡོདཔ་ཨིན་པས། སྤྱི་ཟླ་ ༡༠ ལས་ ༡༢ པ་ཚུན་གནམ་ཨིནམ་དང་ དགུན་བསིལ་ཏོང་ཏོ་སྦེ་སྡོད་དོ་ཡོད་རུང་ སྤྱི་ཟླ་ ༥ པ་ལས་ ༩ པ་ཚུན་གནམ་བྱཱ་ཨིནམ་དང་གནམ་ཚ་དྲོད་ཡོདཔ་སེ་སྡོད་པའི་ཁར་ ཆརཔ་ཡང་འབབ་དོ་ཡོདཔ་ཨིན། གནམ་དགུན་ལུ་ཆརཔ་ཉུང་སུ་ཅིག་ལས་མེདཔ་དང་ རླུང་མ་དང་མཐའ་འཁོར་ཚུ་སྐམ་ཀྲག་ཀྲ་སྦེ་སྡོདཔ་ཨིན་པས། དགུན་གྱི་རློན་གཤེར་འདི་ སྤྱིར་སྙོམས་ལུ་ བརྒྱ་ཆ་ ༥༠ འོངམ་ཨིན་པས། གནམ་བྱཱ་ལུ་ སྤྱིར་སྙམས་རློན་གཤེར་གྱི་ཚད་ བརྒྱ་ཆ་ ༧༠ ལས་ལྷག་སྟེ་འཐོབ་དོ་ཡོདཔ་ཨིན། ལོ་བསྟར་གྱི་སྤྱིར་སྙོམས་དྲོད་ཤུགས་འདི་ཌིག་རི་སེལ་སིཡསི་ ༥༦ ཨིན་པས། སྤྱི་ཟླ་ ༡ པའི་སྤྱིར་སྙོམས་དྲོད་ཤུགས་ཀྱི་ཚད་འདི་ ཌིག་རི་སེལ་སིཡསི་ ༢༥ དང་ སྤྱི་ཟླ་ ༧ པ་ལུ་ ༨༡ ཨིན་པས། དགུན་ལུ་རླུང་ཆར་ཚུ་འོང་དོ་ཡོད་རུང་ རླུང་འཚུབ་དྲོག་པོ་འདི་དཀོན་དྲགས་ཅི་ཨིན་སཔ།[༡]
རྒྱབ་ཁུངས་དཔེ་དེབ།
- 1 2 3 4 བ་རུཆ་བོག་སར། (༢༠༢༥) ཏིཡན་ཇིན། https://www.britannica.com/place/Tianjin-China ནང་ལས་ཐོབ་ཡོདཔ་ཨིན།
- 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) ཏིཡན་ཇིན། https://en.wikipedia.org/wiki/Tianjin ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཅཱའེ་ན་ཧའེ་ལའེཊ། (ལོ་མེད།)ཏིཡན་ཇིན་ལུ་འབད་དགོ་པའི་དྲག་ཤོས། https://www.chinahighlights.com/tianjin/top-things-to-do.htm ནང་ལས་ཐོབ་ཡོདཔ་ཨིན།
- ↑ ཝི་ཀི་པི་ཌི་ཡ། (༢༠༢༥) ཏིཡན་ཆིན། https://simple.wikipedia.org/wiki/Tianjin ནང་ལས་ཐོབ་ཡོདཔ་ཨིན།