Jump to content

ཏེ་གུ་སི་གཱལ་པ།

Wikipedia ལས།

༉ ཏེ་གུ་སི་གཱལ་པ་འདི་ མཚོ་ཁ་ལས་ མཐོ་ཚད་མི་ཊར་ ༩༩༠ དེ་ཅིག་གི་ས་ཁར་ གངས་རི་སྟུགས་དྲགས་ཅན་ཚུ་གི་སྐོར་ར་རྐྱབ་སྟེ་ ག་ནི་བ་མཛེས་ཆགས་དང་ལྡནམ་སྦེ་ ལུང་གཤོང་ནང་ཆགས་ཏེ་ཡོདཔ་ཨིན། གངས་རིའི་ས་ཆའི་གནས་སྟངས་འདི་ མཛེས་ཏོག་ཏོ་ཡོདཔ་མ་ཚད་ ཁྲོམ་གྱི་གནམ་གཤིས་གནས་སྟངས་ ཚ་དྲོད་ལྡན་ཏོག་ཏོ་བཞག་ནི་ལུ་ ཕན་ཐོགས་ཡོདཔ་ཨིན་མས། ཏེ་གུ་སི་གཱལ་པ་གི་རང་བཞིན་གནས་སྟངས་ལུ་བརྟེན་ ཧོན་ཌུ་རེསི་གི་ས་གནས་གཞན་ཚུ་ནང་ འཕྲལ་འཕྲལ་ར་ རླུང་འཚུབ་ཀྱི་གནོད་སྐྱོན་བྱུང་པའི་སྐབས་ ཁྲོམ་འདི་སྲུང་སྐྱོབ་འབད་དེ་ཡོདཔ་ཨིན་མས།

ཧོན་ཌུ་རས་ཀྱི་རྒྱལ་ས་ལྟེ་བ་ ཁྲོམ་ཚོགས་སྦོམ་ཤོས་ ཏེ་གུ་སི་གཱལ་པ་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་ལམ་སྲོལ་ དེ་མ་ཚད་ དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིན་མས། གངས་རི་གིས་བསྐོར་ཏེ་ཡོད་པའི་ ལུང་གཤོང་ནང་ལུ་ཆགས་ཏེ་ཡོད་མི་འདི་ནང་ རྒྱལ་ཁབ་ཀྱི་སྔར་སྲོལ་དང་དེང་སང་གི་གོང་འཕེལ་ཚུ་ དེང་སང་དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ དུམ་གྲ་རེ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན།

དེ་བཟུམ་སྦེ་ར་ སྤྱི་ལོ་ ༡༨༨༠ ཟླ་ ༡༠ པའི་ཚེས་ ༣༠ ལུ་ སྲིད་འཛིན་ མཱར་ཀོ་ ཨོ་རི་ལེའོ་ སོ་ཏོ་ (Marco Aurelio Soto) གི་འོག་ལུ་ ཏེ་གུ་སི་གཱལ་པ་འདི་ ཧོན་ཌུ་རེཡན་གི་རྒྱལ་ས་ལྟེ་བ་ལུ་ འགྱུར་ཏེ་ཡོདཔ་ཨིན། ཀོ་མཱ་ཡ་གུ་ཝ་ (Comayagua) འདི་ དབུས་ཕྱོགས་རྫོང་ཁག་ཅིག་ཨིནམ་དང་ ད་རེས་ནངས་པའི་ ༡༩༨༢ ལོའི་ ཧོན་ཌུ་རེཡན (Honduran) རྩ་ཁྲིམས་ཆེན་མོ་ནང་ ཁྲོམ་ཚོགས་འདི་ རྒྱལ་ཡོངས་ཀྱི་གཏན་འཇགས་ལྟེ་བ་སྦེ་ལཱ་འབད་མི་ དབུས་ཕྱོགས་རྫོང་ཁག་ཅིག་སྦེ་ བཀོད་དེ་ཡོདཔ་ཨིན་མས།

ཏེ་གུ་སི་གཱལ་པ་འདི་ ལྷོ་ཕྱོགས་དབུས་ཕྱོགས་མཐོ་སྒང་གི་ལུང་ཕྱོགས་ནང་ལུ་ཆགས་ཏེ་ཡོདཔ་དང་ དེ་ཡང་ ཕཱརན་སིསེ་ཀོ་ མཱོ་ར་ཟཱན་(Francisco Morazán) ལས་ཁུངས་ཟེར་སླབ་མ་ཚད་ ལས་ཁུངས་འདི་གི་ལྟེ་བ་ཡང་ཨིན། ཏེ་གུ་སི་གཱལ་པ་འདི་ ལུང་གཤོང་ནང་ལུ་ཆགས་ཏེ་ཡོདཔ་དང་ གངས་དང་རི་གིས་བསྐོར་ཏེ་ཡོདཔ་ཨིན། ཏེ་གུ་སི་གཱལ་པ་དང་ (ཀོ་མཱ་ཡ་གུ་ཝ )གཉིས་ ཁྲོམ་ཚོགས་ཆ་འདྲཝ་ཅིག་འབདཝ་ལས་ ཆོ་ལོ་ཊི་ཀ་(Choluteca) གཙང་ཆུ་གིས་ ས་མཚམས་ཕྱེ་སྟེ་ཡོདཔ་ཨིན།

ཏེ་གུ་སི་གཱལ་པ་འདི་ ཧོན་ཌུ་རས་གི་ ཁྲོམ་ཚོགས་སྦོམ་ཤོས་དང་མི་རློབས་མང་ཤོས་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་སྲིད་དོན་དང་བདག་སྐྱོང་ལྟེ་བ་ཡང་ཨིནམ་ལས་ ཏེ་གུ་སི་གཱལ་པ་ནང་ ཕྱི་རྒྱལ་གྱི་གཞུང་ཚབ་ཡིག་ཚང་ ༢༥ དང་ གཞུང་ཚབ་ཡིག་ཚང་ ༡༦ ཡོདཔ་ཨིན། རྒྱལ་ཡོངས་ནུས་ཤུགས་དང་བརྒྱུད་འཕྲིན་ལས་སྡེ་ (ENEE དང་ Hondutel) བཟུམ་གྱི་ རྒྱལ་ཁབ་ཀྱི་བདག་དབང་ཡོད་པའི་ལས་སྡེ་ལེ་ཤ་ཅིག་གི་ གཞི་འགྱམ་གཙོ་བོ་ཅིག་ཨིན། ཁྲོམ་འདི་ནང་ རྒྱལ་ཁབ་ཀྱི་ མི་མང་གཙུག་ལག་སློབ་སྡེ་ཁག་ཆེ་ཤོས་ ཧོན་ཌུ་རཱསི་གི་ རྒྱལ་ཡོངས་རང་སྐྱོང་གཙུག་ལག་སློབ་སྡེ་དང་ རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་ལས་ཁུངས་ཚུ་ཡང་ ཡོདཔ་ཨིན། ཁྲོམ་སྡེ་འདི་ནང་ལུ་ཡོད་པའི་མི་སེར་ཚུ་ལུ་ རྒྱལ་སྤྱིའི་གནམ་གྲུ་ཐང་གཉིས་ ཀོ་མ་ཡ་གུ་ཝ་དང་ ཊོན་ཀོན་ཊིན་གཉིས་ཀྱིས་ དོན་སྨིན་ཅན་གྱི་ཞབས་ཏོག་སྤྲོད་དོ་ཡོདཔ་ཨིན་མས།

དེ་མ་ཚད་ དབུས་ཕྱོགས་རྫོང་ཁག་ཁྲོམ་དཔོན་ཡིག་ཚང་ (Alcaldia Municipal del Distrito Central) འདི་ནང་ ཁྲོམ་དཔོན་ ༡༠ གིས་ འགོ་ཁྲིད་འབད་དེ་ ཁྲོམ་སྡེ་ལས་འཛིན་ (Corporation Municipal) གཞི་བཙུགས་འབད་དེ་ཡོདཔ་ཨིན། ལས་ཁུངས་འདི་ ཕཱརན་སིསེ་ཀོ་ མོ་ར་ཟཡན་གི་ གཞུང་སྐྱོང་ཡིག་ཚང་ཡང་ རྒྱལ་ས་ལྟེ་བ་ལུ་ཆགས་ཏེ་ཡོདཔ་ཨིན། སྤྱི་ལོ་༢༠༠༨ ལུ་ ཁྲོམ་སྡེ་འདི་གིས་ ཆ་འཇོག་གྲུབ་པའི་འཆར་དངུལ་ ལེམ་པི་ར་ཐེར་འབུམ་ ༡.༥༥༥ (ཡུ་ཨེསི་ཌོ་ལར་ ༨༢,༡༨༩,༠༢༩) གི་ཐོག་ལས་ ལཱ་འབད་ནུག། སྤྱི་ལོ་༢༠༠༩ ལུ་ ཁྲོམ་སྡེ་གཞུང་གིས་ པཱ་ན་མ་ཁྲོམ་ཚོགས་མ་གཏོགས་ དབུས་ཕྱོགས་ཨ་མི་རི་ཀ་གི་རྒྱལ་ས་ལྟེ་བ་གཞན་ཚུ་དང་ཕྱདཔ་ད་ལུ་ འོང་འབབ་ཐེར་འབུམ་ ༡.༩༥༥ (ཡུ་ཨེསི་ཌོ་ལར་ ༡༠༣,༥༡༢,༢༢༠) ཐོབ་སྟེ་ཡོདཔ་སྦེ་སྙན་ཞུ་ནང་ བཀོད་དེ་འདུག།

འཕྲལ་གྱི་ཚོད་དཔག་དང་འཁྲིལ་བ་ཅིན་ ཏེ་གུ་སི་གཱལ་པ་དང་ དེ་གི་ཁྲོམ་ཆེན་ས་ཁོངས་ནང་ མི་ས་ཡ་ ༡.༢ ལྷགཔ་ཅིག་ཡོདཔ་ལས་ ཧོན་ཌུ་རས་ལུ་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན། ཏེ་གུ་སི་གཱལ་པ་ནང་ མི་རིགས་མ་འདྲཝ་སྦེ་ཡོདཔ་དང་ འདི་ནང་ ས་གནས་ཀྱི་མི་བརྒྱུད་སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་པས།  དེ་ཡང་ མེསི་ཏི་ཟོ་ཟེར་ ཡུ་རོབ་ཀྱི་མི་རིགས་དང་ ཨེ་ཕཱོརོ་ ཧོན་ཌ་རཡན་(Afro-Honduran) ལ་སོགས་པའི་མི་སྡེ་ཆུང་ཀུ་ཚུ་ལེ་ཤ་ཅིག་ར་ ཡོདཔ་ཨིན་མས།

དཔལ་འབྱོར་གྱི་ཐད་ཁར་ ཏེ་གུ་སི་གཱལ་པ་འདི་ ཧོན་ཌུ་རཱསི་གི་དཔལ་འབྱོར་ལྟེ་བ་ཅིག་ཨིནམ་ལས་ རྒྱལ་ཡོངས་ཚོང་འབྲེལ་དང་བཟོ་གྲྭ་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན་མས། ཁྲོམ་འདི་ནང་ལུ་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ལས་སྡེ་དང་དངུལ་ཁང་ དེ་ལས་ གཞུང་གི་ལས་སྡེ་ཚུ་གི་ ཡིག་ཚང་ལྟེ་བ་ཚུ་ཡོདཔ་ཨིན། དཔལ་འབྱོར་གྱི་ལས་སྣ་གཙོ་བོ་ཚུ་ཡང་ ཞབས་ཏོག་དང་ཚོང་འབྲེལ་ བརྒྱུད་འཕྲིན་ དེ་ལས་ བཟོ་བསྐྲུན་ཚུ་ཨིན་མས། གཞན་མི་ལུང་ཕྱོགས་རྒྱལ་ས་ལྟེ་བ་ཚུ་བཟུམ་སྦེ་ བཟོ་གྲྭ་འཕྲུལ་ཁང་མེད་རུང་ ཁྲོམ་འདི་གིས་ རྒྱལ་ཡོངས་ནང་འདྲེན་ནང་ ཕན་གྲོགས་སྦོམ་སྦེ་ར་འབདཝ་ཨིན་མས། ཨིན་རུང་ དཔལ་འབྱོར་གྱི་འདྲ་མཉམ་མེད་མི་འདི་ མཐོ་དྲགས་ཡོདཔ་ད་ ལུགས་མཐུན་མིན་པའི་ལས་སྡེ་སྦོམ་དང་ ན་གཞོན་ལཱ་གཡོག་མེད་པའི་དཀའ་ངལ་འདི་ བྱུང་སྟེ་ར་ཡོདཔ་ཨིན།

དེ་བཟུམ་སྦེ་ ཏེ་གུ་སི་གཱལ་པ་འདི་ ལམ་སྲོལ་གྱི་ཕྱུགཔོ་ཅིག་ཨིནམ་མ་ཚད་ ཁྲོམ་ཚོགས་ཀྱི་བྱུང་རབས་ལྟེ་བ་འདི་ དུས་རབས་ ༡༨ པའི་ སཱན་མི་གཱལ་ (San Miguel) ཡེ་ཤུའི་ལྷ་ཁང་ལ་སོགས་པའི་ ལམ་སྲོལ་གྱི་གཙུག་སྡེ་ཚུ་བརྩིས་ཏེ་ ལེ་ཤ་ཅིག་ར་ཡོདཔ་ཨིན་མས། ཁྲོམ་ཚོགས་འདི་ནང་ལུ་ ཕཱི་རི་ཡ་ ཌི་སཱན་ མི་གཱལ་ (Feria de San Miguel) བཟུམ་གྱི་དུས་སྟོན་ཚུ་འགོ་འདྲེན་འཐབ་སྟེ་ སྐྱབས་འཛིན་འབད་མི་ བླམ་ལུ་གུས་བཏུད་ཞུ་དོ་ཡོདཔ་མ་ཚད་ ཧོན་ཌུ་རིཡཱན་གྱི་སྙན་ཆ་དང་ཞབས་ཁྲ་ དེ་ལས་ སྒྱུ་རྩལ་གྱི་ལྟེ་བ་ཅིག་ཨིན་མས། འདས་པའི་ལོ་ཚུ་ནང་ ཨི་ཝེན་ཇི་ལི་ཀཱལ་ ངོ་རྒོལ་འབད་ནི་གི་རྣམ་བཞག་ (Evangelical Protestantism) འདི་ ཡར་འཕར་འགྱོ་སྟེ་ཡོད་རུང་ ཨེསི་པེ་ནིཤི་ (Spanish) འདི་ སྐད་ཡིག་གཙོ་བོ་ཅིག་ཨིནམ་དང་ ཡེ་ཤུའི་ཆོས་ལུགས་ཀྱི་རྣམ་བཞག་འདི་ ཆོས་ལུགས་གཙོ་བོ་ཅིག་སྦེ་ར་ ལུས་ནུག།

ཏེ་གུ་སི་གཱལ་པ་འདི་ ཧོན་ཌུ་རཱསི་གི་སྲིད་དོན་ལྟེ་བ་ཅིག་ཡང་ཨིནམ་དང་ རྒྱལ་ཁབ་ནང་ལུ་ གཙུག་ལག་སློབ་སྡེ་སྦོམ་ཤོས་དང་ མིང་གཏམ་ཆེ་ཤོས་ཅིག་ཨིན་མི་ རྒྱལ་ཡོངས་གཙུག་ལག་སློབ་སྡེ་ཚུ་བརྩིས་ཏེ་ ཤེས་རིག་གི་གཞི་འགྱམ་སྒྲིང་སྒྲི་བཟོ་སྟེ་ཡོདཔ་ཨིན་མས། ཨིན་རུང་ ཁྲོམ་འདི་ནང་ ཁྲིམས་འགལ་གྱི་བྱ་ངན་འབད་དེ་ཡོད་པའི་ གནས་ཚད་མཐོ་དྲགས་ཡོདཔ་ལས་ འཕྲལ་འཕྲལ་ར་ ཁྲིམས་འགལ་གྱི་རྩུབ་སྤྱོད་དང་ སྨྱོ་རྫས་ནག་ཚོང་ཚུ་དང་འབྲེལ་བའི་ དཀའ་ངལ་ཚུ་ བྱུངམ་ཨིན་པས། དེ་ལས་ མཐའ་འཁོར་གནས་སྟངས་ཀྱི་ཐད་ཁར་ ཁྲོམ་ཚོགས་མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་མི་དང་ མཐའ་འཁོར་གྱི་ས་གནས་ཚུ་ནང་ ནགས་ཚལ་ཚུ་མེདཔ་གཏང་མི་ དེ་ལས་ ཕྱགས་སྙིགས་འཛིན་སྐྱོང་ ལངམ་སྦེ་མེད་མི་ལུ་བརྟེན་ རླུང་མའི་བཙོག་གྲིབ་ཚུ་ ཚ་གྱང་ཅན་གྱི་གནད་དོན་ཅིག་ཨིན་མས། དེ་འབདཝ་ད་ གཞུང་མིན་ཚོགས་པ་མ་འདྲཝ་དང་ མི་སྡེ་སྡེ་ཚན་ཚུ་གིས་ གནད་དོན་འདི་ཚུ་སེལ་ནི་དང་ ཁྲོམ་སྡེ་བསྐྱར་གསོ་འབད་ནི་ དེ་ལས་ མཐའ་འཁོར་ཡུན་བརྟན་བཟོ་ནི་ལུ་ ཤུགས་བཏོན་དོ་ཡོདཔ་ཨིན།

ཧོན་ཌུ་རས་ཀྱི་རྒྱལ་ས་ལྟེ་བ་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་མི་ ཏེ་གུ་སི་གཱལ་པ་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་ལམ་སྲོལ་ དེ་མ་ཚད་ དཔལ་འབྱོར་གྱི་ལྟེ་བ་ཅིག་ཨིནམ་མ་ཚད་ གངས་རི་གིས་བསྐོར་ཏེ་ཡོད་པའི་ ལུང་གཤོང་ནང་ལུ་ཆགས་ཏེ་ཡོད་མི་འདི་ནང་ རྒྱལ་ཁབ་ཀྱི་སྔར་སྲོལ་དང་དེང་སང་གི་གོང་འཕེལ་ཚུ་ དུམ་གྲ་རེ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ ཏེ་གུ་སི་གཱལ་པ་ནང་ དཔལ་འབྱོར་གོང་འཕེལ་འགྱོ་མི་འདི་གིས་ ཧོན་ཌུ་རཱསི་ལུ་ འགྱུར་བ་སྦོམ་སྦེ་ར་འགྱོ་དོ་ཡོདཔ་སྦེ་ གསལ་སྟོན་འབདཝ་ཨིན་མས།              

རྒྱབ་རྟེན་ཐོ།

    "https://dz.wikipedia.org/w/index.php?title=ཏེ་གུ་སི་གཱལ་པ།&oldid=39148" ལས་ སླར་འདྲེན་འབད་ཡོདཔ།