དགོན་གསར་ཁ་ལྷ་ཁང་།
དགོན་པ་ཆགས་ཚུལ།
[ཞུན་དག]
སྤ་རོ་རིན་སྤུངས་རྫོང་གི་ཉེ་འདབས་ལུ་རྫོང་གི་ཨ་ཙི་ཅིག་ལྟག་ལུ་ས་གནས་བྱིན་ཆགས་ཏོག་ཏོ་ མཐོང་གསལ་ཆེ་ཏོག་ཏོ་ གཡས་ཁ་ཐུག་ལུ་ལྟག་རྫོང་ད་ལྟོ་རྒྱལ་ཡོངས་འགྲེམས་སྟོང་ཁང་སྦེ་ཡོད་མི་དང་གཡོན་ཁ་ཐུག་ཟུ་རི་ལྷ་ཁང་དང་ཕུ་དགྲ་རྫོང་སྦེ་ལག་ལེན་འཐབ་ཡོད་མི་གཉིས་ཀྱི་བར་ན་ཡོད་པའི་ཡོངས་དྲགས་ཀྱི་དགོན་ས་ཁ་ལྷ་ཁང་འདི་ དྲུང་དྲུང་རྒྱལ་མཆོག་རིན་པོ་ཆེ་མཆོག་གིས་ ཁོ་ར་སྐུ་ན་རྒས་ཞིནམ་ལས་ ཁོ་རའི་སྐུ་ཚབ་སྦེ་ ཧཱུྃ་རལ་རྫོང་བདག་འཛིན་མཛད་ནིའི་དོན་ལུ་སྲས་རྒན་ཤོས་ཀུན་མཁྱེན་གནམ་མཁའ་རྒྱལ་མཚན་ ཁྲི་མངའ་གསོལ་ཏེ་ ཡབ་ཁོ་རང་སོ་སོ་སྐུ་མཚམས་གནང་སྟེ་བཞུགས་ས་སྦེ་དུས་རབས་༡༦་སྐོར་ཆ་བཞེངས་གནང་གནངམ་ཨིན་མས། དེ་གི་མ་ཚད་པ་སྒྲུབ་ཆུ་ཅིག་ཡང་བཏོན་གནང་ནུག། སྲས་གནམ་ཁ་རྒྱལ་མཚན་གྱི་གདུང་བརྒྱུད་སྲས་དཔྱོད་ལྡན་ལེགས་པའི་བློ་གྲོས་ཟེར་མི་འདི་ཡབ་ཀྱི་ཤུལ་འཛིན་ཏེ་ཧཱུྃ་རལ་རྫོང་རྩིས་བཞེས་གནངམ་མ་ཚད་ ཁོ་གི་ཡང་ཁོ་ར་ཁྲི་ཐོག་ལས་གོངམ་ཞུཝ་ཅིན་ཁོ་རའི་སྲས་བསོད་རྣམ་རྒྱལ་མཚན་ལུ་ཧཱུྃ་རལ་རྫོང་དེ་རྩིས་སྤྲོད་གནང་སྟེ་ དགོན་གསར་ལྷ་ཁང་ནང་བཞུགས་བཞུགས་པར་ མཛེ་ནད་ཀྱི་བཟུན་དི་ ལྷ་ཁང་དེའི་སྦོ་ལོགས་ཁ་ དབེན་བྲག་ཕུག་ནང་ལུ་ལོ་ངོ་༦་དེ་ཅིག་སྐུ་མཚམས་ལུ་བཞུགས་ཞིནམ་ལས་ཚུར་ སྙུང་གཞི་དེ་ལས་ཧ་ལས་སི་སི་སྦེ་ཧིང་སངས་སངས་དྭངསམ་མ་ཚད་ ཤུལ་ལས་དྲུང་དྲུང་བརྒྱུད་འཛིན་ ག་ལུ་ཡང་མཛེ་ནད་ཀྱིས་ཉན་ཁ་བྱུང་མ་བཅུག་ཟེར་ཐུགས་སྨོན་གནང་ནུག་ དེ་ལས་ཚུར་བླ་མའི་མཚན་ཡང་གསང་བདག་ལེགས་པའི་བློ་གྲོས་ཟེར་ཞུ་ནུག།
དགོན་གསར་ལྷ་ཁག་གི་ནང་རྟེན།
[ཞུན་དག]དགོན་གསར་ལྷ་ཁང་གི་ནང་རྟེན་གཙོ་བོ་ར་ དྲུང་དྲུང་རྒྱལ་མཆོག་རིན་པོ་ཆེ་གིས་ ཁོ་རའི་ཕྱག་གི་སྦེ་ལྟོའི་སྤན་དྲིལ་གྱིས་ཁོ་རའི་སྐུ་འདྲ་ཆུང་ཀུ་གཅིག་བཞེངས་ཞིནམ་ལས་ ལྷ་ཁང་དེ་ནང་ ངེ་གི་ཚབ་འབད་ཁྱོད་ཀྱི་ལྕོགས་ག་ཟེར་གསུངསམ་ད་ སྐུ་དེ་གིས་ལྕོགས་ཟེར་གསུང་བྱོན་ཡི་ཟེར་མི་བླ་སྐུ་དེ་དང་ ཡང་དབེན་བྲག་ཕུག་གི་སྒྲུབ་ཁང་ནང་ རྡོ་རང་བྱོན་གྱི་ཆོས་ཀྱི་པོ་ཏི་གཅིག་དང་ མདུན་གྱི་ནམ་མཁའ་ལུ་ ཉི་ཟླ་དཀར་གསུམ་དང་ བདེ་མཆོག་དཀྱིལ་འཁོར་ རང་བྱོན་ཚུ་ཨིན་མས། དེ་འབད་ནི་འདི་གིས་ དགོན་ས་ལྷ་ཁང་དང་ སྒྲུབཁང་མཇལ་མི་ཚུ་ལུ་ ས་བདག་ཀླུ་གིས་གནོད་པ་མི་བྱུང་བའི་བྱིན་རླབས་ཡོད་ཟེར་བཤད་སྲོལ་འདུག་ ལོ་ལྟར་དྲུང་དྲུང་གི་སྐུ་མཆོད་དེ་ཡང་ལྷ་ཁང་དེ་ཁར་བཟུང་སྲོལ་འདུག དེ་ཡང་ཧཱུྃ་རལ་ཁལཔ་ཚུ་གིས་རྒྱུ་དང་དབུངས་གཉིས་ཆ་རའི་ཐོག་ ཁོང་རང་ལས་བཏོན་ཏི་འབད་དོ་ཡོདཔ་ཨིན་མས། དགོན་ས་ཁ་ལྷ་ཁང་འདི་རིན་སྤུངས་རབ་སྡེ་གིས་བདག་འཛིན་མཛད་དེ་ འདི་ཁར་བླམ་ཅིག་ཡང་ཡོདཔ་ཨིན།
ཁུངས་གཏུགས་དཔེ་ཆ།
[ཞུན་དག]འབྲུག་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་ཞིབ་འཚོང་གོ་རིམ་གསམ་པ༔བློ་གསར་རྣབའི་སྒྲ་དབྱངས།
- Dorji, Sangay. A brief account of Hungrel Drung Drung.
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·