Jump to content

ནེ་ཛ་ཧུ་ཝལ་ཀོའི་ཊལ།

Wikipedia ལས།

ནེ་ཛ་ཧུ་ཝལ་ཀོའི་ཊལ་འདི་ མེག་སི་ཀོ་གི་དབུས་ཕྱོགས་ཀྱི་ཁྲོམ་ཚོགས་སྦོམ་ཅིག་ཨིན་མི་ “ནི་ཛ་(Neza)” ཟེར་སླབ་ཨིན། དེ་ཡང་ མེག་སི་ཀོ་ཁྲོམ་གྱི་ས་ཁོངས་སྦོམ་གྱི་ཆ་ཤས་ཅིག་ཨིནམ་ད་ མཚོ་ཡི་མཐོ་ཚད་ལས་ མི་ཊར་ ༢༢༢༠ དེ་ཅིག་ལུ་ ཡོདཔ་ཨིན་པས། ཁྲོམ་སྡེ་གིས་ ཀི་ལོ་མི་ཊར་གྲུ་བཞི་ ༦༣.༤༤ དེ་ཅིག་ ཁྱབ་སྟེ་ཡོདཔ་ད་ དེ་ནང་ ཁྱིམ་ཚང་ ༨༦ དེ་ཅིག་ ཚུད་དེ་ཡོདཔ་ལས་ རྒྱལ་ཁབ་ནང་ མི་རློབས་མང་ཤོས་ཡོད་པའི་ ས་ཁོངས་ཅིག་ཨིན་པས། ནི་ཛ་ ལུ་ ཚ་དྲོད་ཆེ་བའི་གནམ་གཤིས་ཡོདཔ་ལས་ ལོ་བསྟར་བཞིན་དུ་ དྲོད་ཚད་མར་ཕབ་འགྱོཝ་ཨིན། དྲོད་ཤུགས་ཆེ་ཤོས་འདི་ སྤྱི་ཟླ་ ༤ པ་དང་ ༥ པ་ཨིནམ་དང་ སྤྱིར་སྙོམས་ལུ་ སྤྱིར་སྙོམས་ལུ་ མཐོ་ཚད་ དྲོད་ཚད་༢༧(༨༡°F) དང་ ཟླཝ་དྲག་ཤོས་འདི་ སྤྱི་ཟླ་༡༢པ་དང་༡པ་ཨིནམ་ད་ དམའ་ཤོས་འདི་ དྲོད་ཚད་ ༧°C (༤༥°F) གི་ཉེ་འདབས་ལུ་ཡོདཔ་ཨིན། ཆར་ཆུའི་དུས་ཚོད་དེ་ སྤྱི་ཟླ་༥ པ་ལས་༡༠ པ་ཚུན་ འཐོན་དོ་ཡོདཔ་ལས་ ཁྲོམ་སྡེའི་ ལོ་བསྟར་ཆར་ཆུ་མང་ཤོས་ར་ རྐྱབ་དོ་ཡོདཔ་ཨིན་པས། ནི་ཟ་འདི་ ཧེ་མ་ ཊེག་སི་ཀོ་གི་ཆ་ཤས་ཅིག་ཨིན་མི་ ས་གཞི་གུ་རྐྱབ་ཡོདཔ་ད་ ད་རེས་ རང་བཞིན་གྱི་སྔོ་ཤིང་ཚུ་ ཆུང་ཀུ་ཅིག་ཡོད་པའི་ ཁྲོམ་ཚོགས་ཀྱི་ས་ཁོངས་ཅིག་ཨིན། དེ་འབདཝ་ད་ གནས་སྤོ་འགྱོ་མི་བྱ་ཚུ་ གནམ་དགུན་ལུ་ ད་ལྟོ་ཡང་ འགྱོ་མི་ཚུ་ མཐོང་ཚུགས་དོ་ཡོདཔ་ཨིན་པས།

མི་རློབས་དང་མིའི་རིགས།

སྤྱི་ལོ་ ༢༠༢༠ ལོའི་མི་རྩིས་ནང་ ནེ་ཛ་ཧུ་ཝལ་ཀོའི་ཊལ་ལུ་ མི་རློབས་ ༡༠༧༢,༦༧༦ ཡོདཔ་ད་ ཕོ་སྐྱེས་ ༥༡༥,༦༧༨ དང་ ཨམ་སྲུ་ ༥༥༦,༩༩༨ ཡོདཔ་ཨིན་པས། མི་རློབས་འདི་ མང་ཤོས་རང་ ན་གཞོན་ཨིནམ་ད་ ལོ་༡༥ ལས་༦༤ གི་བར་ན་ སྡོད་མི་ཚུ་ མང་སུ་སྦེ་ འཐོན་དོ་ཡོདཔ་ཨིན་པས། ནེ་ཛ་ཧུ་ཝལ་ཀོའི་ཊལ་འདི་ མེག་སི་ཀོ་ལུ་ མི་རློབས་མང་ཤོས་ཡོད་པའི་ས་ཁོངས་ཅིག་ཨིནམ་དང་ ཀི་ལོ་མི་ཊར་གྲུ་བཞི་རེ་ལུ་ མི་རློབས་༡༧༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པས།

ནེ་ཛ་ཧུ་ཝལ་ཀོའི་ཊལ་འདི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་ཡོད་པའི་ ཁྲོམ་ཚོགས་མ་འདྲཝ་ཅིག་ཨིན། མི་རློབས་བརྒྱ་ཆ་༡.༤༡ གིས་ Mazateco དང་ Náhuatl དེ་ལས་ Mixteco ཚུ་རྩིས་ཏེ་ ས་གནས་ཀྱི་སྐད་ཡིག་ཚུ་སླབ་དོ་ཡོདཔ་ཨིན། ཁྲོམ་འདི་ནང་ལུ་ Afro-descendant མི་སྡེ་ཆུང་ཀུ་ཅིག་ཡང་ཡོདཔ་ཨིན། འཕྲལ་ཁམས་ཅིག་གི་ལོ་ཚུ་ནང་ ནེ་ཛ་ཧུ་ཝལ་ཀོའི་ཊལ་གིས་ ཡུ་ཨེས་དང་ཀེ་ནེ་ཌ་ དེ་ལས་ རྒྱ་ནག་བཟུམ་གྱི་ རྒྱལ་ཁབ་ཚུ་ནང་ལས་ གནས་སྤོ་མི་ཚུ་ འོང་བཅུག་སྟེ་ ལམ་སྲོལ་སྣ་ཚོགས་ཀྱི་ རང་གཤིས་ལུ་ ཕན་གྲོགས་འབད་ནུག།

གཞུང་སྐྱོང་ལམ་ལུགས།

ནེ་ཛ་ཧུ་ཝལ་ཀོའི་ཊལ་འདི་ མེག་སི་ཀོ་གི་ཁྲོམ་སྡེ་གཞུང་གི་འོག་ལུ་ ལཱ་འབདཝ་ཨིན། འདི་གི་ས་གནས་གཞུང་འདི་ ཁྲོམ་སྡེ་གི་སྲིད་འཛིན་ (ཁྲོམ་དཔོན་) གིས་ འགོ་འཁྲིད་འབད་དེ་ ayuntamientto ཟེར་མི་ ཚོགས་སྡེ་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ དེ་ནང་ བློ་གཏད་ཅན་གཉིས་ (sindicos) དང་ ཚོགས་སྡེའི་འཐུས་མི་བཅུ་གཉིས་ (Regidores) ཚུ་ ཚུདཔ་ཨིན་པས། འགོ་དཔོན་འདི་ཚུ་ མི་སེར་ཚུ་གིས་ ལོ་༣ གྱི་རིང་ལུ་ ཕྱག་ཞུ་ནི་གི་དོན་ལུ་ བཙག་འཐུ་འབད་དེ་ ཆུ་དང་ གཙང་སྦྲ་འཕྲོད་བསྟེན་ མི་མང་ཉེན་སྲུང་ དེ་ལས་ ཁྲོམ་གྱི་འཆར་གཞི་ཚུ་ འཛིན་སྐྱོང་འཐབ་ནིའི་འགན་ཁུར་འབགཔ་ཨིན། ཁྲོམ་སྡེ་འདི་ མེག་སི་ཀོ་གི་རྩ་ཁྲིམས་ཆེན་མོའི་དོན་ཚན་༡༡༥ པའི་འོག་ལུ་ རང་དབང་དང་གཅིག་ཁར་ ལཱ་འབད་དེ་ མངའ་སྡེ་དང་སྤྱི་གཞུང་དབང་འཛིན་ཚུ་ལས་ རང་དབང་ཅན་སྦེ་ ས་གནས་ཀྱི་གནས་སྟངས་ཚུ་ དབང་འཛིན་འབད་བཅུགཔ་ཨིན། ད་རེས་ནངས་པའི་ ཁྲོམ་སྡེ་གི་སྲིད་འཛིན་ Adolfo Cerqueda Rebollo འདི་ སྤྱི་ལོ་༢༠༢༡ ལས་ འགོ་བཙུགས་ཡོདཔ་ད་ སྤྱི་ལོ་༢༠༢༤ ལུ་ ལོག་སྟེ་བཙག་འཐུ་འབད་ཡོདཔ་ད་ ཁོ་གི་བདག་སྐྱོང་གིས་ མངའ་སྡེ་དང་ སྤྱི་གཞུང་ཚུ་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ ནེ་ཛ་ཧུ་ཝལ་ཀོའི་ཊལ་ལུ་ གཞི་རྟེན་དང་ མི་མང་ཞབས་ཏོག་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ དམིགས་གཏད་བསྐྱེད་དེ་ གོང་འཕེལ་ལས་རིམ་ཚུ་ ལག་ལེན་འཐབ་ཡོདཔ་ཨིན་པས།

སྐད་ཡིག་དང་ལམ་སྲོལ།

ནེ་ཛ་ཧུ་ཝལ་ཀོའི་ཊལ་ནང་ ཨིསི་པེ་ནིཤ་འདི་ ཧ་ལམ་ག་ར་གིས་ ཁ་སླབ་མི་ སྐད་ཡིག་ངོ་མ་ཅིག་ཨིན། ཨིན་རུང་ མི་རློབས་བརྒྱ་ཆ་༡.༤༡དེ་ཅིག་གིས་ Mazateco དང་ Náhuatl དེ་ལས་ Mixteco བཟུམ་གྱི་ སྐད་ཡིག་ཚུ་སླབ་དོ་ཡོདཔ་ཨིན་མས། སྐད་ཡིག་འདི་ཚུ་གིས་ ཁྲོམ་སྡེ་གི་ལམ་སྲོལ་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིནམ་མ་ཚད་ མེག་སི་ཀོ་གི་སྐད་ཡིག་གི་སྲོལ་རྒྱུན་ཕྱུགཔོ་ཅིག་ཨིན།

ནེ་ཛ་ཧུ་ཝལ་ཀོའི་ཊལ་ལུ་ ལོ་གཅིག་གི་རིང་ལུ་ དུས་སྟོན་དང་ལས་རིམ་ལེ་ཤ་ཅིག་ཡོད་པའི་ ལམ་སྲོལ་གྱི་མཐོང་སྣང་ཅིག་ཡོདཔ་ཨིན། སྦོམ་ཤོས་ཅིག་འདི་ སྤྱི་ཟླ་༤པ་དང་༥པའི་ནང་ འགོ་འདྲེན་འཐབ་མི་ Nezatitlqn དུས་སྟོན་འདི་ཨིནམ་ད་ དེ་ནང་ ཞབས་ཁྲའི་ལས་རིམ་དང་ ཞབས་ཁྲ་རྐྱབ་ནིའི་ལས་རིམ་ དེ་ལས་ ཀི་དེབ་ཀྱི་འགྲེམས་སྟོན་ཚུ་ཡོདཔ་ཨིན། ཁྲོམ་ཚོགས་ཀྱི་རྡོ་རིག་དུས་སྟོན་དང་ Ska ལམ་སྲོལ་དུས་སྟོན་བཟུམ་གྱི་ ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཨིན་པས། དུས་སྟོན་འདི་ཚུ་གིས་ མི་སྡེ་གཅིག་ཁར་འཛོམས་ཏེ་ ཁྲོམ་གྱི་སྒྱུ་རྩལ་གྱི་སེམས་ཤུགས་འདི་ གསལ་སྟོན་འབདཝ་ཨིན།

དཔལ་འབྱོར་དང་ཚོང་འབྲེལ།

ནེ་ཛ་ཧུ་ཝལ་ཀོའི་ཊལ་ལུ་ བཟོ་སྐྲུན་དང་ཚོང་འབྲེལ་ དེ་ལས་ ཞབས་ཏོག་ཚུ་ལུ་ གཞི་བཞག་སྟེ་ དཔལ་འབྱོར་མ་འདྲཝ་ཡོདཔ་ཨིན། ཁྲོམ་སྡེ་གིས་ བཟོ་གྲྭ་ཁང་ལེ་ཤ་ཅིག་གིས་ བགོ་ལ་དང་ གློག་རིག་ གྱིབ་ཤོག་ དེ་ལས་ སྣུམ་འཁོར་གྱི་ཆ་ཤས་ཚུ་ བཟོ་བསྐྲུན་འབད་དེ་ མི་སེར་མང་ཤོས་ཅིག་ལུ་ ལཱ་གཡོག་བྱིན་དོ་ཡོདཔ་ཨིན་པས། ད་རུང་ ནི་ཛ་ ལུ་ ཚོང་འབྲེལ་ལྟེ་བ་དང་ ཚོང་ཁང་ལེ་ཤ་ཡོདཔ་ལས་ མི་རློབས་ཡར་སེང་འགྱོ་མི་གི་དགོས་མཁོ་ཚུ་ གྲུབ་ཚུགས་དོ་ཡོདཔ་ཨིན། གསོ་བའི་ཞབས་ཏོག་དང་ ཟ་ཁང་ དེ་ལས་ སྐྱེལ་འདྲེན་ཚུ་རྩིས་ཏེ་ ཞབས་ཏོག་ལས་ཁུངས་ཚུ་གིས་ཡང་ ས་གནས་ཀྱི་དཔལ་འབྱོར་ནང་ ཁག་ཆེ་བའི་ འགན་ཁུར་འབགཔ་ཨིན་པས།

ནེ་ཛ་ཧུ་ཝལ་ཀོའི་ཊལ་གིས་ ནང་འཁོད་དང་རྒྱལ་སྤྱིའི་ཚོང་འབྲེལ་གཉིས་ཆ་རའི་ནང་ འབྲེལ་གཏོགས་འབདཝ་ཨིན། སྤྱི་ལོ་༢༠༢༣ལུ་ ཁྲོམ་སྡེ་གིས་ ཚོན་དང་ བཙོག་པ་ ཁང་ཆས་ཀྱི་ཆ་ཤས་དང་ བཞེས་སྒོ་བཟོ་མི་ ཅ་ཆས་ཚུ་ United States དང་ Jamaica དེ་ལས་ Ecuador ཚུ་ ས་སྒོ་གཙོ་བོ་ཅིག་ཨིན་པས། ནང་འདྲེན་གྱི་ཕྱོགས་ལུ་ ནི་ཛ་ གིས་ ཕགཔ་གི་ཤ་དང་ བྱ་གསོ་སྐྱོང་ དེ་ལས་ ཁང་ཆས་བཟུམ་གྱི་ ཅ་ཆས་ཚུ་ འབག་འོང་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ ཡུ་ཨེས་དང་ རྒྱ་ནག་ དེ་ལས་ ཀེ་ནེ་ཌ་ལས་ཨིན་པས། མེག་སི་ཀོ་ཁྲོམ་གྱི་ཉེ་འདབས་ལུ་ཡོད་པའི་ ཁྲོམ་སྡེ་གི་ཐབས་བྱུས་ས་ཁོངས་དང་ དེ་གི་མཐུན་རྐྱེན་སྒྲིང་སྒྲིང་ཡོད་མི་ཚུ་གིས་ ཚོང་འབྲེལ་གྱི་ལས་སྣ་ཚུ་ནང་ བཅའ་མར་གཏོགས་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན།

དཀའ་ངལ་དང་གདོང་ལེན།

ནེ་ཛ་ཧུ་ཝལ་ཀོའི་ཊལ་ལུ་ མགྱོགས་དྲགས་སྦེ་ ཡར་རྒྱས་དང་ ཁྲོམ་ཚོགས་གོང་འཕེལ་གཏང་མི་ལུ་བརྟེན་ གདོང་ལེན་ལེ་ཤ་ཅིག་ར་ འབྱུང་དོ་ཡོདཔ་ཨིན་པས། ཁྲོམ་ཚོགས་འདི་ གཞི་རྟེན་མཐུན་རྐྱེན་ཚུ་ ལངམ་སྦེ་མེད་པར་ མགྱོགས་དྲགས་སྦེ་ རྒྱ་སྐྱེད་འགྱོ་ཡོདཔ་ལས་ ཆུ་མ་ལང་པའི་དཀའ་ངལ་ཚུ་ འབྱུང་སྟེ་ཡོདཔ་ལས་ ཁྱིམ་ཚང་ལ་ལུ་ཅིག་ནང་ ཆུ་བཏང་ཚུགས་པའི་ གོ་སྐབས་མེདཔ་ཨིན་མས། ཉེས་ཅན་འདི་ཡང་ ཚ་གྱང་ལང་སྟེ་ཡོདཔ་ལས་ ས་གནས་ནང་ ཉེན་སྲུང་ལུ་ ཐོ་ཕོག་མི་དང་ བྱ་ངན་འབད་མི་ཚུ་གིས་ཡང་ ཉེས་ཁྲིམས་ཕོག་མི་ལུ་བརྟེན་ཏེ་ཨིན་པས།

དཀའ་ངལ་འདི་ཚུ་སེལ་ཐབས་ལུ་ ནི་ཛ་ གིས་ ཐབས་ཤེས་སྣ་ཚོགས་ལག་ལེན་འཐབ་ཡོདཔ་ཨིན། ཁྲོམ་སྡེ་གིས་ མི་མང་ཞབས་ཏོག་དང་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནི་ལུ་ མ་རྩ་བཙུགས་ཡོདཔ་ད་ དེ་ཡང་ ཆུ་བཀྲམ་སྤེལ་གྱི་ ལམ་ལུགས་ཡར་དྲག་གཏང་ནི་གི་ འབད་བརྩོན་ཚུ་ཨིན་པས། ཉེན་སྲུང་དང་ ཁྲིམས་སྲུང་འགག་པའི་ བསྐྱར་ཞིབ་དང་ མི་སྡེ་ཁྲིམས་སྲུང་འགག་པའི་ ཐབས་ལམ་ཚུ་ ཉེས་འགེལ་ལུ་ གདོང་ལེན་འབད་ནི་དང་ མི་མང་གི་བློ་གཏད་ཚུ་ ལོག་ཐོབ་ནིའི་དོན་ལུ་ འགོ་བཙུགས་ཡོདཔ་ཨིན་པས། འདི་གི་ཁ་སྐོང་ལུ་ ཧེ་མའི་ Bordo de Xochiaca གི་ས་རུད་འདི་ Ciudad Jardín Bincecentario ལུ་བསྒྱུར་བཅོས་འབད་ནི་འདི་གིས་ ཁྲོམ་ཚོགས་ཀྱི་ས་སྒོ་ཚུ་ བསྐྱར་གསོ་འབད་ནི་དང་ མི་སེར་ཚུ་ལུ་ སྤྲོ་བའི་དོན་ལུ་ ས་ཁོངས་ཚུ་བྱིན་ནི་གི་དོན་ལས་ཨིན་པས།

མངའ་སྡེའི་སྐོར།

ནེ་ཛ་ཧུ་ཝལ་ཀོའི་ཊལ་འདི་ མངའ་སྡེ་ལུ་དབྱེ་བ་ཕྱེ་སྟེ་མེདཔ་ཨིན། མེག་སི་ཀོ་མངའ་སྡེ་ནང་འཁོད་ལུ་ཡོད་པའི་ཁྲོམ་སྡེ་ཅིག་ཨིན། ནེ་ཛ་ཧུ་ཝལ་ཀོའི་ཊལ་ནང་ལུ་ ཁྲོམ་ཚོགས་འདི་ དབང་འོག་རྒྱལ་ཁབ་ ༨༦ ལུ་སྒྲིག་སྟེ་ཡོདཔ་ད་ དེ་ནང་ལུ་ དབང་འོག་རྒྱལ་ཁབ་ཟེར་སླབ་ཨིནམ་དང་ ས་གནས་ཆུང་ཀུ་དག་པ་ཅིག་ཡང་ ཚུད་དེ་ཡོདཔ་ཨིན།

མཇུག་སྡུད།

ནེ་ཛ་ཧུ་ཝལ་ཀོའི་ཊལ་འདི་ མེག་སི་ཀོ་གི་དབུས་ཕྱོགས་ལུ་ བྲེལ་འཐབ་ཅན་དང་ འཛུགས་སྐྱོང་འབད་མི་ ཁྲོམ་ཚོགས་ཅིག་ཨིན། དེ་ནང་ལུ་ ཁྱིམ་ཚང་ལེ་ཤ་ཡོདཔ་མ་ཚད་ མི་རློབས་གཞོནམ་དང་ དེང་སང་གི་མི་ཚེ་དང་ལམ་སྲོལ་ཚུ་ཡང་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། མི་ཚུ་གིས་ ངོ་མ་རང་ Spanish སླབ་ཨིན་རུང་ ལ་ལུ་ཅིག་གིས་ ད་ལྟོ་ཡང་ ས་གནས་ཀྱི་སྐད་ཡིག་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན། ཁྲོམ་སྡེ་གིས་ ཆུ་མ་ལང་པའི་དཀའ་ངལ་དང་ བྱ་ངན་བཟུམ་གྱི་ དཀའ་ངལ་ཚུ་ ཐོན་དོ་ཡོདཔ་ཨིན་རུང་ མི་སེར་ཚུ་གི་དོན་ལུ་ མི་ཚེ་ཡར་དྲག་གཏང་ནི་གི་ ཐབས་ཤེས་ཚུ་ བཏོན་དོ་ཡོདཔ་ཨིན་པས། ནི་ཛ་ འདི་ ས་གནས་ཀྱི་དཔལ་འབྱོར་དང་ དུས་སྟོན་ དེ་ལས་ མི་སྡེའི་སེམས་ཤུགས་ཚུ་ སྒྲིང་སྒྲིང་ཡོདཔ་ལས་ མེག་སི་ཀོ་མངའ་སྡེ་གི་ ཁག་ཆེ་བའི་ཆ་ཤས་ཅིག་ འཕྲོ་མཐུད་དེ་རང་ ཡོདཔ་ཨིན།

རྒྱབ་རྟེན། (References)

https://kids.kiddle.co/Ciudad_Nezahualc%C3%B3yotl?

https://whatstheweather.net/nezahualcoyotl-climate-monthly-temperature-overview-mexico/?

https://www.aznations.com/population/mx/cities/nezahualcoyotl?

https://www.economia.gob.mx/datamexico/en/profile/geo/nezahualcoyotl?

https://cdmxsecreta.com/en/festival-nezatitlan-nezahualcoyotl-en/?

https://www.platformexecutive.com/city/ciudad-nezahualcoyotl/?

https://trackstick.com/ciudad-nezahualcoyotl-mexico/?

https://www.bbc.com/news/world-latin-america-43302244?

https://en.m.wikipedia.org/wiki/Ciudad_Nezahualc%C3%B3yotl?