Jump to content

པད་མ་བསྟན་འཛིན།

Wikipedia ལས།

༼མཆོད་བརྗོད་ནི།༽

[ཞུན་དག]

ཐོག་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་ལ་སྐྱབས་སུ་མཆི། །ཤེས་རབ་དབང་གི་ལྷ་མཆོག་འཇམ་དཔལ་དབྱངས་ལ་སྐྱབས་སུ་མཆི། །འགགས་མེད་སྙིང་རྗེ་ལོངས་སྐུ་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །ཨུ་རྒྱན་པཎ་ཆེན་གཟུགས་ཀྱི་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། །མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད། །བླ་མས་ཐུགས་རྗེ་བྱིན་གྱིས་རློབས་པར་ཤོག།

༼དངོས་གཞི་སྔོན་མའི་རྟོགས་བརྒྱུད་ནི།༽

[ཞུན་དག]
པདྨ་བསྟན་འཛིན།

ཧེ་མ་རང་དབང་ཡོད་པའི་ཁ་བ་ཅན་གྱི་རྒྱལ་ཁབ་ཅིག་ནང་མཁྱེན་བརྩེ་ནུས་གསུམ་དང་ལྡན་པའི་བླ་མ་རྩ་ཆེན་ཅིག་བཞུགས་ཡོདཔ་ཨིན་པས། བླམ་འདི་ཆོས་སྲིད་ཀྱི་དབུ་བླ་ཨིན་པ་མ་ཚད་རྒྱལ་ཁབ་འདིའི་རྒྱལཔོ་སྦེ་ལོ་ངོ་མང་རབས་ཅིག་མཛད་པའི་ཤུལ་ལུ་སྟོབས་ཤུགས་དང་ལྡན་པའི་རྒྱལ་ཁབ་གཞན་ཅིག་གིས་དབང་བཙོང་འབད་དེ་བླམ་འདི་ཐུགས་ཕམ་སྟེ་ལོ་ངོ་དག་པ་ཅིག་བཞུགས་པའི་ཤུལ་མ་དམག་སྤུངས་འོང་པའི་དཀའ་ངལ་གྱིས་ཐབས་ཤེས་གཞན་ག་ནི་ཡང་བསྟེན་མ་ཤེས་པར་བཞུགས་པའི་བར་ན་བླམ་ཁོ་རའི་སྐུ་ཚེ་གོང་མའི་ཡབ་སྲས་དང་སྤྱི་ཁྱད་ལྷག་པའི་དམ་ཚིག་གཅིག་པ་དུས་རྒྱུན་དུ་སྒྲུབ་པ་མཉམ་ལེན་གནང་བཞུགས་མི་གྲུབ་ཐོབ་འདི་གིས་སྒྲུབ་པ་གནང་བའི་བར་མཚམས་ལས་བཞེངས་བྱོན་ཏེ་བླ་ཆེན་འདི་གནས་སྐབས་ཅིག་གི་དོན་ལུ་ལྷོ་གླིང་རྒྱལ་ཁབ་གཞན་ཅིག་ཁར་བྱོན་ཏེ་བཞུགས་ཟེར་ཞུཝ་མ་ཚད་གྲུབ་ཐོབ་དེ་གིས་བླ་ཆེན་ཁྱེད་བྱོན་མ་ཚར་བར་དུ་ཁྱེད་རའི་གཟིམ་ཁང་ནང་ལུ་ང་གིས་ཁྱེད་རའི་སྐུ་གཟུགས་དང་དབྱེ་བ་མེད་པར་རྫུ འཕྲུལ་སྟོན་སྦེ་སྡོད་གེ་ཟེར་ཞུ་ནུག། དེ་ལས་བླ་ཆེན་གྱིས་དེ་སྦེ་རང་ཨིན་པ་ཅིན་བཏུབ་པས་ཟེར་ཞལ་གྱིས་བཞེས་ཏེ་བླ་ཆེན་འདི་གཟིམ་ཁང་ནང་ལས་ཕྱི་ཐོན་བྱོན་པའི་སྐབས་རྫུ་འཕྲུལ་ལུ་སྟོན་སྦེ་བྱོན་ནུག། ཨིན་རུང་བླ་མའི་གཟིམ་ཁང་མཐའ་སྐོར་ཕྱིའི་ལྕགས་རི་ལུ་ཡོད་པའི་དབང་བཙོང་དམག་སྤུངས་རྣམས་ཀྱིས་ཤེས་མ་ཚུགས་པས། དེ་སྒང་ལས་བླ་མའི་གཟིམ་ཁང་ནང་བླམ་གྱི་ཚབ་སྦེ་རྫུ་འཕྲུལ་བསྟན་སྦེ་བཞུགས་མི་བླ་མའི་སློག་མ་གྲུབ་ཐོབ་འདི་སྡོད་ནུག། བླ་ཚབ་གྲུབ་ཐོབ་ཀྱིས་གནམ་ལོ་སྟག་ལོའི་ཡར་ཚེས་བཅོ་ལྔ་ལས་འགོ་བཙུགས་ཏེ་དམག་ཐེངས་མང་རབས་ཅིག་རྐྱབ་སྟེ་རྒྱལ་ཁ་ཐོབ་ནུག། དམག་སྤུངས་རྣམས་ཀྱིས་ཐབས་ཤེས་གཞན་ག་ཅི་སྟོན་རུང་གྲུབ་ཐོབ་དེ་ལུ་འབད་མ་ཚུགས་པར་དབང་བཙོང་དམག་དཔོན་རྣམས་སེམས་ཕམ་སྟེ་སྡོད་པའི་བར་ན་རྒྱལ་ཁབ་འདི་ནང་གི་མི་ནང་གསུག་བཟའ་མི་ཅིག་གིས་དེ་སྦེ་མེན་་་ཐབས་ཤེས་གཞན་ཡོད་ཟེར་སླབ་ནུག། རྒྱལ་ཁབ་དེ་ནང་ཡོད་པའི་བུད་མེད་རྣམས་གེ་ར་བཀུག་བཞིནམ་ལས་མཚོན་ཆའི་རིགས་གེ་ར་བུད་མེད་ཀྱི་མི་གཙང་བ་དང་གཅིག་ཁར་བཞག་པ་ཅིན་མི་གཙང་བའི་སྒྲིབ་ཀྱིས་བླམ་དེ་ཀྲོང་ཚུགས་ནི་འོང་ཟེར་དམག་དཔོན་ལུ་ཞུ་ནུག། དེ་ལས་དམག་དཔོན་གྱིས་ཁོ་གི་སླབ་དོ་བཟུམ་སྦེ་དཀྲོགཔ་མདའ་དང་ཀྲིང་ཀ་རྣམས་བུད་མེད་ཀྱི་མི་གཙང་བ་དང་གཅིག་ཁར་བཞག་སྟེ་བླམ་དེ་ཀྲིང་ཀ་གིས་གསོབ་ད་ནུག། གསོབ་ཚར་བའི་ཤུལ་ལུ་དམིགས་གཏད་བསྐྱེད་པའི་བླམ་འདི་མེན་པར་མི་གཞན་ཅིག་བསད་ད་ནུག། དེ་ལས་ད་རུང་ཡང་བླམ་འདི་ཀྲོང་མ་ཚུགས་པའི་གནད་དོན་ལས་བརྟེན་དམག་དཔོན་གྱི་གཙོས་པའི་དབང་བཙོང་དམག་སྡེ་ཚུ་སེམས་ལུ་བློ་འགྱོད་སྦོམ་བྱུང་ནུག། དེ་ལས་དམག་སྡེ་རྣམས་ངལ་མ་རངས་པའི་ཤུགས་ཀྱིས་གྲུབ་ཐོབ་འདི་རྐང་ལག་བསྡམས་སྦེ་མཚོན་ཆའི་རིགས་ཀྲིང་ཀ་ཚུ་གིས་གསོབ་སྟེ་རྒྱུ་མ་ནང་ཁྲོལ་ཚུ་ཕྱི་ཁར་བཏོན་བཏང་ནུག། ཨིན་རུང་གྲུབ་ཐོབ་འདི་གིས་ཁོ་ར་སྔར་བཞིན་དུ་བཞུགས་ཏེ་ས་གནས་འདི་ཁའི་མི་ཚུ་ལུ་རྒྱལ་ཁབ་དེ་ཉིད་རྒྱུ་ནོར་ལོངས་སྤྱོད་ལུ་འདོད་པ་ཆེ་བའི་སྟོབས་ཀྱིས་གཡོ་སྒྱུའི་དབང་ཚརཝ་ད་འབདན་རང་གི་རྒྱལ་ཁབ་ཡང་རོག་ལུ་ཤོར་སོང་རུང་ཁྱད་མེདཔ་ཨིན་མས། ད་རྒྱལ་ཁབ་འདི་རོག་ལུ་ཤོར་སོང་ཡི་ཟེར་གསུངས་སྦེ་ཁོ་རའི་རྩ་བའི་བླ་མ་དང་ཡི་དམ་ལྷ་ལུ་སྐྱབས་ཞུ་ནུག། སྐྱབས་ཞུའི་སྨྲས་ངག་དེ་ཡང་། མ་ལུས་སྐྱབས་ཀུན་འདུས་པའི་རིན་པོ་ཆེ། མ་མཆོག་ལ་སྐྱབས་མཆི་ཀྱང་། སྐུ་ལ་གདན་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རིན་པོ་ཆེ། རྗེས་སུ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས།

བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི། བརྩེ་གཅིག་ང་ལ་བླ་མའི་བྱིན་རླབས་མཛད་པ་བླ་མའི་ཐུགས། བླ་མའི་ ཡི་དམ་ལྷ་ལ་སྐྱབས་སུ་མཆི། བླ་མའི་ཐུགས་རྗེ་བྱིན་རླབས་གནང་བའི་ཚེ། བླ་མ་ཡི་དམ་ལྷ་དང་དངོས་སུ་མཇལ། བླ་མས་བྱིན་གྱིས་རླབས་པའི་ཐུགས་སྨོན་ནས། ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ། བླ་མས་ཡི་དམ་ཞལ་གཟིགས་དངོས་གྲུབ་བྱིན་གྱིས་རླབས་ཏུ་གསོལ། དམ་པའི་ཆོས་ཀྱི་བསྟན་པ་ནི། ང་ཡི་རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ། བླ་མས་གདམས་ངག་གནང་བའི་བྱིན་རླབས་མ་བཞིན་ལྷུན་གྱི་གྲུབ། སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ། བསམ་ཡས་མཆིས་ཕུར་སྒྲུབ་པ་མཛད་པའི་ཚེ། །རྐྱེན་ངན་ཟློག་ཅིང་དངོས་གྲུབ་གནང་། བླ་མས་ཐུགས་རྗེ་བྱིན་རླབས་ཀྱིས། རྗེ་བློན་ཐར་པའི་ལམ་ལ་བཀོད་པར་ཤོག། ཁམས་གསུམ་སེམས་ཅན་འཁོར་བར་འཁྱམས་པའི་ཚེ།། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀྱིས།། མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལ།། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་སུ་གསོལ།། མ་འོངས་སེམས་ཅན་རྣམས་ལ་ཐུགས་རྗེ་གཟིགས་པར་ཤོག། དམ་ཚིག་ལྡན་ཞིང་བསྐྱེད་རྫོགས་མཐར་ཕྱིན་པར་ཤོག། ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།། འཇའ་ལུས་ཆོས་སྐུ་གྲུབ་པའི་འོད་ལམ་ལ།། ས་ཆ་འདི་ལ་ཕན་པའི་འགྲོ་བའི་དོན།། རོ་བཞིན་འདི་ལ་ཕན་པའི་འོད་ཟེར་ལྔ།། འོད་ཟེར་ལྔའི་ལམ་ལ་གསལ།། ཟེར་གསུངས་ཚརཝ་ཅིག་ས་གནས་འདི་ནང་ལུ་ཆརཔ་དང་སེརཝ་རྐྱབ་ཉིམ་ཤར་རླུང་མ་འདི་ཚུ་འཕུརཝ་ཅིག་གྲུབ་ཐོབ་འདི་ས་གནས་དེ་ནང་རང་སྐུ་འཇའ་ལུས་སུ་གྲུབ་སྟེ་བྱོན་ནུག། དེ་ལས་འཕྲལ་མྱུར་དུ་རང་གནམ་ལོ་ཤིང་ལུག་ དབྱིན་ལོ་ ༡༩༥༥ ལོར་འབྲུག་ཡུལ་ཅིག་ནང་ཡབ་བྱམས་པ་ཕུན་ཚོགས་དང་ཡུམ་ལྷ་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ནུག། ཡབ་བྱམས་པ་ཕུན་ཚོགས་འདི་ཕྲག་དོག་ཅན་ཅིག་ཨིན་མས། ཡུམ་ལྷ་སྒྲོན་འདི་ཆོས་སེམས་ཡོད་མི་ཅིག་ཨིན་རུང་ཁོང་རའི་སྲས་གཙང་སྦྲ་དང་ལྡན་ཏོག་ཏོ་སྦེ་ལེགས་ཤོམ་བདག་འཛིན་འཐབ་སྟེ་བཞག་མ་ཚུགསཔ་ལས་ཟླཝ་བདུན་གྱི་རྒྱབ་ལས་ན་ཚ་ཕོག་སྟེ་འཇིག་རྟེན་ཕ་རོལ་ཏུ་སྐུ་གཤེགས་ནུག། དེ་ལས་ལོ་ངོ་བཅུ་གསུམ་གྱི་ རྒྱབ་ལས་སྤྱི་ལོ་ ༡༩༦༨ རང་ལུགས་གནམ་ལོ་ས་སྤྲེལ་ལོར་སྨན་ལྗོངས་འབྲུག་གི་རྒྱལ་ཁབ་གཞལ་སྒང་རྫོང་ཁག་ སྒོ་ཞིང་རྒེད་འོག་གཡུས་ལི་ཅི་བི་ལུ་ཡབ་དངོས་གྲུབ་དང་ཡུམ་འཛོམས་བྷ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ནུག། སྐྱེ་ཚར་བའི་ཤུལ་ལུ་ད་རུང་ཧེ་མ་བཟུམ་སྦེ་ཁོ་རའི་ཡབ་ཡུམ་གཉིས་ཀྱིས་ལེགས་ཤོམ་སྦེ་གཙང་སྦྲ་དང་ལྡན་ཏོག་ཏོ་སྦེ་བཞག་མ་ཚུགསཔ་ལས་ཟླཝ་གསུམ་གྱི་རྒྱབ་ལས་ནད་གཞི་ཐོབ་སྟེ་གཤགས་སོང་རུང་གཡུས་ཚན་འདི་ནང་བླམ་ཆོསཔ་ཚུ་མ་ཐོབ་པའི་དཀའ་ངལ་ལས་བརྟེན་ སྐུ་ཕུང་འདི་ཞག་གསུམ་ཁྱིམ་གྱི་རྒྱབ་ཁར་བཏོན་སྦེ་ཞག་ནུག། དེ་ལས་ཞག་གསུམ་གྱི་རྒྱབ་ལས་ཁོ་རའི་ཚེ་ཧེ་མའི་ཡི་དམ་གྱིས་གཡུས་ཚན་འདི་ནང་གི་སྒོམ་ཆེན་ཅིག་གི་སེམས་ནང་ན་འཛུལ་ཏེ་སྒོམ་ཆེན་དེ་གིས་ཁྱིམ་གྱི་རྒྱབ་ཁ་ལས་སྐུ་ཕུང་འདི་འཐུ་འབག་འོང་སྟེ་ཡབ་ཡུམ་གཉིས་ལུ་ཨ་ལོ་དེ་མ་ཤིཝ་ལས་ཁྱིམ་གྱི་རྒྱབ་ཁར་བཞག་ནུག་ཟེར་གསུངས་ཏེ་ཁོང་ར་གཉིས་ལུ་རྩིས་སྤྲོད་ནུག། དེ་ལས་ཡབ་དང་ཡུམ་གྱིས་ཐུགས་བྱམས་པ་དང་བརྩེ་བའི་སྒོ་ལས་ཨ་ལོ་དེ་གསོ་ནུག། ལོ་དགུ་ལངམ་ད་ཡུམ་དེ་འཇིག་རྟེན་འདི་ལས་འདས་སོང་ནུག། ཡུམ་དེ་བཤགས་པའི་ཤུལ་ལུ་བུ་ཚ་ཁོ་ར་སློབ་གྲྭ་སློབ་རིམ་གསུམ་པ་ཚུན་ཚད་བལྟ་ནུག དེ་ལས་ཁོ་ལུ་རྒྱབ་སྐྱོར་འབད་མི་ག་ཡང་མེད་པར་བློ་སེམས་ཕམ་སྟེ་སློབ་གྲྭ་ནང་འགྱོ་མ་ཚུགས་ནུག། དེ་ལས་ཁོ་རའི་རང་མགོ་རང་འདྲོངས་སྦེ་སྡོད་ཐབས་ལུ་ལཱ་གཡོག་ཆུང་ཀུ་ཅིག་འཚོལ་ནུག། བརྩེ་བའི་དགའ་མཐུན་གཅིག་ཁར་གཉེན་རྐྱབ་སྦེ་བར་ན་བུ་གཞི་གསུམ་དང་གཅིག་ཁར་ཚེ་ཧེ་མའི་སྨོན་ལམ་གྱི་དབང་གིས་སྐྱབས་དཀོན་མཆོག་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་སྲུང་མ་ཚུ་གིས་ཐུགས་རྗེ་བྱིན་རླབས་ལས་བརྟེན་ག་ནི་བ་སྟབས་བདེ་ཏོག་ཏོ་སྦེ་ད་ལྟོའི་བར་རང་གི་མི་ཚེ་ཞི་བདེའི་ངང་ལུ་སྐྱོང་སྟེ་བཞུགས་པའི་སྒང་ཡོད།

ཁོ་རའི་འཁྲུལ་སྣང་གི་སྐྱོ་རྩོམ་ནི།

[ཞུན་དག]

ཚེ་སྔ་མ་སྐྱེས་པའི་འཛམ་གླིང་ནང་། །དགུང་ཁྲི་གདུགས་ཉི་མའི་འོད་ཟེར་ཨིན། །སྤྲང་པོ་སྔ་མའི་ཚེ་འདེ་ལུ། །ལྷ་ཡུལ་དང་འདྲ་བའི་ཕ་ཡུལ་སྣང་། །ལས་མ་དག་ཅན་གྱི་སྤྲང་པོ་ང་། །རྐྱེན་བར་ཆད་བྱུང་སྟེ་སྡོད་མ་གཏད། །ཚེ་ད་ལྟ་སྐྱེས་པའི་འཛམ་གླིང་ནང་། །ང་མི་ལུས་ལན་གཅིག་ཐོབ་པ་འདི། །ཚེ་སྔོན་གྱི་ལས་དང་སྨོན་ལམ་གྱིས། །ཚེ་ད་ལྟ་མི་ལུས་ཐོབ་པ་འདི། །ང་སྣུམ་འཁོར་འདེད་གཡོག་ད་ལྟའི་ལས། །ཁམས་གསུམ་སེམས་ཅན་ཡོངས་ཀྱི་འགྲོ་བའི་དོན། །ང་སྣུམ་འཁོར་ནང་ན་འཛུལ་བའི་སྐབས། །སངས་རྒྱས་དངོས་སུ་མཐོང་བར་ཤོག་ཅིག། །ང་སྣུམ་འཁོར་འགྲོ་འགྲུལ་འབད་བའི་དུས། །བླ་མ་དཀོན་མཆོག་གསུམ་དང་ཕ་མ་དྲན། །རོ་ཁྱི་དང་འདྲ་བའི་འདེད་གཡོག་ང་། །ཁམས་གསུམ་སེམསཅན་འཁོར་བར་འཁྱམས་པ་དྲན། །མདུན་གྱི་ནམ་ཁར་རྩ་གསུམ་དཀོན་མཆོག་དྲན།

།ཆེ་ཆུང་ཐུན་མོང་ཐེག་པ་དྲན། །ལས་མ་དག་ཅན་གྱི་འདེད་གཡོག་ང། དགའ་བའི་སྐབས་སུ་དགའ་ཡང་དགའ། །སྐྱོ་བའི་དུས་སུ་སྐྱོ་ཡང་སྐྱོ། །དགའ་སྐྱོ་གཉིས་ཀུ་འཛོམས་པ་ཚེ་སྔོན་ལས། །ལས་མ་དག་ཅན་གྱི་འདེད་གཡོག་ང་། །སྐྱབས་དཀོན་མཆོག་གསུམ་གྱི་ཐུགས་རྗེས་གཟིགས། །ལས་མ་དག་སྐྱེས་པའི་མི་ལུས་ལུ། །དྲིན་ཅན་གྱི་བླ་མ་ཁྱེད་ར་མཁྱེན། །ཡི་དམ་མཁའ་འགྲོ་ཆོས་སྐྱོངས་ཁྱེད་ར་མཁྱེན། །ལས་འབྲས་བསླུ་བ་མེད་པའི་འདེད་གཡོག་ང་། །གླིང་བཞི་མུན་པ་བསལ་ཏེ་སེམས་རེ་དགའ། །ལས་སྨོན་གྱིས་གཅིག་ཏུ་འཛོམས་པའི་གྲོགས་མོ་ཁྱོད། །དགའ་སྐྱིད་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བཟང་། །དགུང་ཁྲི་གདུགས་ཉི་མའི་འོད་ཟེར་འདི། །གླིང་བཞི་མུན་པ་བསལ་བའི་འོད་ཟེར་ཨིན། ལས་སྨོན་གྱིས་གཅིག་ཏུ་འཛོམས་པའི་འོད་ཟེར་འདི། །དགའ་སྐྱིད་ཕུན་སུམ་ཚོགས་པའི་འོད་ཟེར་ཨིན། །དགུང་ཁྲི་གདུགས་ཉི་མའི་འོད་ཟེར་ཨིན། །དཔལ་ལྡན་རྩ་བའི་བླ་མའི་འོད་ཟེར་ཨིན། །ཤར་ལས་ཁྲི་གདུགས་ཉི་མ་ནམ་ཡང་ཤར། །ད་རེས་ཉིནམ་ལས་དྲོད་ཆེན་ཤར་མ་མྱོང་། །ད་རེས་ཤར་བའི་ཁྲི་གདུགས་ཉི་མ་འདི། །གླིང་བཞི་མུན་པ་བསལ་བའི་སེམས་རེ་དགའ། །རྩ་བའི་བླ་མའི་ཐུགས་སྨོན་ཟབ་མོ་འདི། །སྤྲང་པོ་ང་ཡི་ལུས་ལ་ཐིམ། །སྤྲང་པོ་ང་ཡི་སྨོན་ལམ་འདི། །རྗེ་བློན་ཐར་པའི་ལམ་ལ་འགོད་པར་ཤོག། ཞིང་ཆེན་དམ་པ་བདེ་ཆེན་ཕོ་བྲང་དུ། །དག་པའི་ཞིང་མཆོག་སྦས་ཡུལ་ཨཱ་རྒྱའི་གླིང་། །ཨོ་རྒྱན་པདྨའི་ཞབས་ལ་གསོལ་བ་འདེབས། །ཚེ་ད་ལྟའི་སྐྱབས་ཡང་དཀོན་མཆོག་གསུམ། །རང་ཕྱི་མའི་སྐྱབས་དང་རེ་ས་དཀོན་མཆོག་གསུམ། །སྐྱབས་མགོན་དཀོན་མཆོག་གསུམ་ཁྱེད་རང་མཁྱེན་ནོ། །ཚེ་འདིར་རིག་འཛིན་ཐོབ་པར་བྱིན་གྱིས་རློབས། །བཀའ་དྲིན་ཅན་གྱི་མི་དབང་རྒྱལ་པོ་མཆོག། །སྔོན་བསགས་བསོད་ནམས་ཆེན་དང་ཐུགས་སྨོན་ལས། །བྱང་སེམས་སྤྲུལ་པའི་མི་དབང་སྐུ་འཁོར་རྣམས། །འགྱུར་མེད་རྟག་པར་བདག་གི་སྤྱི་བོར་སྙེན། །ཚེ་འདིར་ང་ལ་རིག་འཛིན་ཐོབ་པར་བྱིན་གྱིས་རློབས་པར་ཤོག། །སླར་ཡང་སྤྲུལ་པའི་ཟླ་ཞལ་མྱུར་གསལ་སྟེ། །བསྟན་འགྲོའི་རྒྱུད་དམན་ཞི་བར་མཛད་དུ་གསོལ། །མ་ལུས་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བཞུགས་སུ་གསོལ། །དམ་ཚིག་ལྡན་ཞིང་བསྐྱེད་རྫོགས་མཐར་ཕྱིན་ཤོག། །མ་འོངས་སེམས་ཅན་རྣམས་ལ་ཐུགས་རྗེ་གཟིགས་པར་ཤོག། །བླ་མའི་ཐུགས་རྗེས་བྱིན་གྱི་རློབས་པར་ཤོག། །ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ། ། ན་མོ། བསླུ་མེད་གཏན་གྱི་མགོན་པོ་བླ་མ་མཁྱེན། །དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེ་ཚད་མི་རྟག་འཆི་བའི་ཆོས་ཅན་ཡིན། །དགེ་སྡིག་ལས་ཀྱི་རྒྱུ་འབྲས་བསླུ་བ་མེད། །ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོ་ངང་། །དྲན་ནས་བདག་བློ་ཆོས་ལ་འགྱུར་བར་ཤོག།

། སརྦ་མངྒཾ།

"https://dz.wikipedia.org/w/index.php?title=པད་མ་བསྟན་འཛིན།&oldid=35604" ལས་ སླར་འདྲེན་འབད་ཡོདཔ།