Jump to content

བདེ་ཆེན་ཕུག་ལྷ་ཁང་།

Wikipedia ལས།

བདེ་ཆེན་ཕུག་ལྷ་ཁང་གི་ལོ་རྒྱུས།

བདེ་ཆེན་ཕུག་ལྷ་ཁང་དེ་ཐིམ་ཕུག་ཁྲོམ་ལས་བྱང་ཁ་ཐུག་ལུ་ལམ་མཐའ་ཀི་ལོ་མི་ཊར་༡༡་དེ་ཅིག་གི་ས་ཁར་ཡོདཔ་ཨིན། ད་ལྟོ་ལྷ་ཁང་ཡོད་སར་གི་ལྟག་ལུ་ཧེ་མ་དུས་རབ་༡༢་པ་ནང་ལུ་བོད་ལས་འབྲུག་ལུ་བྱོན་མི་བླམ་ཕ་ཇོ་སྒྲུག་སྒོམ་ཞིག་པོ་གིས་སྒྲུབ་སྡེ་ཆུང་ཀུ་ཅིག་རྐྱབ་ནུག ཤུལ་ལས་དེའི་འོག་ལུ་ཁོ་གི་སྲས་བཞི་ཡོད་སར་ལས་སྲས་རྒན་ཤོས་དམ་པ་གིས་ལྷ་ཁང་གཅིག་བཞེངས་གནང་སྟེ་ཁོ་རང་ལོ་བརྒྱ་ཚུན་བཞུགས་ནུག ཁོ་གིས་ཁོ་རའི་སྲས་ཀུན་བཟང་རྡོ་རྗེ་ལུ་ལྷ་ཁང་དེ་རྩིས་གནངམ་མ་ཚད་དེ་ཁའི་དབུ་མཛད་གཉིས་པ་སྦེ་བརྐོ་བཞག་གནང་ནུག བྲོགས་ཀུན་བཟང་རྡོ་རྗེའི་སྲས་ཕ་དམ་པའི་ཡང་སྲས་དམ་སྤྲུལ་བློ་ལྡན་རྒྱལ་པོ་གིས་ཁོ་རའི་ཡབ་ཀུན་བཟང་རྡོ་རྗེ་ལས་ལྷ་ཁང་དེ་རྩིས་བཞེས་ཞིནམ་ལས་ད་ལྟོའི་ལྷ་ཁང་ཐོག་ཚད་བཞི་ཡོད་མི་དེ་ལུ་རྒྱ་སྐྱེད་མཛད་གནང་ནུག དམ་སྤྲུལ་བློ་ལྡན་རྒྱལ་པོ་དེ་སྐུ་ན་ཆུང་ཀུའི་བསྒང་ལས་རང་ཁོ་རའི་ཡབ་རྗེ་ཕ་དམ་པ་སྦེ་ངོས་འཛིན་འབད་ཡོདཔ་མ་ཚད སྐུ་ཡོན་གི་དོན་ལུ་བོད་རྭ་ལུང་ལུ་སྦེ་རྒྱལ་དབང་ཀུན་དགའ་སེང་གེ་གིས་སྐུ་མདུན་ལུ་སྦེ་གཟིགས་ནུག

བདེ་ཆེན་ཕུག་ལྷ་ཁང་ནང་གི་ནང་རྟེན་གཙོ་བོ་བཀའ་སྲུང་དགེ་བསྙེན་ཇག་པ་མེ་ལེན་ཨིན་མས། ཚར་ཅིག་རྗེ་འཇམ་དབྱངས་ཀུན་དགའ་སེང་གེ་དེ་བདེ་ཆེན་ཕུག་ལུ་བྱོནམ་ད་དགེ་བསྙེན་ཇག་པ་མེ་ལེན་འདི་ཁོའི་སྐུ་མདུན་ལུ་ཞལ་ངོས་སུ་མཇལ་དེ་ཁོ་གདེན་འདྲང་ཏེ་ད་ལྟོ་ལྷ་ཁང་གི་གདོང་ཁར་ལྷོདཔ་ཅིན་རྡོ་ཕུག་ནང་ལུ་ཐིམ་འགྱོ་བ་ལས་ས་གནས་ཀྱི་མིང་ཡང་ཐིམ་ཕུག་ཟེ་དར་དགོ་མིའི་རྒྱུ་མཚན་དེ་ཨིནམ་སྦེ་བཤེདཔ་མས།[] རྗེ་ཀུན་དགའ་སེང་གེ་མ་བྱོན་མིའི་ཧེ་མ་དགེ་བསྙེན་ཇག་པ་མེ་ལེན་དེ་ས་གནས་དེ་ཁར་གྱི་གནས་བདག་ཅིག་ཨིན་དོ་མས། ཤུལ་ལས་ཁོ་བྱོན་ཞིནམ་ད་གནས་བདག་དེ་འབྲུག་པ་བཀའ་བརྒྱུད་པའི་བཀའ་སྲུང་སྦེ་དམ་ལུ་བཏགས་ཏི་བདེ་ཆེན་ཕུག་ལྷ་ཁང་ནང་གི་མགོན་ཁང་དེ་དེ་སྐབས་བཟོ་གནང་གནངམ་ཨིན་མས།

ལྷ་ཁང་གི་བཟོ་བཀོད་དེ་རྫོང་གི་དབུ་རྩེ་དང་ཅོག་འཐེདཔ་ཨིནམ་མ་ཚད་ རྩིགཔ་གི་རྒྱ་ཚད་ཡང་མི་ཊར་༡༠་དེ་ཅིག་ཨིན་མས། ལྷ་ཁང་གི་ཐོག་ཚད་ཡང་ཐོག་བཞི་ ཐོག་དང་པའི་ནང་མཎི་ཆོས་འཁོར་གཉིས་དང་ཐོག་གཉིས་པའམ་འདི་ཁང་མིག་སྟོངམ་ཞལ་འཛོམས་རེ་རྐྱབ་པའི་སྐབས་ལག་ལན་འཐབ་དོ་ཡོད་པ་དང་ཐོག་གསུམ་པ་གི་ནང་ལུ་མགོན་པོའི་གཙོས་པའི་གཞན་མི་བཀའ་སྲུང་ཚུ་གི་ལྷ་ཁང་ཚུ་ཨིན་མས། ལྷ་ཁང་དེ་ནང་དགྲ་ཆེས་ཡི་རིགས་མདྲཝ་དཔའ་རྟགས་དང་དགྲ་ལི་དང་ལྕགས་སྨོག་དེ་ལས་མེ་མདའ་ཚུ་ཡང་འདུག དེ་ཡང་ཧེ་མ་བོད་ལས་མ་དམག་འོངམ་ད་ཁོང་ཕམ་མའི་ཤུལ་ལུ་འབྲུག་ལུ་རང་ལུད་ལུད་པའི་ལག་ཆས་ཚུ་ཨིན་མས། མི་ཚུ་གིས་རང་སོའི་བསམ་དོན་གྲུབ་ནིའི་དོན་ལུ་རྒྱབ་བདེ་ཆེན་ཕུག་ལྷ་ཁང་ནང་ཡོད་པའི་དགེ་བསྙེན་ལས་རང་འཚོལཝ་ཨིན་མས། བར་སྐབས་ཅིག་ལས་ལྷ་ཁང་ཞིག་རལ་སོང་སྟེ་ ་སྤྱི་ལོ་༡༩༩༦་ལས་༡༩༩༨་གི་བར་ཉམས་གསོ་ཅིག་ཡང་གཞུང་གིས་སྦེ་ཞུ་ནུག ལྷ་ཁང་གི་ལྟག་ལུ་ཡོད་མི་ལྷ་ཁང་ཐོག་ཚད་གཉིས་པའམ་དེ་ཡང་ཉམས་གསོའི་སྐབས་ལུ་བཞེངས་བཞེངསམ་ཨིན་མས། དེ་མ་ཚད་རྡོ་ཆལ་ཡང་ཧེ་མ་ལས་ལྷག་རྒྱ་ཁྱོན་ནུག[]

ཁུངས་གཏུག།

[ཞུན་དག]
  1. KMT printer and publisher. (2008). Seeds of faith. Thimphu: KMT printer and publisher.
  2. Dechenphu Lhakhang, Thimphu, Bhutan. (2025, 09 26). Retrieved from Asian Historical Architecture:་https://www.orientalarchitecture.com/sid/1546/bhutan/thimphu/dechenphug-lhakhang


འབྲུག་གི་དགོན་སྡེ་དང་ལྷ་ཁང།

སྦོ་ཁ་རྫོང་།  · མཆོད་རྟེན་སྐོར་ར།  · ལྷ་ཁང་དཀར་པོ།  · ཡོངས་ལ་དཔལ་རི་དགོན་པ།  · སྐྱིད་ཆུ་ལྷ་ཁང་།  · རྡོ་ལུང་ དགོན་པ།  · བྱམས་པ་ལྷ་ཁང་།  · སྟག་ཚང་།  · མཚམས་བྲག་དགོན་པ།  · སྒང་སྟེང་གསང་སྔགས་ཆོས་གླིང་།  · སྐུ་རྗེས་ ལྷ་ཁང་།  · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།  · རྡོ་བགྲེད་རྫོང་།  · སྒོམ་ཕུག་སྐོར་ར།   · རྟ་མགོ་དགོན་པ།  · བུ་ལི་ ཁི་ལམ་ ལྷ་ཁང་།  · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།།  · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།།  · ཟུར་རི་ལྷ་ཁང་།  · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།།  · དགོན་གསར་ཁ་ལྷ་ཁང་།  · མཆོད་རྟེན་སྙིང་པོ།  · རྫོང་བྲག་ཁ།།  · བདེ་ཆེན་ཕུག་ལྷ་ཁང་།།  · ལྕང་གང་ཁ་ལྷ་ཁང་།།  · དབང་འདུས་རྩེ་ལྷ་ཁང་།།  · ཕ་ཇོ་སྡིངས།།  · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།།  · གསེར་ལུང་དགོན་འཛིན་གྲྭ་ཚང་།།  · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།།  · ཀུན་བཟང་བྲག།  · ཁྱི་མེད་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  · དཀོན་མཆོག་གསུམ་ལྷ་ཁང་།།  · དགྲ་མེད་རྩེ་ལྷ་ཁང་།།  · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།།  · ཕྱག་རྡོར་ལྷ་ཁང་།།  · ལྩང་སྒང་ཁ་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  ·