བཱུལ་གཱ་རི་ཡ།
སའི་རྒྱ་ཚད་ ཆགས་ཡུལ་དང་ གནམ་གཤིས།
| བཱུལ་གཱ་རི་ཡ། България | ||
|
| ||
བཱལ་གེ་རི་ཡ་འདི་ ཤར་ལྷོ་ཡུ་རོབ་ལུ་ཆགས་ཏེ་ཡོདཔ་དང་ བཱལ་ཀན་ཕྱོགས་གསུམ་ཆུ་གླིང་གི་ བྱང་ཤར་ཁ་ཐུག་ལུ་ཚུད་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་བྱང་ཕྱོགས་ལུ་ རོ་མེ་ནི་ཡ་དང་ ནུབ་ཕྱོགས་ལུ་ སཱར་བྷི་ཡ་དང་མ་སེ་ཌོ་ནི་ཡ་ ལྷོ་ཕྱོགས་ལུ་ གྲྀས་དང་ཊཱར་ཀི་ དེ་ལས་ ཤར་ཕྱོགས་ལུ་ བེལེག་སི་ཟེར་བའི་མཚོ་ཚུ་གིས་མཐའ་སྐོར་ཏེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་ཡོངས་བསྡོམས་ ཨིས་ཀོ་ཡར་ཀི་ལོ་མི་ཊར་༡༡༠,༩༩༤ དེམ་ཅིག་ཡོདཔ་ལས་ ཡུ་རོབ་ཀྱི་རྒྱལ་ཁབ་ཚུ་ལས་ སྦོམ་ཆུང་བར་མ་གཅིག་ཨིན།
བདག་སྐྱོང་གི་ཐད་ལུ་ བཱལ་གེ་རི་ཡ་འདི་ མངའ་སྡེ་༢༨ ལུ་དབྱེ་སྟེ་ཡོདཔ་དང་ མངའ་སྡེ་རེ་རེ་ལུ་བདག་སྐྱོང་ལྟེ་བ་རེ་རེ་ཡོདཔ་ཨིན། རྒྱལ་ཁབ་འདིའི་ས་ཆའི་གནས་སྟངས་འདི་ སྣ་ཚོགས་སྦེ་ཡོདཔ་དང་ བྱང་ཁ་ཐུག་ལུ་ བཱལ་ཀན་དང་རི་ལ་གངས་རི་ དེ་ལས་ པི་རིན་རི་རྒྱུད་དང་ ཌ་ནུ་བི་ཡཱན་གྱི་ཐང་ཚུ་ཡོདཔ་ཨིན། དེ་ལས་ ལྷོ་ཁ་ཐུག་ལུ་ ཁྲེ་སི་ཡཱན་གྱི་ཐང་ཚུ་ཡོདཔ་ཨིན། རི་ལ་ཟེར་བའི་རི་རྒྱུད་འདི་ནང་ མུ་ས་ལ་གངས་རི་འདི་ཡང་ཆགས་ཏེ་ཡོདཔ་དང་ གངས་རི་འདི་ མཐོ་ཚད་མི་ཊར་༢༩༢༥ ཡོདཔ་ལས་ བཱལ་ཀཱན་ལུང་ཕྱོགས་ནང་ གངས་རི་མཐོ་ཚད་མཐོ་ཤོས་ཨིན།
བུལ་གཱ་རི་ཡ་གི་གནམ་གཤིས་འདི་ ཊེམ་པི་རེཊ་ཀཱན་ཊི་ནེན་ཊལ་ ཟེར་མི་གནམ་གཤིས་འདི་ཨིནམ་ལས་ ནམ་བྱཱར་ལུ་ཚ་དྲོད་ཆེ་ཏོག་ཏོ་དང་ ནམ་དགུན་ལུ་བསིལ་དྲགས་སྦེ་སྡོད་དོ་ཡོདཔ་མ་ཚད་ གངས་ཅན་གྱི་ལུང་ཕྱོགས་ཚུ་ནང་ ཁཝ་ཡང་རྐྱབ་དོ་ཡོདཔ་ཨིན། དེ་ལས་ ལྷོ་ཕྱོགས་ལུ་ མེ་ཌི་ཊེ་རེ་ནི་ཡཱན་གྱི་གནམ་གཤིས་འདི་ཨིནམ་ལས་ གནམ་དགུན་ལུ་ ཚ་དྲོད་རན་ཏོག་ཏོ་དང་ སེར་ཁའི་དུས་ལུ་ དྲོ་ཏོག་ཏོ་སྦེ་སྡོད་དོ་ཡོདཔ་ཨིན།
མི་རློབས་དང་མི་རིགས།
བཱལ་གེ་རི་ཡ་ལུ་ མི་རློབས་ས་ཡ་༦.༩ དེམ་ཅིག་ཡོདཔ་ཨིན། སྐྱེ་ཚད་ཉུང་སུ་འགྱོ་མི་དང་ མི་ཚུ་ཕྱི་ཁར་གནས་སྤོ་འགྱོ་མི་ལུ་བརྟེན་ རྒྱལ་ཁབ་འདི་གི་མི་རློབས་མར་ཕབ་སོང་ཡོདཔ་ཨིན། དེ་ལས་ མི་རློབས་བརྒྱ་ཆ་༧༦.༩ དེམ་ཅིག་ བཱལ་གེ་རི་ཡཱན་གྱི་མི་རིགས་འདི་ཨིནམ་དང་ དེ་གི་འོག་ལས་ མི་རློབས་བརྒྱ་ཆ་༨ དེ་ཅིག་ ཊཱར་ཀི་གི་མི་རིགས་ཨིན། དེ་གུ་ རོ་མེ་ནི་གི་མི་རིགས་ཡང་ བརྒྱ་ཆ་༤.༤ དེ་ཅིག་ཡོདཔ་ཨིན། དེ་ལས་ ཨར་མི་ནི་ཡ་དང་ རཱ་ཤི་ཡ་གི་མི་རིགས་ སྡེ་ཚན་ཆུང་ཀུ་རེ་ཡང་ཡོདཔ་ཨིན།
བཱལ་གེ་རི་ཡཱན་གྱི་སྐད་ཡིག་འདི་ གཞུང་འབྲེལ་སྐད་ཡིག་ཨིནམ་དང་ མི་མང་ཤོས་ཅིག་གིས་ ཁ་སྐད་འདི་སླབ་དོ་ཡོདཔ་ཨིན། དེ་ལས་ ཊཱར་ཀིཤ་དང་ རོ་མེ་ནི་གི་ཁ་སྐད་ཡང་ ཁྱབ་ཆེ་དྲགས་སྦེ་ སླབ་སྲོལ་ཡོདཔ་ཨིན།
གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།
བཱལ་གེ་རི་ཡ་འདི་ སྤྱི་ཚོགས་ཅན་གྱི་མི་སེར་རྒྱལ་ཁབ་ཅིག་ཨིནམ་དང་ རྒྱལ་ཁབ་འདི་ སྤྱི་ལོ་༡༩༩༡ ལུ་ ཆ་འཇོག་གྲུབ་ཡོད་པའི་རྩ་ཁྲིམས་དང་འཁྲིལ་ཏེ་ འཛིན་སྐྱོང་འབད་དོ་ཡོདཔ་ཨིན། ཁོང་གི་གཞུང་ལུགས་ནང་ལུ་ འཛིན་སྐྱོང་ལྷན་སྡེ་ ཁྲིམས་བཟོ་ལྷན་སྡེ་དང་ དྲང་ཁྲིམས་ལྷན་སྡེ་ཟེར་ ལྷན་སྡེ་གསུམ་ཡོདཔ་ཨིན། སྲིད་འཛིན་འདི་ རྒྱལ་ཁམས་ཀྱི་དབུ་ཁྲིདཔ་ཨིནམ་དང་ གཞུང་གི་དབུ་ཁྲིདཔ་འདི་བློན་ཆེན་ཨིནམ་ལས་ འཛིན་སྐྱོང་གི་དབང་ཚད་ཚུ་ བློན་ཆེན་ལུ་ཡོདཔ་ཨིན།
ཁོང་གི་སྤྱི་ཚོགས་ནང་ལུ་ ཚོགས་ཁང་གཅིག་རྐྱངམ་གཅིག་ཡོདཔ་ཨིན། དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཁང་འདི་ཨིནམ་དང་ ཚོགས་ཁང་འདི་ནང་ ལོ་བཞི་གི་གནས་ཡུན་གྱི་དོན་ལུ་ བཙག་འཐུ་འབད་ཡོད་པའི་འཐུས་མི་༢༤༠ ཡོདཔ་ཨིན། བཱལ་གེ་རི་ཡ་འདི་ ཡུ་རོབ་རྒྱལ་ཚོགས་དང་ ནེ་ཊོ་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཚུ་གི་འཐུས་མི་ཅིག་ཨིནམ་དང་ དེ་གི་སྲིད་དོན་གནས་སྟངས་འདི་ ཚོགས་པ་སྦོམ་ཚུ་གིས་དབང་དོ་ཡོདཔ་ལས་ འཕྲལ་འཕྲལ་རང་ སྲིད་ཚོགས་མཉམ་བསྡོམ་འབད་ཐོག་ལས་གཞུང་སྐྱོང་འབད་དོ་ཡོདཔ་ཨིན།
ལམ་སྲོལ་དང་ཆོས་ལུགས།
བཱལ་གེ་རི་ཡ་ལུ་ སུ་ལོ་བཱཀ་དང་ཁྲེ་སི་ཡཱན་ དེ་ལས་ བཱའི་ཛན་ཊིན་གྱི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོད་པའི་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་སྦེ་ཡོདཔ་ཨིན། དེ་ཡང་ རྒྱལ་ཁབ་འདི་ རང་ལུགས་སྙན་ཆ་དང་ སྔར་སྲོལ་གྱི་ལག་བཟོ་ དེ་ལས་ ཀུ་ཀེ་རི་དང་མར་ཊེ་ནི་ས་ ལ་སོགས་པའི་རྒྱལ་རབས་ཀྱི་དུས་སྟོན་ཚུ་ལུ་ ཡོངས་གྲགས་ཡོདཔ་ཨིན། དེ་ལས་ བཱལ་གེ་རི་ཡ་གི་ སི་རི་ལིག་ཡིག་གཟུགས་འདི་ སུ་ལོ་བཱཀ་གི་ལམ་སྲོལ་ལུ་ ཕན་ཐོགས་ཅན་གྱི་ཆ་ཤས་ཅིག་སྦེ་བརྩི་དོ་ཡོདཔ་ཨིན།
རྒྱལ་ཁབ་འདི་ནང་ ཆོས་ལུགས་ཁྱབ་ཆེ་ཤོས་འདི་ ཨིས་ཊན་ཨོར་ཐོ་ཌོགསི་གི་ཡེ་ཤུའི་ཆོས་ལུགས་འདི་ཨིནམ་དང་ འདི་གི་ཤུལ་ལས་ བཱལ་གེ་རི་ཡཱན་ཨོར་ཐོ་ཌེགསི་ཅཱརཆི་ཟེར་མི་འདི་ཨིནམ་དང་ མི་རློབས་བརྒྱ་ཆ་༦༥ དེམ་ཅིག་གིས་ ཆོས་ལུགས་འདི་འཛིན་དོ་ཡོདཔ་ཨིན། དེ་ལས་ ཁ་ཆེའི་ཆོས་ལུགས་འདི་ རྒྱལ་ཁབ་འདི་ནང་ཆོས་ལུགས་སྦོམ་ཤོས་གཉིས་པ་ཨིན། ཆོས་ལུགས་ཀྱི་དལ་དབང་འདི་ རྒྱལ་ཁབ་འདིའི་རྩ་ཁྲིམས་ནང་རང་འཁོད་དེ་ཡོདཔ་ཨིན།
དཔལ་འབྱོར་དང་ ཚོང་འབྲེལ།
བཱལ་གེ་རི་ཡ་འདི་ འོང་འབབ་བར་མའི་དཔལ་འབྱོར་གཅིག་ཨིནམ་དང་ སྤྱི་ལོ་༢༠༠༧ ལས་འགོ་བཟུང་ ཡུ་རོབ་རྒྱལ་ཚོགས་ཀྱི་འཐུས་མི་ཡང་ཨིན། རྒྱལ་ཁབ་འདི་ནང་ ཧེ་མ་འབདན་ སྤྱི་སྙོམས་རིང་ལུགས་ཀྱི་ལྟ་བ་དང་འཁྲིལ་ དཔལ་འབྱོར་གྱི་ལས་སྣ་ཚུ་འགོ་འདྲེན་འཐབ་དོ་ཡོད་རུང་ ད་རེས་ནངས་པ་ མཁོ་མངག་ལུ་གཞི་བརྟེན་པའི་དཔལ་འབྱོར་ལམ་ལུགས་ལུ་ བསྒྱུར་བཅོས་འབད་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་ལས་སྡེ་གཙོ་བོ་ཚུ་ཡང་ ནུས་ཤུགས་དང་ བརྡ་དོན་འཕྲུལ་རིག་ སོ་ནམ་ ལྟ་བཤལ་ དེ་ལས་ བཟོ་གྲྭ་ཚུ་ཨིན།
རྒྱལ་ཁབ་འདི་ གློག་མེའི་ཅ་ཆས་དང་ འཕྲུལ་ཆས་ གཙང་བཟོ་འབད་ཡོད་པའི་ཟངས་ ཀར་ དེ་ལས་ སྨན་རིགས་ཚུ་ རྒྱ་ཆེ་དྲགས་སྦེ་ཕྱིར་ཚོང་འཐབ་མི་ རྒྱལ་ཁབ་གཅིག་ཨིན། སོ་ནམ་ལས་སྡེ་འདི་ ཁག་ཆེ་ཤོས་ཅིག་ཨིནམ་དང་ ཉིམ་གང་ཤར་མེ་ཏོག་དང་ འབྲུ་སྣ་ ཆང་ དེ་ལས་ ལེ་ཝེན་ཌར་མར་ཁུ་ ལ་སོགས་པའི་ཐོན་སྐྱེད་ཚུ་གིས་ རྒྱལ་ཁབ་ཀྱི་ཕྱིར་ཚོང་འོང་འབབ་ཀྱི་ཚད་གཞི་ལུ་ ཕན་སྦོམ་སྦེ་རང་ཐོགས་དོ་ཡོདཔ་ཨིན།
ཡུ་རོབ་རྒྱལ་ཚོགས་ལས་ཐོབ་པའི་མ་དངུལ་ལས་བརྟེན་ ཁོང་གི་གཞི་རྟེན་མཁོ་ཆས་ཚུ་གསར་བཏོད་ཀྱི་ཐོག་ལས་ཡར་དྲགས་བཏང་ནི་ལུ་ཕན་ཐོགས་བྱུང་ཡོདཔ་ཨིན། ཨིན་རུང་ ངན་ལྷད་དང་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་མེད་པའི་ཁྱད་པར་ དེ་ལས་ མི་འབོར་མར་ཕབ་འགྱོ་མི་ ལ་སོགས་པའི་གདོང་ལེན་ཚུ་ ད་ལྟོའི་བར་ན་ཡང་འབྱུང་དོ་ཡོདཔ་ཨིན།
རྒྱལ་ས་ལྟེ་བ་ སོ་ཕི་ཡ།
བཱལ་གེ་རི་ཡ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ སོ་ཕི་ཡ་འདི་ སྔོན་ལུགས་དང་དེང་སང་གི་མཐུན་རྐྱེན་ཚུ་ ཆ་ཚང་སྦེ་ཡོད་པའི་ མཛེས་སྡུག་ཅན་གྱི་ཁྲོམ་གཅིག་ཨིན། རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཁ་ཐུག་ལུ་ ཝི་ཊོ་ཤ་གངས་རི་གི་རྩ་བར་ཆགས་ཏེ་ཡོད་མི་ སོ་ཕི་ཡ་གི་ཁྲོམ་འདི་ རྒྱལ་རབས་ཅན་གྱི་ཁྲོམ་གཅིག་ཨིནམ་མ་ཚད་ བཱལ་ཀཱན་གྱི་ལུང་ཕྱོགས་ནང་ འཕྲོ་མཐུད་དེ་རང་ ཡར་རྒྱས་འགྱོ་བའི་བསྒང་ཡོད་པའི་ཁྲོམ་གཅིག་ཨིན།
ལོ་ངོ་༧༠༠༠ ལྷགཔ་ཅིག་གི་བྱུང་རབས་ཡོད་པའི་ སོ་ཕི་ཡ་གི་ཁྲོམ་འདི་ མི་རྒྱུན་མ་ཆད་པར་གནས་པའི་ ཡུ་རོབ་ཀྱི་ཁྲོམ་ཚོགས་རྙིང་ཤོས་གཅིག་ཨིན། འདི་གི་སྔོན་ལུགས་ཀྱི་འབྱུང་ཁུངས་འདི་ ཁྲ་སི་ཡཱན་སེར་ཌི་གི་མི་རིགས་ལས་ཨིནམ་དང་ རོ་མཱན་གྱི་དབང་འོག་ལུ་ ཁྲོམ་འདི་ལུ་ སེར་ཌི་ཀ་ ཟེར་སླབ་དོ་ཡོདཔ་དང་ དེ་བསྒང་ བདག་སྐྱོང་ལྟེ་བ་ཁག་ཆེ་ཤོས་ཅིག་སྦེ་ སྡོད་ཡོདཔ་ཨིན། རོ་མཱན་དང་ བཱའི་ཛན་ཊིན་ དེ་ལས་ ཨོ་ཊོ་མཱན་དང་ སོ་ཝིའཊ་གི་ཤན་ཞུགས་ཚུ་ ཁྲོམ་ཚོགས་ཀྱི་བཟོ་རིགས་དང་ ཁྲོམ་ཚོགས་ཀྱི་བཀོད་རིས་ཚུ་ནང་ ད་ལྟོ་ཡང་མཐོང་ཚུགས་དོ་ཡོདཔ་ལས་ ཁྲོམ་འདི་ ཡུ་རོ་པི་ཡཱན་ཡར་ཐོན་གནས་སྟངས་ཀྱི་འགྲེམས་སྟོན་ཁང་བཟུམ་ཅིག་ལུ་འགྱུར་ཏེ་ཡོདཔ་ཨིན། དེ་ལས་ སྤྱི་ལོ་༡༨༧༨ ལུ་ བཱལ་གེ་རི་ཡ་ འདི་ ཨོ་ཊོ་མཱན་གི་དབང་འོག་ལས་ཐར་ཞིནམ་ལས་ སྤྱི་ལོ་༡༨༧༩ ལུ་ སོ་ཕི་ཡ་འདི་ རྒྱལ་ས་ལྟེ་བ་སྦེ་གསལ་བསྒྲགས་འབད་ཡོདཔ་ཨིན། འདི་ཡང་ ཁྲོམ་ཚོགས་འདི་ རྒྱལ་ཁབ་ཀྱི་ དབུས་ཕྱོགས་ལུ་ཆགས་ཏེ་ཡོད་ནི་འདི་གིས་ གདམ་ཁ་རྐྱབ་ཡོདཔ་ཨིན།
ད་རེས་ནངས་པ་ སོ་ཕི་ཡ་གི་ཁྲོམ་ཚོགས་འདི་ མི་རློབས་ས་ཡ་༡.༢ ལྷགཔ་ཅིག་སྡོད་སའི་ས་ཁོངས་ཅིག་ཨིནམ་དང་ བཱལ་གེ་རི་ཡ་གི་བདག་སྐྱོང་དང་དཔལ་འབྱོར་ དེ་ལས་ ལམ་སྲོལ་གྱི་ལྟེ་བ་གཅིག་སྦེ་གནས་ཏེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་གཞུང་གི་གཙུག་སྡེ་གཙོ་བོ་དང་ གཙུག་ལག་སློབ་སྡེ་སྦོམ་ཚུ་ དེ་ལས་ ཚོང་འབྲེལ་གཙོ་བོ་ཚུ་ ཁྲོམ་འདི་ནང་ལུ་གཞི་བཙུགས་འབད་དེ་ཡོདཔ་ཨིན། དེ་མ་ཚད་ བརྡ་དོན་འཕྲུལ་རིག་དང་ མཉེན་ཆས་བཟོ་སྐྲུན་ནང་ལུ་ ཕྱིའི་མ་རྩ་བཙུགས་མི་ཡར་སེང་འགྱོ་དོ་ཡོདཔ་ལས་ རྒྱལ་ཁབ་འདི་ ལུང་ཕྱོགས་ནང་ འཕྲུལ་རིག་དང་གསར་བཏོད་ཀྱི་ལྟེ་བ་གཅིག་སྦེ་ ཐོན་ཏེ་ཡོདཔ་ཨིན།
བཟོ་རིག་ཀྱི་ཐད་ཁར་ སོ་ཕི་ཡ་ལུ་ ཁོང་གི་འདས་པའི་མགུ་རྙོག་ཅན་གྱི་ལོ་རྒྱུས་ཚུ་གསལ་སྟོན་འབད་བའི་ བཟོ་བཀོད་དང་བཟོ་རིག་ཚུ་ཡོདཔ་ཨིན། དེ་ཡང་ དེ་ནང་ལུ་ ཨོར་ཐོ་ཌོགསི་ཡེ་ཤུའི་ལྷ་ཁང་ཚུ་གི་སྦོ་ལོགས་ཁར་ ཨོ་ཊོ་མཱན་གྱི་ཁ་ཆེའི་ལྷ་ཁང་དང་ དམངས་སྙོམ་རིང་ལུགས་ཀྱི་དུས་སྐབས་ཀྱི་བཟོ་བཀོད་ཚུ་ གཅིག་ཁར་ཆགས་ཏེ་ཡོདཔ་ལས་ ཁྲོམ་ཚོགས་ཀྱི་མཐོང་སྣང་འདི་ སེམས་ཁར་འབབ་ཏོག་ཏོ་སྦེ་བཟོཝ་ཨིན། དུས་རབས་༢༠ པ་འགོ་བཙུགས་ཁམས་ཅིག་ཁར་བསྒྲུབས་ཡོད་པའི་ གསེར་གྱི་ཟླུམ་རྩེ་སྦོམ་དང་ ནང་ན་ལུ་ མཛེས་ཆ་དང་ལྡནམ་སྦེ་བཟོ་སྟེ་ཡོད་མི་ ཨེ་ལེག་ཟན་ཌར་ནེབ་སི་ཀི་ཡེ་ཤུའི་ལྷ་ཁང་འདི་ ཁྲོམ་ཚོགས་འདི་ནང་ ངོ་རྟགས་ཅན་གྱི་སྒྲིང་ཁྱིམ་གཅིག་ཨིན། དེ་ལས་ རོ་མཱན་དུས་སྐབས་ཀྱི་གྱང་ཁོག་ དཔེར་ན་ སེནཊ་ཇོརཇ་གི་ལྷ་ཁང་དང་ སྔོན་མའི་སེར་ཌི་ཀ་རྫོང་གི་ལྷག་ལུས་ཚུ་ དེང་སང་ཁྲོམ་ཚོགས་ཀྱི་བཟོ་བཀོད་དང་གཅིག་ཁར་ འཇའ་ཆི་ཆི་སྦེ་གཅིག་བསྡོམ་འབད་དེ་ཡོདཔ་ཨིན།
ལམ་སྲོལ་གྱི་ཐད་ཁར་ སོ་ཕི་ཡ་འདི་ ནུས་ཤུགས་ཅན་དང་ སྣ་མང་ཅན་གཅིག་ཨིན། ཁྲོམ་འདི་ནང་ལུ་ འགྲེམས་སྟོན་ཁང་དང་ གློག་བརྙན་ཁང་ དེ་ལས་ གླུ་སྟོན་ཁང་ལེ་ཤ་ཅིག་ཡོདཔ་ཨིན། རྒྱལ་ཡོངས་ལམ་སྲོལ་ཕོ་བྲང་འདི་ ཤར་ལྷོ་ཡུ་རོབ་ལུ་ ཞལ་འཛོམས་དང་འགྲེམས་སྟོན་ལྟེ་བ་སྦོམ་ཤོས་ཅིག་ཨིན། དོ་རུང་ སོ་ཕི་ཡ་ལུ་ མཚན་མོའི་འཚོ་བ་དང་ བཞེས་སྒོའི་མཐོང་སྣང་ཚུ་ག་ཅི་དེ་སྤྲོ་བ་ཆེ་ཏོག་ཏོ་སྦེ་ཡོདཔ་དང་ དེ་ནང་ རང་ལུགས་ཀྱི་བཞེས་སྒོ་དང་ རྒྱལ་སྤྱིའི་བཞེས་སྒོ་གཉིས་ཆ་ར་ཐོབ་དོ་ཡོདཔ་ཨིན།
དེ་ལས་ རང་བཞིན་གནས་སྟངས་འདི་ སོ་ཕི་ཡ་གི་ མངོན་གསལ་ཅན་གྱི་ཁྱད་ཆོས་ཅིག་ཨིན། ཁྲོམ་སྡེ་ལྟེ་བ་གི་ཉེ་འདབས་ལུ་ཡོད་པའི་ ཝི་ཊོ་ཤ་གི་གངས་རི་འདི་ རྐང་འགྲུལ་འབད་ས་དང་ གངས་ཤུད་རྐྱབ་ས་ དེ་ལས་ མཛར་ཅུམ་བཟའ་སའི་ ཡོངས་གྲགས་ཅན་གྱི་ས་གོ་ཅིག་ཨིན། ཁྲོམ་འདི་རང་བཞིན་གནས་སྟངས་གྱི་ཉེ་འདབས་ལུ་ཡོད་མི་དང་ འདི་ནང་འཚོ་བའི་གནས་གོང་ཁེ་ཏོག་ཏོ་ཡོད་མི་ལས་བརྟེན་ སོ་ཕི་ཡ་འདི་ ས་གནས་ཀྱི་མི་ཚུ་ལུ་རྐྱངམ་གཅིག་མེན་པར་ ཕྱི་མི་ཚུ་ལུ་ཡང་ སེམས་ཤོར་སི་སི་གི་ཁྲོམ་གཅིག་ལུ་འགྱུར་ཡོདཔ་ཨིན། སོ་ཕི་ཡ་གིས་ ཁོང་གི་གཞི་རྟེན་མཐུན་རྐྱེན་དང་ མི་མང་སྐྱེལ་འདྲེན་ དེ་ལས་ སྔོ་ལྗང་གི་ས་གོ་ཚུ་ དེང་སང་གི་དུས་དང་བསྟུན་ཏེ་ཡར་རྒྱས་བཏང་དོ་ཡོདཔ་དང་ རྒྱལ་རབས་དང་ལམ་སྲོལ་གྱི་སྲོལ་ཁྱུན་ཚུ་ཡང་ འཕྲོ་མཐུད་དེ་རང་ བདག་འཛིན་འཐབ་དོ་ཡོདཔ་ཨིན།
རྒྱབ་རྟེན་དཔེ་ཐོ།
- World Bank – Bulgaria Country Profile
- National Statistical Institute of Bulgaria – Demographic and Economic Data
- European Commission – Bulgaria Overview
- Britannica – Geography and Climate of Bulgaria
- Pew Research Center – Religious Composition in Bulgaria
- IMF – Bulgaria Economic Outlook
- CIA World Factbook – Bulgaria
- Bulgarian Ministry of Foreign Affairs – Country Overview
- European Union – Bulgaria in the EU
- International Trade Centre – Bulgaria Export Data
- Encyclopædia Britannica – Sofia
- Eurocities – City Profile: Sofia
- Bulgarian National Statistical Institute – Population and Urban Data
- Sofia Investment Agency – Economic Overview
- National Palace of Culture – Official Site
- Southeast European Times – Cultural and Economic Development in Sofia
བུལ་གྷ་རི་ཡ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། མཚོ་ནག་པོའི་ས་མཚམས་སུ་ཆགས་ཡོད། སྤྱི་ལོ་༡༩༩༧ ལུ་ ཁ་མ་ཕྱེ་ཚུན་ཚོད་ ཧེ་མའི་སོ་ཝེཊ་ལུང་ཕྱོགས་གཅིག་ཨིན་པས།