བུ་ལི་ ཁི་ལམ་ ལྷ་ཁང་
བུ་ལི་ཁི་ལམ་ལྷ་ཁང་གི་ལོ་རྒྱུས།
[ཞུན་དག]ཁེངས་བུ་ལི་ལུ་ཡོདཔ་པའི་བུ་ལི་ཁི་ལམ་ལྷ་ཁང་འདི་སྒེར་གྱི་ལྷ་ཁང་ཅིག་ཨིན་མས། དེ་ཡང་ས་ཆ་མཐོ་ཚད་རྒྱ་མཚོ་ལས་མི་ཊར་༡༦༢༦་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། ལྷ་ཁང་འདི་ཐོག་ཚད་ཁྱིམ་ཐོག་གཉིས་རྡོ་རྩིག་གྱང་གི་སྦེ་རྐྱབ་ཡོད་མི་ཅིག་ཨིན་མས། དེ་འབདཝ་ད་ལྷ་ཁང་འདི་ནམ་བཞེངས་བཞེངསམ་ཨིན་ན་དང་ག་གི་བཞེངས་བཞེངསམ་ཨིན་ན་གི་སྐོར་ལས་ཡིག་ཐོག་ལུ་བཀོད་ཅིག་མེདཔ་ཨིན་མ་ལས་དེ་གི་སྐོར་ལས་ཁ་རྒྱུན་དང་འཁྲིལ་མ་གཏོགས་གཏན་ཁལ་ཅིག་མིན་འདུག མི་ཚུ་གིས་ཁ་རྒྱུན་གཅིག་ལས་འབད་བ་ཅིན་ཧེ་མ་བོད་ལུ་བཀའ་བརྒྱུད་ཚེལ་པ་འགོ་དང་པ་གཞི་བཙུགས་གནང་མི་བླ་མ་ཞང་གི་ཡང་སྲས་བས་ཡུལ་བླ་མ་ཤཀྱ་འོད་ཟེར་ཟེར་མི་འདི་ས་གནས་དེ་ཁར་མཚམས་ཁང་ཆུང་ཀུ་ཅིག་རྐྱབ་སྟེ་་ཁོ་རའི་སློབ་མ་དྲུག་དང་གཅིག་ཁར་བཞུགས་ཅི་ཟེར་ཨིནམ་ད་ ཤུལ་ལས་བླམ་དེ་གཤགས་ཞིནམ་ལས་ཁོང་སློབ་མ་ཚུ་གིས་ལྷ་ཁང་ཁྱིམ་ཐོག་གཅིག་སྦེ་མི་ཅིག་བཞེངས་ཡི་ཟེར་ཨིན་མས། ལྷ་ཁང་འདི་ཉམས་གསོ་ཚར་གཉིས་དེམ་ཅིག་ཞུ་བའི་ལོ་རྒྱུས་འདུག།
ལྷ་ཁང་འདི་ནང་གི་ནང་བརྟེན་གཙོ་བོ་སངས་རྒྱས་གཙོ་འཁོར་གསུམ་དང་བླ་མ་ཞང་དེ་ལས་བླ་མ་ཤཀྱ་འོད་ཟེར་དང་ཁོ་གི་སྐུ་གདུང་མཆོད་རྟེན་ཚུ་ཨིན་མས། གཞན་མི་གུ་རུ་རིན་པོ་ཆེ་དང་སྤྱེན་རེ་གཟིགས་དང་འཇམ་དཔལ་དབྱངས་ཀྱི་སྐུ་འདྲ་ཚུ་ཡང་འདུག སྡེབ་རི་ཡང་མ་བཏུབ་ཏུབ་གུ་རུ་རིན་པོ་ཆེ། སངས་རྒྱས་གཙོ་འཁོར་གསུམ། ཚེ་ལྷ་རྣམས་གསུམ། ཞབས་དྲུང་ངག་དབང་རྣམ་རྒྱལ། གཏེར་སྟོན་པདྨ་གླིང་པ། ཞི་ཁྲོ་ལྷ་ཚོགས། བུ་ལི་སྨོན་མོ་དང་བུ་ལི་ལྷ་གཙན་དཀརཔོ་ཚུའི་སྐུ་པར་ཚུ་ཨིན་མས།
ཟླཝ་བཞིསཔ་ལྔཔ་བདུན་པ་དང་དགུཔ་པའི་ཚེས་བཅོ་ལྔའི་ཚེས་ཨ་རྟག་རང་ཚེས་བཅུ་བཟུང་དོ་ཡོདཔ་ཨིན་མས། ཚེས་བཅུ་པ་འདི་བླ་མ་ཤཀྱ་འོད་ཟེར་གྱི་སྐུ་ཆོས་ཨིན་མས། དེ་སྐབས་ལུ་གཡུས་སྦོ་ལོག་ཁར་ཨིན་མི་བུལི་དང་ལྟ་ལི་དང་དཀྱིལ་མཁར་དང་དག་ཕའི་གི་མི་སེར་ཚུ་འཛོམས་དོ་ཡོདཔ་ཨིན་མས། དེ་མ་ཚད་གཡུས་ཁར་གྱི་མི་ག་གྱོང་དེ་རང་སྦེ་རུང་ཉི་ཤུ་ཙ་གཅིགཔོ་དེ་ལྷ་ཁང་དེ་ཁར་བཟུང་སྲོལ་འདུག།[༡]
ཁུངས་གཏུབས།
[ཞུན་དག]- ↑ འབྲུག་གི་ལམ་སྲོལ་ས་ཁྲ།. (2019). Retrieved on 2025 from Khelam Gonpai Lhakhang: https://bca-edu.bt/2019/09/buli-khelam-gonpai-lhakhang
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·