བེ་ལི་ཟི།


བེ་ལི་ཟི་འདི་ ཨ་མི་རི་ཀའི་རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་ད་ བྱང་ཕྱོགས་ལུ་ མེག་སི་ཀོ་དང་ ནུབ་ཕྱོགས་དང་ལྷོ་ཕྱོགས་ལུ་ གུ་ཝ་ཊི་མ་ལ་ དེ་ལས་ ཤར་ཕྱོགས་ལུ་ ཀེ་རི་བི་ཡན་མཚོ་ཚུ་ཡོདཔ་ཨིན། ས་ཆ་འདི་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་མ་༢༢༩༦༦ ༼མའིལ་གྲུ་བཞི་མ་༨༨༦༧༽ ཡོདཔ་ལས་ དབུས་ཨ་མི་རི་ཀ་གི་ས་གཞི་གཙོ་བོ་ནང་ རྒྱལ་ཁབ་ཆུང་ཤོས་ཅིག་ཨིན།
བྱུང་རབས་དང་མི་རིགས།
བེ་ལི་ཟི་ལུ་ བྱུང་རབས་ལེ་ཤ་ཡོདཔ་ཨིན། ཡུ་རོབ་ཀྱི་འབྲེལ་བ་འདི་ དུས་རབས་༡༦པའི་ནང་ ཨིསི་པེ་ནིཤ་གི་འཚོལ་ཞིབ་པ་ཚུ་ལྷོདཔ་ད་ འགོ་བཙུགས་ཡོདཔ་ཨིན་རུང་ ཤུལ་ལས་ བེ་མེན་ཟེར་སླབ་མི་ བིརི་ཊིཤ་གི་གཞི་ཆགས་མི་ཚུ་གིས་ དབང་ཚད་གཞི་བཙུགས་འབད་ནུག། སྤྱི་ལོ་༡༨༦༢ ལུ་ མངའ་ཁོངས་འདི་ གཞུང་འབྲེལ་གྱི་འབད་ བིརི་ཊིཤ་ཧོན་ཌུ་རས་ཟེར་ མིང་བཏགས་ཡོདཔ་ད་ སྤྱི་ལོ་༡༩༦༤ ལུ་ རང་དབང་ཐོབ་ནུག། མི་རློབས་འདི་ མི་རིགས་མ་འདྲཝ་སྦེ་ཡོདཔ་ད་ འདི་ནང་ལུ་ Mestizos(བརྒྱ་ཆ་༥༢.༩) དང་ Creoles(བརྒྱ་ཆ་༢༥.༩) Maya(བརྒྱ་ཆ་༡༡.༣) Garifuna(བརྒྱ་ཆ་༦.༡) དེ་ལས་ East Indian དང་ Mennonites དེ་ལས་ གཞན་མི་ཚུ་ཡོདཔ་ཨིན་མས།
གནམ་གཤིས་དང་ས་ཆའི་གནས་སྟངས།
བེ་ལི་ཟི་ལུ་ ཆར་ཆུ་འབོལ་སུ་ཅིག་དང་ གནམ་སྐམ་སུ་ཅིག་ཡོདཔ་ཨིན། ཆརཔ་གི་དུས་ཚོད་དེ་ སྤྱི་ཟླ་༦ པ་ལས་༡༡ པ་ཚུན་ཨིནམ་ད་ སྐམ་པའི་དུས་ཚོད་དེ་ སྤྱི་ཟླ་༡༢ པ་ལས་༥ པ་ཚུན་ཨིན་པས། ས་ཆའི་གནས་སྟངས་ཀྱི་ཐད་ལུ་ བེ་ལི་ཟི་ ལུ་ མཚོའི་ཐང་དམའ་ཤོས་དང་ ནགས་ཚལ་སྟུག་དྲགས་ དེ་ལས་ ནུབ་ཁ་ཐུག་ལུ་ མ་ཡའི་ གངས་རི་ཚུ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ མཚོའི་མཐའམ་བདའ་སྟེ་ ཀི་ལོ་མི་ཊར་༣༠༠ དེ་ཅིག་གི་ས་ཁར་ འཛམ་གླིང་ནང་ མཚོ་གླིང་སྦོམ་ཤོས་གཉིས་པ་ཨིན་མི་ བེ་ལི་ཟི་ བཱ་རི་ཡར་རིཕ་ཡོདཔ་ཨིན་པས།
བེལ་མོ་པཱན། བེ་ལི་ཟི་གི་རྒྱལ་ས་ལྟེ་བ། Belmopan
བེ་ལི་ཟི་གི་རྒྱལ་ས་ལྟེ་བ་ བེལ་མོ་པཱན་འདི་ རྒྱལ་ཁབ་ཀྱི་དབུས་ཕྱོགས་ཀྱི་ ཀ་ཡོ་རྫོང་ཁག་ནང་ ཆགས་ཡོདཔ་ཨིན། བེ་ལི་ཟི་ཁྲོམ་ལས་ ནང་འཁོད་ལུ་ ཀི་ལོ་མི་ཊར་༧༦གི་ས་ཁར་ ཆགས་ཡོདཔ་ད་ ས་ཁོངས་འདི་ ཧ་ལམ་ ཀི་ལོ་མི་ཊར་གྲུ་བཞི་༣༢ དེ་ཅིག་ ཁྱབ་སྟེ་ཡོདཔ་ཨིན། བེལ་མོ་པཱན་ལུ་ གནམ་གཤིས་དྲོད་ཆེ་སུ་ཅིག་ཡོདཔ་ལས་ སྤྱིར་སྙོམས་དྲོད་ཚད་༢༡ ལས་༢༩ ཚུན་ ༼༧༠ ལས་ ༨༥ ཚུན་༽ ཡོདཔ་ཨིན་པས། མཚོ་ཁ་ལས་ མི་ཊར་༧༦ ༼ཕིཊ་༢༥༠༽ གི་ས་ཁར་ཡོདཔ་ལས་ བེ་ལི་ཟི་ལུ་ རླུང་འཚུབ་ལས་ ཉེན་སྲུང་ཅན་གྱི་ས་ཁོངས་ཅིག་ཨིན་པས། བེལ་མོ་པཱན་འདི་ སྤྱི་ལོ་༡༩༦༡ ལུ་ ཧ་རི་ཀེན་ཧ་ཊི་གིས་ བེ་ལི་ཟི་ཁྲོམ་ཚོགས་ལུ་ མེདཔ་བཏང་པའི་ཤུལ་ལས་ སྤྱི་ལོ་༡༩༧༠ ལུ་ གཞི་བཙུགས་འབད་ཡོདཔ་ད་ ནང་འཁོད་ཀྱི་ས་གནས་ལུ་བརྟེན་ གཞུང་འབྲེལ་གྱི་རྒྱལ་ས་ལྟེ་བ་ལུ་འགྱུར་ནུག། མི་རློབས་འདི་ མི་རིགས་མ་འདྲཝ་སྦེ་ཡོདཔ་ད་ འདི་ནང་ Mestizos དང་ Creoles དེ་ལས་ Maya དང་ Garifuna ཚུ་ཚུདཔ་ཨིན་མས། སྤྱི་ལོ་༢༠༢༣ ཚུན་ བེལ་མོ་པཱན་ལུ་ མི་རློབས་༢༥༠༠༠ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབདཝ་ཨིན་པས། ཡེ་ཤུའི་ཆོས་ལུགས་འདི་ དབང་ཤུགས་ཅན་གྱི་ཆོས་ལུགས་ཅིག་ཨིནམ་དང་ དེ་ནང་ མང་ཤོས་ཅིག་རང་ རོ་མཱན་ཀེ་ཐོ་ལིག་དང་ པོརོ་ཊེསི་ཊེནཊ་ཚུ་ཨིན་མས། བེལ་མོ་པཱན་འདི་ ཀ་ཡོ་རྫོང་ཁག་གི་ཆ་ཤས་ཅིག་ཨིནམ་ལས་ སྡོད་ཁྱིམ་དང་ཚོང་འབྲེལ་གྱི་ས་ཁོངས་མ་འདྲཝ་ཚུ་ནང་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན། བེལ་མོ་པཱན་ འདི་ བེ་ལི་ཟི་ གཞུང་གི་གདན་ས་ཨིནམ་དང་ དེ་ནང་ རྒྱལ་ཡོངས་ཚོགས་སྡེ་དང་ ལྷན་ཁག་ དེ་ལས་ གཞུང་ཚབ་ཡིག་ཚང་ཚུ་ཡོདཔ་ཨིན།
མི་རློབས།
སྤྱི་ལོ་༢༠༢༣ ལུ་ བེ་ལི་ཟི་ལུ་ མི་རློབས་༤༣༠༠༠༠ ཡོད་པའི་ཚོད་དཔག་ཡོདཔ་ཨིན། མི་རློབས་ཀྱི་མཐུག་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་རེ་ནང་ མི་༡༩ དེ་ཅིག་ལས་བརྒལ་མེདཔ་ཨིན་མས།
ཆོས་ལུགས།
བེ་ལི་ཟི་འདི་ ཡེ་ཤུ་པའི་རྒྱལ་ཁབ་ཅིག་ཨིན། ཆོས་ལུགས་དང་འབྲེལ་བ་སྦོམ་ཤོས་འདི་ Roman Catholicism (བརྒྱ་ཆ་༤༠.༡) དང་ Protestantism (བརྒྱ་ཆ་༣༡.༨) དེ་ལས་ Hinduism དང་ Islam དེ་ལས་ Bahai ཚུ་ཨིན་མས། མི་རློབས་བརྒྱ་ཆ་༡༥.༥ གིས་ ཆོས་ལུགས་དང་འབྲེལ་བ་མེདཔ་སྦེ་ངོས་འཛིན་འབད་དེ་འདུག།
རྒྱུ་རྩལ་དང་ལམ་སྲོལ།
བེ་ལི་ཟིན་གི་ལམ་སྲོལ་འདི་ Mayan དང་ African དེ་ལས་ European དང་ Caribbean གི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། རང་ལུགས་ཀྱི་སྙན་ཆ་ཚུ་ཡང་ Punta Rock དང་ Brukdown དེ་ལས་ Paranda ཚུ་ཨིནམ་ད་ ས་གནས་ཀྱི་ལག་བཟོཔ་ཚུ་གིས་ ཤིང་གི་བཟོ་བཀོད་དང་ རི་མོ་ དེ་ལས་ ཐགས་འཐག་མི་ བཱསི་ཀེཊ་ཚུ་ བཟོ་བསྐྲུན་འབདཝ་ཨིན་པས།
གྱོན༌ཆས།
མི་རིགས་སོ་སོ་ལུ་ རང་ལུགས་ཀྱི་གྱོན་ཆས་ཚུ་ མ་འདྲཝ་སྦེ་ཡོདཔ་ཨིན། མ་ཡ་གི་མི་ཚུ་གིས་ ལགཔ་གིས་ཐགས་འཐག་མི་གྱོན་ཆས་ཚུ་ གྱོནམ་ཨིན་རུང་ གཱ་རི་ཕུ་ན་ཚུ་གིས་ ཨཕ་རི་ཀ་གི་བཟོ་བཀོད་ཚུ་ གྱོནམ་ཨིན། དེང་སང་གི་གནས་སྟངས་ཀྱི་སྦེ་ ནུབ་ཕྱོགས་ཀྱི་གྱོན་ཆས་ཚུ་ ཁྱབ་ཆེཝ་སྦེ་ཡོདཔ་ཨིན་མས།
རྩེད་རིགས།
བེ་ལི་ཟི་ལུ་ རྩེད་རིགས་ཡོངས་གྲགས་ཅན་འདི་ རྐང་རྩེད་སྤོ་ལོ་དང་ དེ་གི་ཤུལ་ལས་ བཱསི་ཀེཊ་བཱོལ་དང་ བོ་ལི་བཱོལ་ དེ་ལས་ རྐང་འཁོར་ཚུ་ཨིན། སྤྱི་ལོ་༡༩༢༨ ལས་ ལོ་བསྟར་བཞིན་དུ་ རྐང་འཁོར་རྒྱུག་འགྲན་གྱི་ ལས་རིམ་གཙོ་བོ་ཅིག་ཨིན་མི་ ཧོ་ལི་སེ་ཊར་ཌེ་ ཀརསི་ཀན་ཊི་ རྐང་འཁོར་རྒྱུག་འགྲན་གྱི་ ལས་རིམ་སྦོམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ད་ བེ་ལི་ཟི་གིས་ ཨོ་ལིམ་པིག་རྩིས་ཏེ་ ལུང་ཕྱོགས་དང་ རྒྱལ་སྤྱིའི་རྩེད་རིགས་འགྲན་བསྡུར་ཚུ་ནང་ བཅའ་མར་གཏོགས་དོ་ཡོདཔ་ཨིན་པས།
གཞུང་སྐྱོང་།
བེ་ལི་ཟི་འདི་ རྩ་ཁྲིམས་ཆེན་མོའི་རྒྱལ་བརྒྱུད་ཀྱི་འོག་ལུ་ སྤྱི་ཚོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཨིན། བིརི་ཊིཤ་གི་རྒྱལཔོ་ རྒྱལ་པོ་ ཅཱར་ལིས་ ༣ པ་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཨིནམ་དང་ རྒྱལ་ཁབ་ཀྱི་ངོ་ཚབ་སྦེ་ གཞུང་སྐྱོང་མཆོག་གིས་ ཕྱག་ཞུ་དོ་ཡོདཔ་ཨིན་མས། བློན་ཆེན་དེ་ གཞུང་གི་འགོ་ཁྲིདཔ་ཨིནམ་ད་ རྒྱལ་ཡོངས་ཚོགས་སྡེ་ནང་ ཚོགས་ཁང་(འཐུས་མི་༣༡) དང་ ཁྲིམས་ཁང་(འཐུས་མི་༡༣) ཡོདཔ་ཨིན་པས།
བེ་ལི་ཟི་འདི་ རྫོང་ཁག་དྲུག་ལུ་དབྱེ་སྟེ་ཡོདཔ་ཨིན།
༡༽ བེ་ལི་ཟི་རྫོང་ཁག།
༢༽ ཀ་ཡོ་རྫོང་།
༣༽ ཀོ་རོ་ཟལ་རྫོང་ཁག།
༤༽ ཨོ་རེནཇ་ཝལཀ་རྫོང་ཁག།
༥༽ སི་ཊན་ཀིརིག་རྫོང་ཁག།
༦༽ ཊོ་ལེ་ཌོ་རྫོང་ཁག།
དངུལ་ཀྲམ།
གཞུང་འབྲེལ་གྱི་དངུལ་ལོར་འདི་ བེ་ལི་ཟི་ཌོ་ལར་ (BZD) ཨིན་མས། དེ་ཡང་ ཡུ་ཨེས་དྲོ་ལར་ལུ་ གཏན་འཁེལ་གྱི་གོང་ཚད་ ༢ བི་ཛི་ཌི་ = ༡ ཡུ་ཨེསི་ཌོ་ལར་གྱི་ཐོག་ལས་ བཀལ་ཡོདཔ་ཨིན་མས།
ཕྱི་འབྲེལ་དང་མཐུན་ལམ།
བེ་ལི་ཟི་གིས་ རྒྱལ་ཁབ་ལེ་ཤ་ཅིག་དང་གཅིག་ཁར་ མཐུན་ལམ་བཞག་སྟེ་ འཛམ་གླིང་སྤྱི་ཚོགས་དང་ ཀེ་རི་ཀོམ་ རྒྱལ་ཁབ་ཀྱི་སྤྱི་མཐུན་ཚོགས་པ་ དེ་ལས་ ཨ་མི་རི་ཀའི་རྒྱལ་ཁབ་ཚུ་གི་ཚོགས་པ་ (OAS) གི་འཐུས་མི་ཅིག་ཨིན།
སྐད་ཡིག་དང་ཤེས་རིག།
བེ་ལི་ཟི་གི་གཞུང་འབྲེལ་སྐད་ཡིག་འདི་ཨིང་ལིཤ་ཨིནམ་ལས་ དབུས་ཨ་མི་རི་ཀ་ལུ་ ཨིང་ལིཤ་སླབ་མི་རྒྱལ་ཁབ་གཅིགཔ་འདི་ཨིན། Spanishའདི་ Creoleདང་Mayaགི་སྐད་ཡིག་ དེ་ལས་ Garifunaགི་སྐད་ཡིག་ཚུ་དང་གཅིག་ཁར་ ཡོངས་གྲགས་སྦེ་རང་སླབ་དོ་ཡོདཔ་ཨིན། བེ་ལི་ཟི་གི་ཤེས་རིག་ལམ་ལུགས་འདི་ Britishགི་དཔེ་སྟོན་དང་འཁྲིལ་ཏེ་ གཞི་རིམ་(ལོ་ཚད་༥ལས་༡༢)དང་ འབྲིང་རིམ་(ལོ་ཚད་༡༣ལས་༡༦) དེ་ལས་ མཐོ་རིམ་ཤེས་རིག་གི་གནས་ཚད་ཚུ་ཨིན་མས། བེ་ལི་ཟི་གཙུག་ལག་སློབ་སྡེ་འདི་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭ་གཙོ་བོ་ཅིག་ཨིན།
དཔལ་འབྱོར།
བེ་ལི་ཟི་གི་དཔལ་འབྱོར་དེ་ སོ་ནམ་དང་ ལྟ་བཤལ་ དེ་ལས་ མི་སེར་ཞབས་ཏོག་ཚུ་གིས་ཨིན་པས། སྤྱི་ལོ་༢༠༢༢ ལུ་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་འདི་ དྲོ་ལར་ཐེར་འབུམ་༢.༣ དེ་ཅིག་ཨིནམ་དང་ མི་རེ་ལུ་ རྒྱལ་ཡོངས་ཐོན་སྐྱེད་ཡོངས་བསྡོམས་འདི་ དྲོ་ལར་༥༥༠༠ ཨིན་པས།
བཟོ་གྲྭ་གཙོ་བོ་ཚུ་ཡང་།
- སོ་ནམཿ ཕྱིར་ཚོང་ནང་ གུ་རམ་ ཁྲག་རིགས་དང་ ངང་ལག་ དེ་ལས་ མཚོ་ཁའི་ཐོན་སྐྱེད་ཚུ་ཨིན་པས།
- ལྟ་བཤལཿ ལས་ཁུངས་གཙོ་བོ་ཅིག་ཨིནམ་ད་ ལཱ་འབད་མི་བརྒྱ་ཆ་༤༠ ལྷགཔ་ཅིག་ ལཱ་གཡོག་བྱིན་དོ་ཡོདཔ་ཨིནམས།
- མར་ཁུ་ཐོན་སྐྱེདཿ བེ་ལི་ཟི་གིས་ མར་ཁུ་ཉུང་སུ་ཅིག་ཐོན་སྐྱེད་འབདཝ་ཨིན།
- དངུལ་འབྲེལ་ཞབས་ཏོག་ཿ མཚོ་ཁའི་དངུལ་ཁང་འདི་ འོང་འབབ་ཀྱི་ཐོན་ཁུངས་ཁག་ཆེ་ཤོས་ཅིག་ཨིན།
མཇུག༌དོན།
བེ་ལི་ཟི་འདི་ ལམ་སྲོལ་སྣ་ཚོགས་དང་ རང་བཞིན་གྱི་མཛེས་སྡུག་ དེ་ལས་ དམངས་གཙོའི་རིང་ལུགས་བརྟན་ཏོག་ཏོ་ཡོད་པའི་ རྒྱལ་ཁབ་གཞན་དང་མ་འདྲཝ་ཅིག་ཨིན། དཔལ་འབྱོར་དེ་ ལྟ་བཤལ་དང་ སོ་ནམ་ དེ་ལས་ ཞབས་ཏོག་ཚུ་ལུ་ བརྟེན་ཏེ་ཡོདཔ་ད་ ཕྱི་འབྲེལ་མཐུན་ལམ་འདི་ ལུང་ཕྱོགས་མཉམ་འབྲེལ་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན། བེ་ལི་ཟི་གིས་ དབུས་ཕྱོགས་ཨ་མི་རི་ཀ་ལུ་ ཨིང་སྐད་སླབ་མི་རྒྱལ་ཁབ་གཅིག་ལས་བརྒལ་མེདཔ་ལས་ ཀེ་རི་བི་ཡན་དང་ ལེ་ཊིན་ཨ་མི་རི་ཀ་གཉིས་ཆ་ར་དང་གཅིག་ཁར་ མཐུན་ལམ་དམ་ཟབ་སྦེ་བཞག་སྟེ་ རྒྱལ་ཁབ་འདི་ སེམས་ཁར་འབབ་ཏོག་ཏོ་དང་ ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ལུ་འགྱུར་ཡོདཔ་ཨིན་མས།
རྒྱབ་རྟེན་ཐོ།
https://en.wikipedia.org/wiki/Belize
https://en.wikipedia.org/wiki/Belmopan