མ་ན་གུ་ཝ།

༉ ནི་ཀ་ར་གུ་ཝ་གི་ནུབ་ཕྱོགས་ལུ་ཆགས་ཏེ་ཡོད་མི་ མ་ན་གུ་ཝ་འདི་ རྒྱལ་ཁབ་ཀྱི་ཁྲོམ་ཚོགས་གཙོ་བོ་ལིའོན་དང་ གྷ་ར་ན་ཌ་གཉིས་ཀྱི་བར་ན་ ཐབས་བྱུས་ཅན་གྱི་གནས་སྟངས་ནང་ ཆགས་ཡོདཔ་ཨིན་མས། འ་ནཱི་ས་གནས་ལྟེ་བ་འདི་གིས་ སྤྱི་ལོ་ ༡༨༥༢ ལུ་ རྒྱལ་ཡོངས་ཀྱི་ལྟེ་བ་སྦེ་ངོས་འཛིན་འབད་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་དང་ ཁྲོམ་འདི་ མ་ན་གུ་ཝ་མཚོ་དང་ ཉེ་འདབས་ལུ་ཡོདཔ་ལས་ མཛེས་སྡུག་དང་ དཔལ་འབྱོར་གྱི་གོ་སྐབས་གཉིས་ཆ་ར་ བྱིན་དོ་ཡོདཔ་ཨིན་རུང་ མཐའ་འཁོར་གནས་སྟངས་ལུ་ཡང་ གདོང་ལེན་བྱུང་དོ་ཡོདཔ་ཨིན།
མ་ན་གུ་ཝ་གི་བྱུང་རབས་འདི་ ཀོ་ལོམ་བིཡན་གྱི་དུས་སྐབས་ལས་ འགོ་བཙུགས་ཡོདཔ་དང་ གནའ་ཤུལ་གྱི་སྒྲུབ་བྱེད་དང་འཁྲིལ་བ་ཅིན་ མི་ཚུ་ ལོ་ངོ་ ༢༠༠༠ ལྷགཔ་ཅིག་གི་རིང་ལུ་ གཞི་ཆགས་ཡོདཔ་སྦེ་ཨིན་མས། དེ་བཟུམ་སྦེ་ ཁྲོམ་འདི་ གཞུང་འབྲེལ་དུ་ སྤྱི་ལོ་ ༡༨༡༩ ལུ་ (ལཱིལ་ཝི་ལ་ཌི་ སཱན་ཊི་ཡ་གོ་ ཌི་ མ་ན་གུ་ཝ་) "Leal Villa de Santiago de Managua" ཟེར་ གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་༡༨༥༢ ལུ་ རྒྱལ་ས་ལྟེ་བ་ལུ་འགྱུར་ནུག། སྤྱི་ལོ་༡༩༧༢ ལུ་ ས་ཡོམ་གྱིས་ ཁྲོམ་སྡེ་ལྟེ་བ་འདི་ ཉམས་ཆག་ཤོར་ཏེ་ དབང་ཚད་ཕྱིར་སྤེལ་གྱི་ ཁྲོམ་སྡེ་གོང་འཕེལ་གྱི་ དཔེ་རིས་འདི་ ད་ལྟོ་ཡང་གནས་ཏེ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༢ ལུ་ མ་ན་གུ་ཝ་ལུ་ མི་རློབས་༡༠༦༡༠༥༤ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབད་དེ་ཡོདཔ་ལས་ ནི་ཀ་ར་གུ་ཝ་འདི་ མི་རློབས་མང་ཤོས་ཡོད་པའི་ ཁྲོམ་ཚོགས་ཅིག་ལུ་འགྱུར་ཡོདཔ་ཨིན། ཁྲོམ་ཆེན་ས་ཁོངས་ནང་ མི་ས་ཡ་༡.༤ དེ་ཅིག་སྡོད་དོ་ཡོདཔ་ལས་ མི་རློབས་མ་འདྲཝ་དང་མི་རིགས་མ་འདྲཝ་ མེ་སི་ཊི་ཛོ་དང་ཨཱ་ཕོརོ་གི་རིགས་བརྒྱུད་ཚུ་ཚུདཔ་ཨིན་པས།

མ་ན་གུ་ཝ་འདི་ ལམ་སྲོལ་གྱི་ལྟེ་བ་ཅིག་ཨིནམ་ལས་ དུས་སྟོན་དང་འགྲེམས་སྟོན་ཁང་ དེ་ལས་ སྒྱུ་རྩལ་གྱི་ས་ཁོངས་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིནམ་དང་ དེ་ཡང་ གཅིག་འདི་ སཱན་ཊོ་ ཌོ་མཱིངགོ་ཌི་གཱཟ་མཱན (Santo Domingo de Guzmán) དུས་སྟོན་བཟུམ་གྱི་ལས་རིམ་ཚུ་ནང་ རང་ལུགས་ཀྱི་སྙན་ཆ་དང་ཞབས་ཁྲ་ དེ་ལས་ ཆོས་དང་སྲིད་ཀྱི་འགྲུལ་སྐྱོད་ཚུ་ སྟོནམ་ཨིན་པས། ཁྲོམ་འདི་ནང་ལུ་ གློག་བརྙན་ཁང་དང་ སྒྱུ་རྩལ་འགྲེམས་སྟོན་ཁང་ དེ་ལས་ ནི་ཀཱ་ར་གུ་ཝན་གྱི་སྒྱུ་རྩལ་དང་ སྲོལ་ཁྱུན་ཚུ་ཡར་དྲག་གཏང་མི་ ལམ་སྲོལ་ལྟེ་བ་ཚུ་ཡང་ཡོདཔ་ཨིན།
མ་ན་གུ་ཝ་གིས་ ནི་ཀ་ར་གུ་ཝ་གི་དཔལ་འབྱོར་འཕྲུལ་ཆས་ཅིག་སྦེ་ལཱ་འབདཝ་ལས་ རྒྱལ་ཁབ་ཀྱི་ནང་འཁོད་ཐོན་སྐྱེད་ལུ་ ཕན་ཐོགས་སྦོམ་སྦེ་ར་བྱུང་དོ་ཡོདཔ་མ་ཚད་ ཁྲོམ་གྱི་དཔལ་འབྱོར་དེ་ བཟོ་གྲྭ་དང་ཚོང་འབྲེལ་ ཞབས་ཏོག་ དེ་ལས་ སོ་ནམ་གྱི་ལཱ་ཚུ་ཨིནམ་དང་ བཟོ་གྲྭ་གཙོ་བོ་ཚུ་ཡང་ ཟ་འཐུང་བཟོ་གྲྭ་དང་ བགོ་ལ་ དེ་མ་ཚད་ བཟོ་བསྐྲུན་གྱི་ཅ་ཆས་ཚུ་ཨིན་པས། གཞུང་གི་གཙུག་སྡེ་དང་གཙུག་ལག་སློབ་སྡེ་ དེ་ལས་ རྒྱལ་སྤྱིའི་ཚོགས་པ་ཚུ་ཡོད་མི་འདི་གིས་ ཁྲོམ་སྡེ་གི་དཔལ་འབྱོར་གནས་སྟངས་འདི་ ཧེང་སྐལ་ར་ ཡར་དྲག་བཏང་སྟེ་ཡོད་རུང་ འོང་འབབ་འདྲ་མཉམ་མེད་མི་དང་ ལཱ་གཡོག་མ་འཐོབ་མི་ལ་སོགས་པའི་ གདོང་ལེན་ཚུ་ ད་ལྟོ་ཡང་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་ནང་ མ་ན་གུ་ཝ་གིས་ གཞི་རྟེན་མཐུན་རྐྱེན་ཚུ་ དེང་སང་གི་དུས་དང་བསྟུན་ཏེ་ མི་དམངས་ཞབས་ཏོག་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ ཁྲོམ་སྡེ་གོང་འཕེལ་གྱི་ ལས་འགུལ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། ལས་རིམ་ཚུ་ཡང་ ལམ་གསརཔ་བཟོ་ནི་དང་ མི་མང་སྐྱེལ་འདྲེན་གྱི་ ཞབས་ཏོག་རྒྱ་སྐྱེད་འབད་ནི་ དེ་ལས་ ཆུ་དང་གཙང་སྦྲ་འཕྲོད་བསྟེན་གྱི་ལམ་ལུགས་ཚུ་ ཡར་དྲག་གཏང་ནི་ཚུ་ཨིན་པས། ཨིན་རུང་ ཁྲོམ་སྡེ་གིས་ འགྲུལ་སྐྱོད་ཀྱི་དཀའ་ངལ་དང་ སྡོད་ཁྱིམ་ལངམ་སྦེ་མེད་མི་ དེ་ལས་ མ་ན་གུ་ཝ་མཚོ་གི་ བཙོག་རླུང་དང་འབྲེལ་བའི་ མཐའ་འཁོར་གནས་སྟངས་ཀྱི་ཚ་གྱང་ཚུ་ འཕྲོ་མཐུད་དེ་ར་ གདོང་ལེན་འབད་དོ་ཡོདཔ་ཨིན་པས།
མ་ན་གུ་ཝ་ཁྲོམ་སྡེ་འདི་ དེང་སང་དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་ ཡར་རྒྱས་འགྱོ་སྟེ་ཡོད་རུང་ ད་ལྟོ་ཡང་ གདོང་ལེན་བྱུང་མི་ལུ་བརྟེན་ གཞུང་དང་ཞི་བའི་མི་སྡེ་ དེ་ལས་ རྒྱལ་སྤྱིའི་མཉམ་འབྲེལ་པ་ཚུ་གིས་ བཅའ་མར་གཏོགས་ཞིནམ་ལས་ དམངས་གཙོའི་གཞུང་སྐྱོང་ཚུ་ ངེས་གཏན་བཟོ་ནི་གི་དོན་ལུ་ མཉམ་འབྲེལ་གྱི་ཐོག་ལས་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ལས་ ནི་ཀ་ར་གུ་ཝ་འདི་ འཕྲོ་མཐུད་དེ་ར་ ཡར་རྒྱས་འགྱོ་བའི་བསྒང་ལས་ ལུང་ཕྱོགས་འདི་ནང་ བཟོད་བསྲན་དང་ཡར་རྒྱས་ཀྱི་དོན་ལུ་ དཔེ་བཟང་པོ་ཅིག་སྦེ་ ཆ་བཞག་ནི་གི་འོས་འབབ་ཡོདཔ་ཨིན་མས།
རྒྱབ་རྟེན་ཐོ།