མཆོད་རྟེན་སྐོར་ར
རྒྱབ་ཁུངས།

བཀྲིས་དབྱངས་རྩེ་རྫོང་ཁག་འོག་ལུ་ཡོད་པའི་དྲེན་རྟེན་ཡོངས་དྲགས་ཀྱི་མཆོད་རྟེན་སྐོར་ར་ཟེར་མི་འདི་འཁོར་ལོང་ཆུའི་མཐའ་མ་ས་ཐང་བདེ་ཏོག་ཏོ་ཅིག་ཡོད་སར་བཞེངས་ཏེ་འདུག དེ་ཡང་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་ཚའུ་བླ་མ་ངག་དབང་བློ་གྲོས་ཀྱིས་ས་གནས་དེ་ཁར་ཡོད་པའི་བདུད་ཚུབ་ཅན་ མི་དང་སེམས་ཅན་ཚུ་ལུ་བནོད་བཀལཝ་བཀལ་ས་རང་ལུང་པ་དེ་ནང་དགའཝ་སྐྱིདཔ་ཟེར་མི་འདི་མ་པ་ལས་རང་མེདཔ་བཟོཝ་ལས་བླམ་དེ་གིས་དེ་ཁར་གིས་བདུད་དེ་དམ་བཏག་ནིའི་དོན་ལུ་བཞེངས་གནང་གནངམ་ཨིན་མས། མཆོད་རྟེན་དེ་གི་མ་དཔེ་དེ་ཡང་བལ་བུ་ལུ་ཡོད་པའི་བྱ་རུང་ཁ་ཤོར་དེ་ཨིན་ཟེར་བཤདཔ་མས། [༡]
འབྲུག་ལས་བླམ་ངག་དབང་བློ་གྲོས་དང་ཁོ་རའི་ཆ་རོགས་མོན་རྟ་དབང་ལས་ཨིན་མི་བླ་མ་བཟང་པོ་གཉིས་ཀྱིས་བལ་བུ་ལུ་བྱོན་ཏེ་བྱ་རུང་ཁ་ཤོར་མཆོད་རྟེན་ཅོག་འཐེདཔ་རེ་རེ་རང་སོའི་ས་ཁོངས་ནང་ལུ་བཞེངས་ནིའི་ཁ་སླབ་དེ་ ལོག་ལྷོདཔ་ད་བླམ་བཟང་པོ་གིས་སྒོར་ཟམ་མཆོད་རྟེན་ཟེར་མི་ཅིག་བཞེགས་ནུག། བླམ་ངག་དབང་བློ་གྲོས་ཀྱིས་ཡང་ཁོ་གིས་ལ་ཕུག་གཅིག་གུ་མ་དཔེ་བཟོ་འབག་འོངམ་མི་དེ་ལྟ་དེ་ ཁོ་ལོང་ཆུའི་མཐའ་མར་མཆོད་རྟེན་ཅིག་བཞེགས་དེའི་མིང་ཡང་དོན་ནང་མཐུནམ་སྦེ་བདུད་རོང་མཆོད་རྟེན་ཟེར་གསོལ་ནུག། དེ་ཡང་ད་རེ་ཡོངས་དྲགས་གི་མཆོད་རྟེན་སྐོར་ར་ཟེར་མི་འདི་ཨིན་མས། ཁོ་གིས་བཞེགས་མི་མཆོད་རྟེན་དེ་བྱ་རུང་ཁ་ཤོར་མཆོད་རྟེན་ཅོད་འཐེདཔ་མ་འགྱོད་མི་འདི་ཡང་ཁོ་འབྲུག་ལུ་ལྷོད་ལྷོད་ལ་ཕུག་སྐམ་སོ་ནི་དེ་གི་ཨིན་ཟེར་བཤདཔ་ཨིན་མས།[༡] དེ་གིས་གྲུབ་དང་རབ་གནས་ཡང་རྗེ་མཁན་ཁྲི་རབས་༡༣ པ་རྗེ་ཡོན་ཏན་མཐའ་ཡེ་གིས་བཛད་གནང་ནུག དེ་ལས་ཚུར་བདུད་དེ་གིས་མི་དང་སེམས་ཅན་ཚུ་ལུ་ཚུབ་བཀལ་མ་ཚུགས་པས།
མཆོད་རྟེན་སྐོར་ར་ཚེ་བཅུ།
དེ་ཡང་ལོ་ནམ་ཆེ་ར་ མཆོད་རྟེན་སྐོ་ར་ཁག་གཉིས་འགོ་འདྲེན་འཐབ་སྲོལ་འདུག དང་པ་རང་དག་པའི་སྐོ་ར་ཟེར་མི་འདི་ཟླཝ་དང་པའི་ཚེ་བཅོ་ལྔ་ལུ་འགོ་བཙུགས་སྲོལ་ཡོདཔ་ད་ རྒྱ་གར་ཨ་རུ་ནལ་པར་དེཤ་ལས་དག་པའི་མི་ཚུ་གཉིམ་གསུམ་གི་དོན་ལུ་གནས་སྐོར་དེ་ཁར་འོང་མི་དེ་ཡང་ཧེ་མ་ཁོང་གི་ལུང་ཕྱོགས་ནང་ལས་རྒྱལ་པོའི་སྲམོ་གུང་ལོ་བརྒྱད་སྦེ་མི་ཅིག་མཆོད་རྟེན་དེ་གི་ཡེ་ཤེ་སེམས་དཔའ་སྦེ་ཡོད་ཟེར་ཡིད་ཆེ་བསྐྱེད་དེ་འོང་དོ་ཡོདཔ་མས། ཤུལ་མམ་གི་སྐོར་ར་འདི་འབྲུག་པའི་སྐོར་ར་ཟེར་གནམ་གང་ལུ་སྐོར་ར་རྐྱབ་སྲོལ་ཡོད་མི་དེ་འབྲུགཔ་ཚུ་གི་དོན་ལུ་ཨིནམ་ད་ཤར་ཕྱོགས་ཁ་ཐུག་གི་མི་སེར་ཚུ་དེ་ཁར་འཛོམས་ཏེ་ཉིན་ནུབ་བྱེལ་སྐོར་ར་རྐྱབ་སྲོལ་འདུག དེ་སྐབས་མི་སེར་ཚུ་ལུ་བྱིན་རླབས་མཐོང་གྲོལ་གཅིག་ཡང་མཉལ་ཁར་གནང་སྲོལ་འདུག། དེ་ཁར་གཡུས་ཁར་གྱིས་བུཚ་དང་བུམོ་ན་གཞོན་ཚུ་ཡང་ཆ་ཉམས་དེ་ཁར་འཛོམས་ལས་ ལ་ལུ་ཅིག་དགའ་མཐུན་འཕྱད་དེ་གཉན་ཡང་རྐྱབ་པའི་ལོ་རྒྱུས་འདུག [༢]
ཁུངས་གཏུགས་དཔེ་ཆ།
[ཞུན་དག]- ↑ ༡.༠ ༡.༡ Chhophel, Lam Kezang. "A Brief History of Rigsum Goenpo Lhakhang and Choeten Kora at Trashi Yangtse" (PDF). Journal of Bhutan Studies. 6 (1): 1–4 – via Digital Himalaya. Retrieved 2025-09-13.
- ↑ https: //www.lonelyplanet.com, retrieved 2025-09-13.
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·