མི་ཡཱན་མར།
ངོ་སྤྲོད།
མི་ཡཱན་མར་ ཧེ་མ་(བྷར་མ)་འདི་ རྒྱ་གར་དང་ བང་ལ་དེཤ་ རྒྱ་ནག་ ལཱའོས་ དེ་ལས་ ཐའི་ལེནཌ་ཚུ་གི་ས་མཚམས་ཁར་ མི་རིགས་༡༠༠་ལྷགཔ་ཅིག་ཡོད་མི་ ཤར་ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཀྱི་ཁྲོམ་ཚོགས་སྦོམ་ཤོས་ ཡངས་གཱོན་ (ཧེ་མ་རང་གཱོན)འདི་ ག་ནི་བ་འུར་ཟིང་ཆེ་བའི་ཚོང་བསྒྲགས་འཐབ་སའི་ས་གནས་ དེ་ལས་ གླིང་ག་དང་ རྒྱ་མཚོ་གྱངས་ཁ་མ་ཆོདཔ་ཅིག་གནས་སའི་ས་སྒོ་ཅིག་ཨིན། དེ་མ་ཚད་ ཀ་རིང་དང་ གསེར་གྱི་སྒྲོན་པའི་ཤུ་ཝེ་ཌ་གཱོན་ པག་གོ་ཌ་དང་ དུས་རབས་༦་པའི་ནང་པའི་རྙིང་མ་གི་ཆོས་ཤུལ་ཚུ་ཡང་ ཡོདཔ་ཨིན།
མི་ཡཱན་མར་(བྷར་མ)གི་ ས་ཆའི་རྒྱ་ཚད་དང་ ཆགས་ཡུལ་འདི་ འཛམ་གླིང་དངུལ་ཁང་གོང་འཕེལ་བསྡུ་བསྡུས་དང་འཁྲིལཝ་ད་བྱང་ནུབ་ཀྱི་རྒྱལ་ཁབ་ ཤར་ལྷོ་ཨེ་ཤི་ཡ་ ཨིན་ཌོ་ཅའི་ནེསི་ཕྱོགས་གསུམ་ཆུ་གླིང་ནང་ ས་ཆའི་རྒྱ་ཚད་ཀི་ལོ་མི་ཀྲར་གྲུ་བཞི་༦༧༦,༥༧༨་དེ་ཅིག་ནང་ཆགས་ཏེ་ཡོདཔ་ད་ ཤར་ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ་སྦོམ་ཤོས་གཉིས་པ་དང་ ཤར་ལྷོ་ཨི་ཤི་ཡ་གི་ས་གནས་གཙོ་བོ་སྦོམ་ཤོས་ཅིག་ཡང་ཨིན་མས། དེ་ལས་ རྒྱལ་ཁབ་འདི་ནུབ་ཕྱོགས་ལུ་ཤར་ལྷོ་ཨི་ཤི་ཡ་གི་ཡན་ལག་གི་ས་མཚམས་དང་ རྒྱ་ནག་ལས་བྱང་དང་བྱང་ཤར ལའོ་སི་ལས་ཤར་ ཐའི་ལེནཌ་ལས་ཤར་ལྷོ་ཁ་ཐུག་དང་ ཨན་ཌ་མཱན་མཚོ་དང་ བེང་གཱལ་གྱི་མཚོ་ཁ་ལས་ ལྷོ་དང་ལྷོ་ནུབ་ དེ་བཟུམ་སྦེ་ བང་ལ་དེཤ་ལས་ནུབ་དང་ རྒྱ་གར་ལས་བྱང་ནུབ་ལུ་གནས་ཏེ་ཡོདཔ་ཨིན།
དེ་ལས་ ད་ལྟོའི་མི་ཡཱན་མར་གྱི་མི་རློབས་འདི་ རེ་གཟའ་སྤེན་པ་ཟླ་༣་ཚེས་༧་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་གནས་སྡུད་དང་འཁྲིལཝ་ད་ ༥༤,༧༣༨,༤༧༤་ ཡོདཔ་ཨིན། རྒྱལ་ཁབ་ཀྱི་མི་རློབས་འཛམ་གླིང་མི་འབོར་ཡོངས་བསྡོམས་ལས་བརྒྱ་ཆ་༠.༦༧་ གི་འདྲ་མཉམ་ཡོདཔ་ད་ མི་འབོར་གྱི་སྟུག་ཚད་༨༤་ འདུག། མི་ཡཱན་མར་འདི་མི་རློབས་ལས་བརྟེན་ཏེ་ རྒྱལ་ཁབ་ཀྱི་རིམ་པ་ཨང་༢༧་པའི་ཐོ་ནང་ཚུདཔ་མ་ཚད་ བརྒྱ་ཆ་ལས་༣༤.༡་ ཁྲོམ་ཁར་སྡོད་མི་ཨིནམ་ད་ སྤྱི་ལོ་༢༠༢༥་ལུ་མི་གྲངས་༡༨,༧༢༢,༤༩༡་ཡོདཔ་ཨིན་མས། དེ་ལས་ རྒྱལ་ཁབ་ཀྱིས་ གཞུང་འབྲེལ་ཐོག་ལས་ མི་རིགས་སྡེ་ཚན་༡༣༥་ངོས་འཛིན་འབདཝ་ཨིན་རུང་ རྒྱལ་ཡོངས་ལུ་མི་རིགས་བརྒྱད་ནང་ལུ་བསྡུ་དོ་ཡོདཔ་ཨིན། དེ་ཚུ་ཡང་ བཱར་མན། ཀ་ཅིན། ཀ་ཡཱ། ཀ་རེན། ཆིན། མོན། ར་ཁིན་དང་ ཤན་ཚུ་ཨིན།
མི་ཡཱན་མར་འདི་ མངའ་སྡེ་བདུན་དང་ ལུང་ཕྱོགས་བདུན་ དེ་ལས་ མཐུན་ཚོགས་ཀྱི་ས་ཁོངས་གཅིག་ནང་ལུ་དབྱེ་བ་ཕྱེ་ཏེ་ཡོདཔ་ཨིན། མངའ་སྡེ་བདུན་ཡང་དཔེར་ན་ ཆིན། ཀ་ཅིན། ཀ་ཡ། ཀ་ཡིན། མོན། ར་ཁིན། དང་ ཤན་ཚུ་ཨིན། དེ་བཟུམ་སྦེ་ ལུང་ཕྱོགས་བདུན་འདི་ ཨེ་ཡར་ཝ་ཌེ། བ་གོ། མག་ཝེ། མན་ཌ་ལེ། སཱ་གཱེང། ཏཱ་ནིན་ཐཱར་དང་ ཡངས་གཱོན་ཚུ་ཨིན། བདག་སྐྱོང་འདི་ཧེང་སྐལ་རང་ རྫོང་ཁག་ ཁྲོམ་སྡེའི་ས་ཁོངས་ འདེམས་ཁོངས་དང་ གཡུས་ཚན་ཚུ་གི་ཡན་ལག་སྡེ་ཚན་ནང་དབྱེ་བ་ཕྱེ་ཏེ་འདུག།
དེ་ལས་ མི་ཡཱན་མར་རྒྱལ་ཁབ་ཀྱི་ གཞུང་སྐྱོང་ལམ་ལུགས་འདི་ སྤྱི་ལོ་༢༠༠༨་ཀྱི་རང་དབང་ཅན་གྱི་སྲིད་འཛིན་སྤྱི་མཐུན་ནང་ལུ་ རྒྱལ་ཁབ་གཅིག་མཐུན་ཚོགས་འདུ་ཅིག་སྦེ་བཀོལ་སྤྱོད་འབད་ཡོདཔ་ཨིན་མས། སྤྱི་ཟླ་༢་པའི་ཚེས་༡ སྤྱི་ལོ་༢༠༢༡ ལུ་མི་ཡཱན་མར་གྱི་དམག་མི་ཚུ་གིས་ གཞུང་ལུ་དབང་ཚད་སྤྲོད་ཡོདཔ་ཨིན་རུང་ འཕྲོ་མཐུད་དེ་རང་ རྩིས་སྟོན་རྒྱབ་འགལ་གྱི་ངོ་རྒོལ་ཚུ་ འབྱུང་བཅུག་ནུག།
མི་ཡཱན་མར་རྒྱལ་ཁབ་ཀྱི་མི་སེར་ སུམ་དཔྱ་གཉིས་ཀྱིས་ གཞུང་འབྲེལ་ཁ་སྐད་བུར་མིསི་འདི་ ལག་ལེན་འཐབ་ཨིན། དེ་བཟུམ་སྦེ་ མི་རིགས་བཟའ་ཚང་ཉུང་ཤོས་ཚུ་གིས་ཁ་སྐད་དྲུག་ ཆ་བཤད་སྦེ་ལག་ལེན་འཐབ་དོ་ཡོདཔ་ཨིན། ཁ་སྐད་ཚུ་ཡང་ སའི་ནོ་_ཀྲི་བི་ཀྲན། ཨས་ཀྲོ་_ཨ་སི་ཡ་ཊིག། ཏའི་_ཀ་ཌའི། ཨིན་ཌོ་_ཡུ་རོ་པིན། ཨོ་སི་ཊོ་ནིསི་དང་ ཧ་མོང་_མིན་ དེ་བཟུམ་སྦེ་མི་རིགས་ཀྱི་མི་ཁུངས་ཡང་ བཱར་མི་སི་གི་བརྡ་མཚོན་སྐད་ཡིག་གི་དོན་ལུ་ ཚད་གཞི་འབད་དེ་འདུག།
རྒྱལ་ཁབ་ནང་གི་ཆོས་ལུགས་གཙོ་བོ་ ཐེ་ར་ཝ་དཱ་ཨིནམ་ད་ ཉིན་བསྟར་གྱི་མི་ཚེ་ནང་ལུ་ གཏིང་ཟབ་སྦེ་བཙུགས་ཏེ་ སྤྱི་ལོ་༢༠༡༦་ལུ་ བླམ་དང་དགོན་སྡེ་ཚུ་བཟུམ་གྱི་བཟོ་རིགས་ཚུ་ནང་ལུ་ བསམ་ཞིབ་འབད་ཡོདཔ་ཨིན། དེ་ལས་མི་ཡཱན་མར་གྱི་ སྔར་སྲོལ་གྱི་གྱོན་ཆས་ ལུང་གི་འདི སྨད་གཡོགས་འབད་སྤུར་ཏེ་སྤྱིར་བཏང་ ཕོ་མོ་གཉིས་ཆ་ར་གི་ཁྱབ་ཆེཝ་སྦེ་ རང་ལུགས་ཀྱི་གྱོན་ཆ་སྦེ་ལག་ལེན་འཐབ་ཨིན། ཟས་རིགས་འདི་ བྲོ་བ་སྣ་ཚོགས་ཡོད་པའི་དོན་ལུ་ ཡོངས་གྲགས་ཡོད་པའི་ མོ་ཧིང་ག་(ཉ་ནུ་ཌལ་ཐང) བཟུམ་གྱི་ཟས་རིགས་ཚུ་ཚུདཔ་ཨིན། དེ་ལས་ འཕྲལ་འཕྲལ་རང་ ཆུམ་དང་གཅིག་ཁར་སྦྱོར་རྫས་ཧོ་སྒྱེ་ཚུ་བཟའ་སྲོལ་འདུག། དེ་བཟུམ་སྦེ་ དུས་སྟོན་ཚུ་ཐིང་ཡན་(ལོ་གསར) དང་ ཏ་ཟུང་དཱན་(ཟླ་བའི་དུས་ཆེན) ཚུ་ལམ་སྲོལ་གྱི་ལག་ལེན་དྲག་པོ་དང་གཅིག་ཁར་བརྩི་སྲུང་ཞུཝ་ཨིན། མི་ཡཱན་མར་འདི་ མགོ་རྙོགས་དྲགས་ཀྱི་དབང་གིས་ ཤིང་བརྐོ་བའི་ལྕགས་ཐག་དང་ སྲོལ་རྒྱུན་རིག་པ་ལུ་ ཡོངས་གྲགས་ཡོདཔ་ཨིན།
དེ་དང་འདྲཝ་སྦེ་ རྒྱལ་ཁབ་འདི་ནང་གི་ དཔལ་འབྱོར་གཙོ་བོ་ སོ་ནམ་ཞིང་ལཱ་ ནགས་སྐྱོང་རིག་པ་ ཉ་གཟུང་ནི་ ས་གཏེར་བཏོན་ནི་ རྡོ་སྣུམ་གྱི་ལཱ་དང་ ཆུ་གློག་ཁམས་ཚུ་ཨིན། མི་སེར་ཚུ་གིས་ སོ་ནམ་ཞིང་ལཱ་ལས་བརྟེན་ ཆུམ་ གུན་ཆ་དང་ སྲནམ་ཅུམ་སྐམ་ཚུ་གི་ཐོན་སྐྱེད་ཡོངས་གྲགས་སྦེ་བཏོནམ་ཨིནམ་ད་ སྒེར་སྡེ་གིས་ སོ་ནམ་གྱི་ལཱ་ དབང་དུ་བསྡུ་ཡོདཔ་ཨིན། དེ་བཟུམ་སྦེ་ ས་གཏེར་ལས་བརྟེན་ མི་ཡཱན་མར་ལུ་ རིན་ཐང་ཅན་གྱི་ དངུལ་བཙུགས་ཡོདཔ་མ་ཚད་ གཞན་གོང་ཚད་ཆེ་བའི་ གཡུ་གི་རྡོ་ རིན་ཆེན་རྡོའི་བྱེ་བྲག་ རྡོ་རྗེ་ཕ་ལམ་ ལྕགས་རྡོ་ གསེར་དང་ དངུལ་ལ་སོགས་པའི་རྩ་ཅན་གྱི་རིགས་ལེ་ཤ་ར་ཡོདཔ་ཨིན། དེ་ལས་ ས་སྣུམ་དང་ རང་བཞིན་རླངས་རྫས་ཚུ་ཡང་ཡོདཔ་ལས་ དེ་ཚུ་ལུ་བརྟེན་ མི་སེར་ཚུ་འཚོ་བ་སྐྱོང་སྟེ་སྡོད་དོ་ཡོདཔ་ཨིན།
དེ་བཟུམ་སྦེ་ མི་ཡཱན་མར་གྱི་ཚོང་ལས་ནང་ལུ་ སོ་ནམ་ཞིང་ལཱའི་ཐོན་སྐྱེད་དང་ བཟོ་སྐྲུན་ཚུ་ཕྱིར་ཚོང་འཐབ་མ་ཚད་ གསར་སྒྲུབ་ཅ་ཆས་ བཟོ་སྐྲུན་གྱི་ཅ་ཆས་དང་ དགོས་མཁོ་ཆེ་བའི་མཁོ་ཆས་ཚུ་ནང་འདྲེན་འབདཝ་ཨིན། དེ་ལས་ རྒྱལ་ཁབ་ཀྱི་ ཕྱིར་ཚོང་མཉམ་འབྲེལ་པ་གཙོ་བོ་ རྒྱ་ནག་ ཐའི་ལེནཌ་ རྒྱ་གར་ སིངྒ་པུར་དང་ ཇ་པཱན་ཚུ་ཚུདཔ་ཨིན།
རྒྱལ་ས་རང་གྷུན།(ཡང་གྷོན)
རང་གྷུན་(ཧེ་མར་ཡང་གྷོན)་འདི་ གནམ་ལོ་༢༠༠༦་ཚུན་ མི་ཡཱན་མར་གྱི་རྒྱལ་ས་ལྟེ་བ་ཨིན་མས། ཤུལ་ལས་ དབུ་ཁྲིད་པ་ ཐན་ཤྭེ་གིས་ གསང་བའི་ཐོག་ལས་རྒྱལ་ས་ལྟེ་བ་འདི་ སྤོ་ནི་སྦེ་ལཱ་ཚུ་མཇུག་བསྡུ་ཏེ་ ལོ་གཅིག་གི་རྒྱབ་ལས་རྐྱངམ་ཅིག་གསལ་བསྒྲགས་འབད་ནུག། ཨིན་རུང་ད་ལྟོའི་བར་ན་ཡང་ ཁོ་གིས་བྱ་སྤྱོད་ཀྱི་སྐོར་ལས་ འདི་ག་ཅིག་འབད་ཐག་བཅད་ཡི་ག་ ཧ་གོ་མ་ཚུགས་པར་འདུག། དེ་ལས་ ནྱེ་པའི་ཏའུ་འདི་ ཧེ་མ་འདྲེ་གདོན་གྲོང་ཁྱེར་དང་ བདག་སྐྱོང་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན་རུང་ ས་གནས་འདི་ ད་ལྟོ་ མི་ཡཱན་མར་གྱི་ རྒྱལ་ས་ལྟེ་བ་དང་ གྲོང་ཁྱེར་ཆེ་ཤོས་གསུམ་པ་ཨིན་མས། ནྱེ་པའི་ཏའུ་འདི་ ཤཱན་ཡོ་མ་དང་ བ་གོ་ཡོ་མ་གི་ བར་ན་ཆགས་ཡོདཔ་ད་ གྲོང་ཁྱེར་གྱིས་ གྲུ་བཞི་ཀི་ལོ་མི་ཊར་ ༧,༠༥༤ ཡོད་པའི་ས་ཁོངས་ཁྱབ་སྟེ་འདུག། གཞུང་འབྲེལ་དང་འཁྲིལཝ་ད་ རྒྱལ་ས་ལྟེ་བ་འདི་ནང་ མི་འབོར་༩༢༤,༦༠༨ཡོདཔ་ཨིན་མས། ས་གནས་འདི་ནང་མི་མང་ཤོས་ཀྱིས་ གཞུང་འབྲེལ་ཁ་སྐད་བུར་མིསི་འདི་ སླབ་དོ་ཡོདཔ་ཨིན། དེ་ལས་ ནྱེ་པའི་ཏའུ་འདི་ ས་ཁོངས་དྲུག་ལུ་དབྱེ་སྟེ་ཡོདཔ་ད་ དེ་ཚུ་ཡང་ སྡོད་ཁྱིམ་ ལྷན་ཁག་ དམག་སྡེ་ ཟ་ཁང་ ཚོང་འབྲེལ་དང་ རྒྱལ་སྤྱི་ཚུ་ཨིན།
མཇུག་བསྡུ།
མི་ཡཱན་མར་འདི་ ཤར་ལྷོ་ཨེ་ཤི་ཡའི་ས་ཁོངས་གིས་བཅས་པའི་ རྒྱལ་ཁབ་སྦོམ་ཤོས་ཅིག་དང་ མི་འབོར་ཡོངས་བསྡོམས་ས་ཡ་ ༥༥་ ཙམ་ཡོདཔ་ཨིན་མས། རྒྱལ་ཁབ་ཀྱི་རྒྱལ་ས་ལྟེ་བ་ ནྱེ་པའི་ཏའུ་དང་ གྲོང་ཁྱེར་སྦོམ་ཤོས་རང་གྷུན་ (ཧེ་མ་ཡང་གྷོན) ་ཨིན་མས། མི་ཡཱན་མར་གྱི་ གཞུང་འབྲེལ་ཁ་སྐད་ བུར་མིསི་གི་ཁ་སླབ་དོ་ཡོདཔ་ཨིན། མི་སེར་ཚུ་གིས་ ཆོས་ལུགས་གཙོ་བོ་ ཐེ་ར་ཝ་དཱ་ རྗེས་སུ་འཇུག་དོ་ཡོདཔ་ད་ ཁོང་རའི་ཆོས་ལུགས་འདི་ལུ་ ཡིད་ཆེས་དང་དད་པ་སྦོམ་སྦེ་བསྐྱེད་དོ་ཡོདཔ་ཨིན་མས། དེ་ལས་ རྒྱལ་ཡོངས་ཀྱི་གྱོན་ཆ་འདི་ སྤྱིར་བཏང་ཕོ་མོ་གཉིས་ཆ་རང་གི་ འདྲ་སུ་ཅིག་ཡོདཔ་ད་ དེ་ཡང་ ལུང་གི་ཟེར་མི་ སྨད་གཡོགས་འབད་སྤུར་ཏེ་གྱོན་སྲོལ་འདུག། དེ་བཟུམ་སྦེ་ རྒྱལ་ཁབ་འདི་ནང་ མི་སེར་འཚོ་བ་འཐབ་སའི་གཞི་ངོ་མ་ སོ་ནམ་ཞིང་ལཱ་དང་ གཞན་ས་གཏེར་དང་ ཆུ་གློག་ཁམས་ཚུ་ཨིན་མས།
རྒྱབ་བརྟེན་དཔེ་དེབ།
(https://en.m.wikipedia.org/wiki/Myanmar#:~:text=lt%20is%20the%20largest%20country,to%20its%south%20and%20southwest).
(https://www,britannica.com/place/Myanmar)
(https://en.m.wikipedia.org/wiki/geography_of_Myanmar)
(https://tradingeconomics.com/myanmarland-area-sq-km-wb-data.html)
(https://www.worldometers.info/world-population/myanmar-population/)
(https://en.m.wikipedia.org/wiki/Politics_of_Myanmar)
(https://www.britannica.com/place/Myanmar/Resources-and-power)