མི་སི་སའུ་ག Mississauga
ངོ་སྤྲོད།
མི་སི་སའུ་ག་(Mississauga) འདི་ ཀེ་ནེ་གྲའི་ཁྲོམ་ཚོགས་སྦོམ་ཅིག་ཨིན། ཁྲོམ་ཚོགས་འདི་ཨོན་ཊ་རི་བོ་མཚོའི་མཐའ་མར་ཆགས་ཏེ་ཡོདཔ་མ་ཚད་ མཐའ་སྐོར་འདི་ ཤར་ཁ་ཐུག་ལུ་ཨི་ཊོ་བི་ཀོཀ་ཁྲོམ་དང་ནུབ་ཁ་ཐུག་ལུ་བརམ་ཊོན་ཁྲོམ་དེ་ལས་ནུབ་བྱང་ལུ་མིལ་ཊོན་ཁྲོམ་དང་ལྷོ་ནུབ་ནུ་ཨོཀ་ཝི་ལི་ཁྲོམ་ཚུ་ཡོདཔ་ཨིན། མི་སི་སའུ་ག་འདི་ཀེ་ན་ཌའི་ཁྲོམ་ཚོགས་ཚུ་གི་གྲལ་ཁ་ལས་མི་རློབས་ མང་སུ་ཡོད་མིའི་ཁྲོམ་ཚོགས་དང་མི་རློབས་ཀྱི་ཚད་གཞི་ལས་རྩིས་བ་ཅིན་ཨང་བདུན་པ་ལུ་ལྷོད་དེ་ཡོདཔ་ཨིན། མ་གཞི་རྒྱལ་རབས་ནང་ལུ་ སྤྱི་ལོ་༢༠༡༦་ལས་སྤྱི་ལོ་༢༠༢༡་ལུ་ཚུན་མི་རློབས་ཀྱི་གྲངས་རྩིས་ཕབ་ལྟཝ་དང་ མི་རློབས་ཀྱི་བརྒྱ་ཚད་འདི་ཨ་ཙི་ཅིག་མར་འབབ་འགྱོ་མི་དེ་འགོ་དང་པ་ཨིན་མས། མི་སི་སའུ་ག་དེ་ཡར་རྒྱལ་འགོ་དང་འགྱོ་མི་འདི་ ས་ཆ་དེ་ མངའ་སྡེ་ཊོ་རོན་ཊོ་གི་སྦོག་ལོ་ཁར་ཨིན་ནི་དེ་གི་མས། ཤུལ་ལས་ ཁྲོམ་ཚོགས་འདུ་ནང་ལུ་མི་རིགས་མ་འདྲཝ་ལེ་ཤ་འོང་སྟེ་ ཚོང་འབྲེལ་གྱི་ས་ཁོངས་སྦེམ་ཅིག་ལུ་འགྱུར་སོང་ནུག མི་སི་སིའུ་ག་གི་ཤར་བྱང་ཁ་ཐུག་ལུ་ཡོད་པའི་མལ་ཊོན་ཁྲོམ་ཚོགས་འདི་ནང་ལུ་ ཀེ་ན་ཌའི་རྒྱལ་སྤྱིའི་གནམ་གྲུ་ཐང་ ཊོ་རོན་ཊོ་པི་ཡར་སོན་ཨིན་ཊར་ནེ་ཤན་ནལ་ཨེ་ཡར་པོཊ་དེ་ཡོདཔ་ཨིནམ་མ་ཚད་ ས་གནས་དེ་ཁར་ལུ་ ཀེ་ན་ཌ་རྒྱལ་ཁབ་ཀྱི་མ་ཚད་རྒྱལ་སྤྱིའི་ཚོང་འབྲེལ་ལྟེ་བ་ཚུ་ཡང་དེ་ཁར་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལུ་སྡོད་མིའི་མི་ཚུ་ལུ་མི་སི་སའུ་གན་ཟེར་སླབ་ཨིན་རུང་ དོར་བསྡུས་ཏེ་ ཁྲོམ་ཚོགས་ལུ་ སའུ་ག་དང་དེ་ཁར་ཡོད་མིའི་མི་ཚུ་ལུ་སའུ་གན་ཟེར་ཡང་སླབ་སྲོལ་འདུག ཁྲོམ་ཚོགས་འདི་ནང་ལུ་མི་ཚུ་ ལོ་སྟོང་ཕྲག་གི་ཧེ་མ་ལས་རང་སྡོད་ནུག་ཨིན་རུང་མི་སའུ་ག་འདི་ཁྲོམ་སྦེ་སྤྱི་ལོ་༡༩༦༨་ལུ་བཟོ་ནུག་ དེ་ལས་སྤྱི་ལོ་༡༩༧༤་ལུ་ཁྲོམ་ཚོགས་སྦེ་བཟོ་ཡོདཔ་མ་ཚད་ཁྲོམ་སྡེའི་གྲང་སུ་ཡང་དེ་ལས་ཚུར་ཚུད་ནུག།
མི་སའུ་ག་གི་སའི་རྒྱ་ཚད་ཀི་ལོ་མི་ཊར་གྲུ་བཞི་ ༢༨༨་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལས་གཙང་ཆུ་སྦོམ་གཉིས་ཡོདཔ་ཨིནམ་ད་ ཀེརེ་ཌིཌ་གཙང་ཆུ་དེ་རིང་ཤོས་ཅིག་ཨིན་མས། གཙང་ཆུ་དེ་གི་ཁྲོམ་ཚོགས་དེ་སྐེདཔ་བཏོག་ཏེ་ཤར་མ་སའུ་ག་དང་ནུབ་མ་སའུ་ག་ཟེར་ས་གནས་ཁག་གཉིས་འབད་ཡོདཔ་ཨིན གཙང་ཆུ་དེ་ཚུ་ཕྲང་ཕྲང་པོརཊ་ཀེརེ་ཌིཌ་མཚོའི་ཁ་ལས་མར་ཊོ་རོན་ཊོ་མཚོ་ནང་འཛུལ་འགྱོ་དོ་ཡོདཔ་ཨིན། ས་གནས་འདི་ཕྱི་གླིང་པའི་མི་ཚུ་མ་འོང་མའི་ཧེ་མ་ ཚལ་མ་གི་གང་སྟེ་ཡོདཔ་མ་ཚད་གཡུས་དེ་ཁར་གྱི་མི་ཚུ་རྐྱངམ་ཅིག་ཡོདཔ་ཨིན་དོ་མས། མི་སའུ་ག་གི་ཤར་ཁ་ཐུག་ལས་ ཨེ་ཐོ་བི་ཀོ་གཙང་ཆུ་དེ་ཡོདཔ་མ་ཚད་ཆུ་དེ་གི་ཊོ་རོན་ཊོ་དང་མི་སའུ་ག་གི་ས་མཚམས་བཟུམ་ཅིག་ཡང་ཨིན་མས། མི་སའུ་ག་གི་ས་ཆའི་མཐོ་ཚད་ རྒྱ་མཚོ་ལས་དམའ་ཤོས་མི་ཊར་༧༦་དང་མཐོ་ཤོས་མི་ཊར་༢༡༤་ཨིན་མས། སྤྱི་ལོ་༢༠༢༤ ལུ་ཆརཔ་ཤུགས་སྦེ་རྐྱབ་ནི་དེ་གི་ ས་གནས་དེ་ཁར་ལུ་ཆུ་རུད་སྦོམ་ཅིག་ཐོན་ཏེ་ ལམ་ག་ཡ་ར་མེདཔ་བཏང་ནུག
གནམ་གཤིས།
མི་སི་སའུ་ག་གི་གནམ་ཤེས་འདི་ཊོ་རོན་ཊོ་དང་ཆ་འདྲ་སུ་ཅིག་ཡོདཔ་ཨིན། གནམ་བྱར་འདི་ཚ་འདྲོད་གནམ་མེད་ས་མེད་ཡོདཔ་མ་ཚད་ཆར་ཤུ་ཡང་འབོལ་སུ་ཅིག་ཡོདཔ་ཨིན། སྤྱི་ཟ་བདུན་པ་དང་བརྒྱདཔ་སྐོར་ཆ་ལས་ཚ་འདྲོད་ ཌི་གིརི་སེལ་ཤི་ཡས་༢༧ ལས་ཌི་གིརི་སེལ་ཤི་ཡས་༣༢་ ཚུན་ཚོད་ལྷོད་དོ་ཡོདཔ་ཨིན། གནམ་དགུན་ལུ་གནམ་མེད་ས་མེད་གྱང་དོ་ཡོདཔ་ལས་ཚ་འདྲོད་ཀྱི་ཚད་གཞི་མར་གནམ་མེད་ས་མེད་འབབ་སྟེ་ ཌི་གིརི་སེལ་ཤི་ཡས་ མའི་ནཱསི་༤་ཚུན་ལྷོད་དོ་ཡོདཔ་ཨིན། གནམ་དགུན་ལུ་ཁཝ་གི་ཚད་གཞི་སེན་ཊི་མི་ཊར་ ༡༠༨ དང་ཉིནམ་ ༤༤ དེམ་ཅིག་ཁཝ་ནང་སྡོདཔ་ཨིན། མཚོ་དང་གཙང་ཆུའི་མཐའམ་བདའ་སྟེ་ གནམ་སེར་ཁ་ལས་ས་སྨུག་སྤུབས་སུ་ཅིག་འབད་སྡོད་དོ་ཡོདཔ་ཨིན། ཁྲོམ་འདི་ཟླཝ་ ༦་དེམ་ཅིག་ཁཝ་མ་པ་ལས་རང་མེདཔ་སྦེ་སྡོདཔ་ཨིན། ས་གནས་དེ་ཁར་རླུང་ཚུབ་མང་ཤོ་ཤུགས་གནམ་མེད་ས་མེད་མེད་དེ་འབད་རུང་འཕྲལ་འཕྲལ་རླུང་ཚུབ་ལས་བརྟེན་གནོད་པ་ཡང་བྱུུང་དོ་ཡོདཔ་ཨིན་ དཔེ་འབདན་ཧེ་མ་སྤྱི་ལོ་༡༩༨༥་ལུ་རླུང་ཚུབ་གཅིག་གིས་མི་ཨེ་ཌོ་ཝེལ་ཟེར་མི་ཁྲོམ་འདི་ནང་ལུ་ཁྱིམ་དང་སྣུམ་འཁོར་་མང་རབས་ཅིག་ལུ་གནོད་པ་བྱུང་པའི་གནས་ཚུལ་ཡང་འདུག
སྒྱུ་རྩལ་དང་ལམ་སྲོལ།
མི་སི་སའུ་ག་ལུ་ཡོད་པའི་ སྒྱུ་རྩལཔ་དང་གློག་བརྙན་བཟོ་མི་དང་རྩོམ་བྲིསཔ་དང་སྙན་ཆ་བཟོ་མི་དང་གཞན་མི་ཚུ་ལུ་སྤྲོ་བ་བྱིན་ཚུགས་པའི་ལཱ་འབད་མི་ཚུ་གི་དོན་ལུ་ལོ་བསྟར་ མི་སི་སའུ་ག་སྒྱུད་རྩལ་ཚོགས་སྡེའི་གིས་འགོ་འདྲེན་ཐོག་ ལོ་བསྟར་ཞིན་ཁོང་མི་ངོམ་གྲགས་ཤོས་ཚུ་ལུ་རྟགས་མ་བྱིན་ནིའི་ལས་རིམ་ཡོདཔ་ཨིན། མི་སི་སའུ་ག་ལུ་དུས་སྟོན་མང་ཤོས་རང་སེ་ལེ་བེརེ་ཤན་ཟེར་མིའི་ས་ཁོངས་ནང་ལུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་ དུས་སྟོན་ཚུ་ཡང་ ཀེ་ནེ་ཌའི་ཉིནམ་རྩིས་སྲུང་དང་མི་སི་སའུ་ག་རོ་ཊ་ར་རི་དེ་ལས་ཊི་རི་ལའི་ཊིང་སེ་རི་མོ་ནི་དང་ལོ་གསར་ཚད་པའི་དུས་སྟོན་ཚུ་ཨིན། སྤྱི་ལོ་༢༠༡༢་ལུ་ཀེ་ན་ཌའི་ཉིནམ་ཟེར་མི་དུས་སྟོན་དེ་ཁར་མི་སེར་ཡོངས་བསྡོམས་ ༡༢༠༠༠༠་དེམ་ཅིག་འཛོམས་ནུག ད་རུང་ལོ་དེ་ནང་ལུ་ར་ རིབ་ཕིསཊི་ཟེར་མི་དུས་སྟོན་དེ་ཁར་ལུ་མི་༡༢༠༠༠༠ དེམ་ཅིག་འཛོམས་ནུག དུས་སྟོན་དེ་ཚུའི་ནང་ལས་མི་ཚུ་ལུ་སྤྲོ་བ་ཆེ་ཤོས་འདི་ར་ ཀ་ར་སའུ་ག་ཟེར་མི་འདི་ཨིནམ་ད་ དེ་ཡང་ སྤྱི་ཟླ་ལྔ་པའི་ཟླ་ཕྱེད་ཚམ་ལུ་འགོ་འདྲེན་འཐབ་སྲོལ་འདུག དུས་སྟོན་དེ་ནང་ལུ་མི་ཚུ་ཕར་ཚུར་འགྱོ་ནིའི་དོན་ལུ་སྐྱེལ་འདྲེན་ཞབས་ཏོགས་ཚུ་རིན་མེད་སྟོང་པ་སྦེ་བྱིན་དོ་ཡོདཔ་མ་ཚད་བཞེས་སྒོ་རྣམ་པ་སྣ་ཚོགས་ཀྱི་འགྲེམས་སྟོན་དང་གླུ་གར་ཚུ་ཡང་ཕུལ་དོ་ཡོདཔ་ཨིན། དུས་སྟོན་འདི་མང་ཤོས་རང་ཧེར་ཤེ་ཟེར་མིའི་ས་གནས་དེ་ཁར་ལུ་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། རྒྱལ་ཁབ་སོ་སོའི་དུས་སྟོན་དཔྱེ་འབདན་ ཕི་ལི་པིནསི་གི་ཕིསི་ཊ་ཨང་ཀ་ལ་ཡན་དང་བེཏ་ནཱམ་གྱི་བེཏ་ས་མཱར་ཕིསིཊ་དེ་ལས་རྒྱ་གར་གྱི་དི་ཝ་ལི་ཚུ་ཡང་རྩིས་སྲུང་འབད་དོ་ཡོདཔ་ཨིན། ཨིས་ཊིཊས་ཝི་ལི་གཡུས་སྒོ་ན་ལུ་ བེ་རེཌ་ཨིན་ཧ་ནི་ཕེསིི་ཊི་བྷལ་ཟེར་མིའི་དུས་སྟོན་ཅིག་རྩིས་སྲུང་འབད་དོ་ཡོདཔ་ད་དེ་འགོ་ཐོག་སྤྱི་ལོ་༡༩༧༥ལུ་འགོ་འདྲེན་འཐབ་ནུག དུས་སྟོན་དེ་ནང་བསྡུས་ཡོད་པའི་མ་དངུལ་ཚུ་སྨན་ཁང་དང་གཞན་ཕན་ལས་ཚོགས་ཚུ་ལུ་གྲོགས་རམ་སྦེ་བྱིན་དོ་ཡོདཔ་ཨིན། དེ་བཟུམ་དུས་སྟོན་མ་འདྲཝ་ལེ་ཤ་འགོ་འདྲེན་འཐབ་སྲོལ་ཡོདཔ་ཨིན།
དཔལ་འབྱོར།
ཕོར་ཅུན་ཟེར་མིའི་ཐོ་བཀོད་འོག་ལུ་ཡོད་པའི་ཚོང་སྡེ་༥༠༠་ཡོད་ས་ལས་༦༠་དེམ་ཅིག་གི་ཡིག་ཚང་ལྟེ་བ་འདི་མི་སི་སའུ་ག་ལུ་ཡོདཔ་ཨིན། ཚོང་སྡེ་དེ་ཚུ་གིས་སྨན་དང་གློང་འཕྲུལ་བཅའ་ཆས་དང་གནམ་གྲུའི་བཅའ་ཆས་དེ་ལས་སྣུམ་འཁོར་བཅའ་ཆས་ཚུ་བཟོ་སྐྲུན་འབད་དོ་ཡོདཔ་ཨིན། དེ་གི་གྲང་སུ་དངུལ་ཁང་ཡང་ཡོདཔ་ཨན། ཚང་སྡེ་ཚུ་ག་ཅིག་རང་སྨོ་ཟེར་བ་ཅིན་ ཝལ་མཱཊ། ཀིལ་ལོག པ་ན་སོ་ནིཀ། དང་ཧི་ཝཌ་པཱཀཱཌ་ཚུ་ཨིན་མས། མི་སི་སིའུ་ག་ནང་ལུ་གནམ་གྲུ་བཟོ་སྐྲུན་གོང་འཕེལ་གི་གྲོས་སྟུན་དང་གཞན་འབྲལ་བའི་ལཱ་ཚུ་ཡང་འབད་དོ་ཡོདཔ་ཨིན།
དཔལ་འབྱོར་དང་ལམ་སྲོལ་གྱི་སྟོབས་ཤུགས་ལས་ལྷག་སྟེ་ མི་སི་སའུ་ག་འདི་ ཁྲོམ་ཚོགས་གསརཔ་ཅིག་ཨིནམ་ལས་ ཡར་རྒྱས་དང་གོང་འཕེལ་མགྱོགས་དྲགས་སྦེ་འགྱོ་ཡོདཔ་ཨིན། གླིང་ག་དང་ རྩེད་རིགས་ཀྱི་མཐུན་རྐྱེན་ དེ་ལས་ ལམ་སྲོལ་གྱི་མཐོང་སྣང་ཚུ་རྩིས་ཏེ་ སྤྲོ་བའི་ལས་རིམ་ཚུ་ནང་ལུ་བཅའ་མར་གཏོགས་ནིའི་ གདམ་ཁ་མ་འདྲཝ་ཚུ་ བྱིན་ཡོདཔ་ཨིན།
མི་རློབས།
སྤྱི་ལོ་༢༠༢༡་མི་རློབས་ཀྱི་གྲངས་རྩིས་ཅིག་ཕབ་ད་ མི་སི་སའུ་ག་ལུ་མི་ཡོངས་བསྡོམས་ ༧༡༧༩༦༡ དང་སྡོད་ཁྱིམ་ཡོངས་བསྡོམས་༢༥༤༠༨༩་ ཡོདཔ་སྦེ་ཐོན་ནུག ས་ཆའི་རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་ ༢༩༢.༧༤ ཡོད་པ་ལས་ས་ཁོངས་ནང་ལུ་ཀི་ལོ་མི་ཊར་གྲུ་བཞི་རེ་ནང་ལུ་མིའི་གྱངས་ཁ་ཡོངས་བསྡོམས་ ༢༤༥༦.༦ སྡོདཔ་སྦེ་རྩིས་བཏོན་ནུག སྤྱི་ལོ་འདི་ནང་ལུ་རང་ཨ་ལུ་ལོ་ ༡༥ མན་ཆེའི་གྱངས་ཁ་འབད་བ་ཅིན་ བརྒྱ་ཆ་༡༥.༢ དེ་ལས་མི་ལོ་༦༥་ཡན་ཆེ་འབད་བ་ཅིན་བརྒྱ་ཆ་༡༦.༦ ཡོད་སྦེ་གྲངས་རྩིས་བཏོན་ནུག དེ་ནང་ལུ་ཆོས་ལུགས་མ་འདྲཝ་གྲུབ་མི་མི་རིགས་ལེ་ཤ་ཡོད་པའི་ནང་གསལ་ལས་ ཡི་ཤུའི་ཆོས་ལུགས་འབད་མི་ མིའི་གྱངས་ཁ་འདི་བརྒྱ་ཆ་༤༩.༩ ཆོས་ལུགས་མ་པ་ལས་རང་མེད་མི་བརྒྱ་ཆ་ ༡༨.༡། ཨིས་ལཱམ་གྱི་ཆོས་ལུགས་བསྟན་མི་བརྒྱ་ཆ་༡༧ དང་ཧིན་དུའི་ཆོགས་ལུགས་གྲུབ་མི་བརྒྱ་ཆ་༨་༨་ དེ་ལས་སིཁ་ཟེར་མིའི་ཆོས་ལུགས་གྲུབ་མི་བརྒྱ་ཆ་༣་༤་ མཇུག་ནང་པའི་ཆོས་ལུགས་གྲུབ་མི་བརྒྱ་ཆ་༢་འབད་མི་ཅིག་ཡོདཔ་ཨིན་མས།
ཁ་སྐད།
སྤྱི་ལོ་༢༠༢༡་ ལུ་མི་རྩིས་རྐྱབ་ད་ ཨིང་ལིཤ་ཁ་སླབ་མི་མང་སུ་ཅིག་ཡོདཔ་ད་བརྒྱ་ཆ་ལུ་ཕབ་པ་ཅིན་བརྒྱ་ཆ་ ༤༤་༩ ཐོན་ནུག་ དེ་བཟུམ་ཁ་སྐད་གཞན་རྐྱབ་མིའི་བརྒྱ་ཆའི་ཚད་གཞི་འདི་གཤམ་ལུ་བཀོད་ཡོདཔ་ཨིན།
| ཁ་སྐད | མི་རློབས། | བརྒྱ་ཆ། |
| ཨིང་ལིཤ། | ༣༢༠༦༤༠ | ༤༤་༩ |
| ཨུར་དུ། | ༣༥༩༩༥ | ༥་༠ |
| ཨ་ར་བིཀ། | ༣༣༢༦༥ | ༤་༧ |
| མཱན་ཌ་རིན། | ༢༣༡༨༠ | ༣་༢ |
| པོ་ལིཤ། | ༢༢༠༧༠ | ༣་༡ |
| པན་ཇ་བི། | ༢༠༦༩༠ | ༢་༩ |
| ཊ་ག་ལོག | ༡༨༣༢༥ | ༢་༦ |
| ཨིས་པེ་ནིཤ། | ༡༥༧༦༥ | ༢་༢ |
| ཀེན་ཊོ་ནིསི། | ༡༤༨༣༠ | ༢་༡ |
| པོར་ཅུ་གིསི། | ༡༤༠༥༠ | ༢་༠ |
| ཧིན་དི། | ༡༡༦༨༥ | ༡་༦ |
| ཝཊ་ན་མིསི། | ༡༠༣༥༥ | ༡་༥ |
| ཊ་མིལ། | ༡༠༢༧༥ | ༡་༤ |
| ཨི་ཊ་ལི་ཡན། | ༡༠༢༦༠ | ༡་༤ |
| སཱར་བོ་ཀརོ་ཝེ་ཤི་ཡན། | ༨༩༥༥ | ༡་༣ |
| གུ་ཇ་ར་ཏི། | ༧༢༦༠ | ༡་༠ |
| ཕརེནཆ། | ༦༡༨༠ | ་༩ |
| ཡུ་ཀེ་རེན་ནིཡན། | ༥༩༦༠ | ་༨ |
| ར་ཤིཡན། | ༤༦༡༥ | ་༦ |
| ཀོ་རི་ཡན། | ༤༣༧༠ | ་༦ |
མི་སི་སའུ་ག་ འདི་ ཀེ་ནེ་ཊ་ གི་ཁྲོམ་ཚོགས་མ་འདྲཝ་ཅིག་ཨིནམ་དང་ འདི་ཡང་ དམིགས་བསལ་གྱིས་ སྐད་ཡིག་དང་མི་རིགས་བཟོ་བཅོས་ཀྱི་ཐད་ཁར་ཨིན་མས། སྤྱི་ལོ་༢༠༡༡གི་མི་རྩིས་དང་འཁྲིལ་བ་ཅིན་ ཨིང་ལིཤ་འདི་ མི་རློབས་བརྒྱ་ཆ་༤༧དང་ཚག་༦གི་ ལྕེ་ཨིནམ་ད་ བརྒྱ་ཆ་༤༧གིས་ གཞུང་འབྲེལ་མེན་པའི་སྐད་ཡིག་འདི་ ཁོང་རའི་སྐད་ཡིག་གཙོ་བོ་ཅིག་སྦེ་སྙན་ཞུ་འབད་ཡོདཔ་ད་ འུར་དུ།དང་ པཱུནཇ་བི་འདི་ ཁྱིམ་ནང་ལུ་ གཞུང་འབྲེལ་མེན་པའི་སྐད་ཡིག་སྦེ་སླབ་དོ་ཡོདཔ་ད་ དེ་གི་ཤུལ་ལས་ རྒྱ་ནག་དང་གཞན་མི་ཚུ་ཨིན་མས། སྐད་ཡིག་མ་འདྲཝ་འདི་གིས་ མི་སི་སའུ་ག་ གི་གནས་རིམ་འདི་ ཀེ་ནེ་གྲ་ གི་མི་རིགས་མ་འདྲཝ་ཡོད་པའི་ཁྲོམ་ཚོགས་ཅིག་ཨིནམ་ལས་ མི་བརྒྱ་ཆ་༦༠ལྷགཔ་ཅིག་གིས་ མཐོང་གསལ་ཆུང་བ་སྦེ་ངོས་འཛིན་འབད་ཚུགས་དོ་ཡོདཔ་ཨིན།
གཞུང་སྐྱོང་ལམ་ལུགས།
མི་སི་སའུ་ག་གི་གཞུང་སྐྱོང་དེ་ ཁྲོམ་དཔོན་འགོ་འཁྲིདཔ་གི་འོག་ལུ་ཁྲོམས་ཚོགས་ཀྱི་འཐུས་དཔོན་ཡང་ན་ཚོགས་སྡེ་འཐུས་མི་ ༡༡་ཡོདཔ་ཨིན། ཁོང་ཁྲོམ་ཚོགས་འདི་ནང་ལུ་ཁྲོམ་ཚོགས་ས་ཁོངས་༡༡་ ཡོད་པ་ལས་དེ་ཚུ་གི་ངོ་ཚབ་སྦེ་ཕྱག་ཞུ་དོ་ཡོདཔ་ཨིན། ཧེ་མ་གི་ཁྲོམ་དཔོན་ཧ་ཟེལ་མེཀ་ཀེ་ལི་ཡོན་དེ་དགོངས་ཞུ་མཛད་དེ་ད་ལྟོ་ཁོའི་ས་ཁོངས་ན་ལུ་ཕྱག་ཞུ་མི་འདི་ ཀེ་རོ་ལིན་པེ་རིཤ་ཟེར་མི་འདི་ཨིན། རྒྱལ་རབས་ནང་ལུ་ད་ཚུན་ མི་སི་སའུ་ག་ལུ་ཁྲོམ་དཔོན་བཞི་དེམ་ཅིག་རིམ་པ་སྦེ་འོང་ནུག ཁྲོམ་དཔོན་སྦེ་འགོ་ཐོག་འབད་མི་འདི་ མཱར་ཊིན་ཌོབ་ཀིན་ཟེར་མི་འདི་སྤྱི་ལོ་༡༩༧༤ ལུ་བཙག་འཐུ་གྲུབ་ནུག ཁོའི་རྟིང་ལས་ ཨཱར་ཨེ་སེ་ཡར་ལེ་ཟེར་མི་འདི་འོང་ནུག སེ་ཡར་ལེ་འདི་སྤྱི་ལོ་༡༩༧༨་ལ་བཙག་འཐུའི་ནང་ལུ་ཕམ་སྟེ་ ཧ་ཟེལ་མེཀ་ཀེ་ལི་ཡོན་ཟེར་མི་འདི་གི་བཙག་འཐུ་གྲུབ་ནུག ཁོའི་ཤུ་མ་ར་ བོ་ནེ་ཀོ་རོམ་བི་ཟེར་མི་འདི་བཙག་འཐུ་ན་ལུ་རྒྱལ་ཁ་ཐོབ་ནུག
རྒྱབ་རྟེན།
https://en.wikipedia.org/wiki/Mississauga