Jump to content

མེ་རི་ཌ།

Wikipedia ལས།

མེ་རི་ཌ་ཁྲོམ་སྡེ་གི་སྐོར།

མེ་རི་ཌ་འདི་ མེག་སི་ཀོ་གི་ཤར་ལྷོ་ཁ་ཐུག་ལུ་ཡོད་པའི་ ཡུ་ཀ་ཊན་མངའ་སྡེ་གི་རྒྱལ་ས་སྦོམ་ཤོས་ཅིག་ཨིན། ཁྲོམ་ཚོགས་འདི་ མངའ་སྡེ་གི་བྱང་ནུབ་ཕྱོགས་ལུ་ མེག་སི་ཀོ་གི་མཚོ་ཁའི་ཉེ་འདབས་ལུ་ཡོདཔ་ད་ མཚོ་ཡི་མཐོ་ཚད་ལས་ མི་ཊར་༩ དེ་ཅིག་གི་ས་ཁར་ཡོདཔ་ཨིན། མེ་རི་ཌ་ཁྲོམ་སྡེ་གིས་ རྒྱ་ཚད་ ཀི་ལོ་མི་ཊར་གྲུ་བཞི་༨༥༨.༤༡ དེ་ཅིག་ (མའིལ་གྲུ་བཞི་༣༣༡.༤༣) ཁྱབ་སྟེ་ཡོདཔ་ཨིན། མེ་རི་ཌ་གི་ལོ་བསྟར་གྱི་དྲོད་ཚད་མཐོ་ཤོས་འདི་ ༣༣.༥°C (༩༢.༣°F) ཨིནམ་ད་ སྤྱི་ཟླ་༥ པ་འདི་ ཟླཝ་ཚ་དྲོད་ཆེ་ཤོས་ཅིག་ཨིནམ་དང་ འཕྲལ་འཕྲལ་སྐབས་ ༣༨°C (༡༠༠°F) ལས་ལྷག་སྟེ་ཡོདཔ་ཨིན། ཆརཔ་གི་དུས་ཚོད་འདི་ སྤྱིར་བཏང་ལུ་ སྤྱི་ཟླ་ ༦ པ་ལས་ སྤྱི་ཟླ་ ༡༠ པ་ཚུན་ཚོད་ འགྱོཝ་ལས་ རློན་གཤེར་དང་ རླུང་འཚུབ་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན།[]

མི་རློབས་དང་མིའི་རིགས།

སྤྱི་ལོ་ ༢༠༢༠ ལོའི་མི་རྩིས་དང་འཁྲིལ་བ་ཅིན་ མེ་རི་ཌ་ལུ་ ཁྲོམ་ཚོགས་ཀྱི་མི་རློབས་ ༩༢༡,༧༧༡ དང་ ཁྲོམ་ཆེན་༡,༣༡༦,༠༨༨ ཡོདཔ་ལས་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཚོགས་ཅིག་ལུ་འགྱུར་ཡོདཔ་ཨིན། མེ་རི་ཌ་ལུ་སྡོད་མི་བརྒྱ་ཆ་༤༨དང་ཚག་༢༦ དེ་ཅིག་གིས་ མ་ཡཱན་ (Mayan) གི་མི་རྒྱུད་ལས་ མི་ཁུངས་སྦེ་ངོས་འཛིན་འབདཝ་ཨིན་རུང་ བརྒྱ་ཆ་༡༠དང་ཚག་༢ དེ་ཅིག་གིས་རྐྱངམ་ཅིག་ སྐད་ཡིག་འདི་སླབ་དོ་ཡོདཔ་ཨིན་པས། ད་རུང་ མི་རློབས་བརྒྱ་ཆ་༢.༨༤དེ་ཅིག་གིས་ ཨཕ་རོ་མེཀ་སི་ཀཱན་ (Afro-Mexica)n དང་ ཨཕ་རོ་རིགས་རྒྱུད་ (Afro-descent) གཉིས་སྦེ་ངོས་འཛིན་འབདཝ་ཨིན་པས། ཁྲོམ་ཚོགས་ཀྱི་ལམ་སྲོལ་གྱི་ས་ཆའི་གནས་སྟངས་འདི་ མ་ཡན་དང་ཨིསི་པེ་ནིཤ་ ཕཱརནསི་དང་ ལེ་བ་ནིསི་ དེ་ལས་ གཞན་མི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན།[]

གཞུང་སྐྱོང་ལམ་ལུགས།

མེ་རི་ཌ་འདི་ ཁྲོམ་སྡེ་གཞུང་གི་ལམ་ལུགས་འོག་ལུ་ ལཱ་འབདཝ་ཨིན། ཁྲོམ་སྡེ་འདི་ ཁྲོམ་སྡེ་ཚོགས་སྡེ་གིས་ འགོ་འཁྲིད་འབད་དེ་ ཁྲོམ་སྡེ་སྲིད་འཛིན་ཅིག་གིས་ ལོ་གསུམ་གྱི་རིང་ལུ་ བཙག་འཐུ་གྲུབ་ཡོདཔ་ལས་ ལོག་སྟེ་རང་ བཙག་འཐུ་འབད་ཚུགས་ནི་ཨིན་མས། ཚོགས་སྡེ་འདི་ནང་ འཐུས་མི་ ༡༩ ཡོདཔ་ད་ དེ་ཡང་ ཐད་ཀར་དུ་ མི་མང་གི་ཚོགས་རྒྱན་བརྒྱུད་དེ་ བཙག་འཐུ་གྲུབ་ཡོདཔ་ད་ ཚད་ལྡན་གྱི་ངོ་ཚབ་བརྒྱུད་དེ་ ༨ ཡོདཔ་ཨིན་པས། མི་མང་ཞབས་ཏོག་དང་ ཁྲོམ་ཚོགས་གོང་འཕེལ་ དེ་ལས་ ལམ་སྲོལ་གྱི་ལཱ་ཚུ་རྩིས་ཏེ་ ས་གནས་གཞུང་སྐྱོང་གི་ གནས་སྟངས་མ་འདྲཝ་ཚུ་ བལྟ་རྟོག་འབད་ནིའི་འགན་ཁུར་འབགཔ་ཨིན་པས། མེ་རི་ཌ་ཁྲོམ་གྱི་མཐའ་འཁོར་དུ་ཡོད་པའི་གྲོང་ཁྱེར་གྱི་ཕོ་བྲང་འདི་ ཁྲོམ་སྡེ་གཞུང་གི་གདན་ས་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། ད་རུང་ མེ་རི་ཌ་འདི་ མངའ་སྡེ་གཞུང་གི་ བདག་སྐྱོང་ལྟེ་བ་ཅིག་ཨིནམ་ད་ ཡུ་ཀ་ཊན་གྱི་ སྤྱི་འཛིན་དང་ མངའ་སྡེའི་ཀོང་གཱརསི་ དེ་ལས་ ཁྲིམས་ཁང་མཐོ་ཤོས་ཀྱི་ ཡིག་ཚང་ཚུ་ནང་ ཡོདཔ་ཨིན་པས།

སྐད་ཡིག་དང་ལམ་སྲོལ།

མེ་རི་ཌ་ནང་ལུ་ སྐད་ཡིག་ངོ་མ་འདི་ ཨིསི་པེ་ནིཤ་ (Spanish) ཨིན་པས། ཨིན་རུང་ མི་མང་ཤོས་ཅིག་གིས་ དམིགས་བསལ་གྱིས་ གྲོང་གསེབ་དང་ མི་རབས་རྒས་ཤོས་ཚུ་གི་ནང་འཁོད་ལུ་ ཡུ་ཀ་ཊེག་མ་ཡ་ (Yucatec Maya) སླབ་དོ་ཡོདཔ་ཨིན་པས། འ་ནི་སྐད་ཡིག་འདི་གིས་ ས་གནས་ཀྱི་ ཨིསི་པེ་ནིཤ་ (Spanish)ལུ་ ཤན་ཞུགས་འབད་དེ་ གཞན་དང་མ་འདྲ་བའི་སྐད་གདངས་དང་ མིང་ཚིག་ཚུ་བྱིནམ་ཨིན། ཨིང་སྐད་འདི་ སློབ་གྲྭ་ཚུ་ནང་ཡང་ སློབ་སྟོན་འབད་དོ་ཡོདཔ་ལས་ ན་གཞོན་ལེ་ཤ་ཅིག་དང་ ལྟ་བཤལ་ནང་ལཱ་འབད་མི་ཚུ་གིས་ སླབ་ཚུགས། སྐད་ཡིག་སླ་བསྲེ་འདི་གིས་ ཁྲོམ་གྱི་ལམ་སྲོལ་གྱི་བྱུང་རབས་ཕྱུགཔོ་སྦེ་སྟོནམ་ཨིན།

མེ་རི་ཌ་ལུ་ མཱ་ཡན་ དང་ ཨིསི་པེ་ནིཤ་ དེ་ལས་ གཞན་མི་ཤན་ཞུགས་ཚུ་ སླ་བསྲེ་རྐྱབ་མི་ ལམ་སྲོལ་གྱི་ ཚོར་ཤུགས་ཅན་ཅིག་ཡོདཔ་ཨིན། རང་ལུགས་ཀྱི་སྙན་ཆ་དང་ཞབས་ཁྲ་འདི་ འདི་ཁར་ མི་ཚེ་གི་ཆ་ཤེས་ཁག་ཆེ་ཤོས་ཅིག་ཨིན། དུས་སྟོན་དང་ དམིགས་བསལ་གྱི་ ཞབས་ཁྲ་གཅིག་ ཡོངས་གྲགས་ཅན་གྱི་ ཇ་ར་ན་ཟེར་མི་འདི་ཨིན། ཁྲོམ་སྡེ་གིས་ བདུན་ཕྲག་རེ་ནང་ ལམ་སྲོལ་གྱི་མཚན་མོ་ “Noche Mexicana” དང་ “Vaquería” ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ནང་ ས་གནས་ཀྱི་མི་དང་ ལྟ་བཤལཔ་ཚུ་གིས་ རང་ལུགས་ཀྱི་ འཁྲབ་སྟོན་ཚུ་ སྤྲོ་བ་བསྐྱེད་ཚུགས། ཁྲོམ་སྡེའི་བཟོ་རིགས་དང་ ཟ་འཐུང་ དེ་ལས་ དུས་སྟོན་ཚུ་གིས་ སྲོལ་རྒྱུན་མ་འདྲཝ་དང་ མ་འདྲཝ་སྦེ་སྟོནམ་ཨིན།[]

དཔལ་འབྱོར་དང་ཚིང་འབྲེལ།

མེ་རི་ཌ་ལུ་དཔལ་འབྱོར་མ་འདྲཝ་དང་ཡར་རྒྱས་འགྱོ་དོ་ཡོདཔ་ཨིན། ལས་ཁུངས་སྦོམ་ཤོས་འདི་ ཚོང་འབྲེལ་དང་ དེ་གི་ཤུལ་ལས་ བཟོ་བསྐྲུན་དང་ ཞབས་ཏོག་ཚུ་ བཟའ་འཐུང་གྲ་སྒྲིག་དང་ སྡོད་གནས་ཚུ་ཨིན་པས། ཁྲོམ་སྡེ་འདི་ཡང་ ཕྱི་རྒྱལ་གྱི་མ་རྩ་གཞི་བཙུགས་ཀྱི་ ལྟེ་བ་ཅིག་ཨིནམ་ད་ བཟོ་གྲྭ་ཁང་མ་འདྲཝ་ཚུ་ནང་ལས་ ལས་སྡེ་ཚུ་གིས་ ལུང་ཕྱོགས་འདི་ནང་ ལཱ་ཚུ་ གཞི་བཙུགས་འབད་དེ་ཡོདཔ་ཨིན། དཔལ་འབྱོར་གོང་འཕེལ་འདི་ བཟོ་གྲྭ་དང་ སྐྱེལ་འདྲེན་གྱི་ཡོངས་འབྲེལ་ཡར་དྲག་གཏང་ནི་ཚུ་རྩིས་ཏེ་ གཞི་རྟེན་གོང་འཕེལ་ཚུ་གིས་ རྒྱབ་སྐྱོར་འབདཝ་ཨིན། ད་རུང་ ཁྲོམ་སྡེ་གིས་ ཉེན་སྲུང་དང་ མི་ཚེའི་སྤུས་ཚད་ལུ་ ཁས་བླངས་འབད་མི་འདི་གིས་ མི་སེར་དང་ མ་རྩ་བཙུགས་མི་གཉིས་ཆ་ར་ལུ་ ཞུ་བ་འབདཝ་ཨིན་པས།[]

དཀའ་ངལ་དང་གདོང་ལེན།

མེ་རི་ཌ་ལུ་ ཁྲོམ་ཚོགས་ཡར་རྒྱས་དང་ མཐའ་འཁོར་གནས་སྟངས་ མགྱོགས་དྲགས་སྦེ་ ཡར་འཕར་འགྱོ་མི་ལས་བརྟེན་ གདོང་ལེན་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན་པས། ཁྲོམ་སྡེ་རྒྱ་སྐྱེད་འབད་མི་འདི་གིས་ ཁྲོམ་ཚོགས་རྒྱ་སྐྱེད་འགྱོ་སྟེ་ཡོདཔ་ལས་ འགྲུལ་སྐྱོད་ཀྱི་དཀའ་ངལ་འདི་ ཡར་སེང་འགྱོ་སྟེ་ མི་མང་ཞབས་ཏོག་ལུ་ དཀའ་ངལ་བྱུང་མི་ དེ་ལས་ སྔོ་ལྗང་གི་ས་སྒོ་ཚུ་ མེདཔ་འགྱོ་དོ་ཡོདཔ་ཨིན། འཆར་གཞི་མེད་པའི་ཡར་རྒྱས་འདི་གིས་ ནགས་ཚལ་མེདཔ་བཏང་ནི་དང་ རང་བཞིན་གྱི་ཆུའི་ཐོན་ཁུངས་ཚུ་ བཙོག་རླུང་བཏང་ནི་ལ་སོགས་པའི་ མཐའ་འཁོར་གནས་སྟངས་ཀྱི་གནད་དོན་ལུ་ཡང་ ཐོ་ཕོག་དོ་ཨིན། དཔེར་ན་ ཕགཔ་གི་ཞིང་སྦོམ་ཚུ་ མང་སུ་སྦེ་ཐོན་མི་ལུ་བརྟེན་ ཆུ་ཡི་བཙོག་པ་ ཕྱགས་སྙིགས་དང་ རྫས་སྦྱོར་ཚུ་ བཙོག་རླུང་གིས་ འཐུང་ཆུ་གི་སྤུས་ཚད་ལུ་ ཐོ་ཕོག་ཡོདཔ་མ་ཚད་ ས་གནས་ཀྱི་ སྐྱེ་ལྡན་གནས་སྟངས་ལུ་ཡང་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་པས།[]

ཁྲོམ་སྡེ་གིས་ ཁྲོམ་སྡེའི་འཆར་གཞི་ལེགས་ཤོམ་བཟོ་ནི་དང་ ས་གནས་ལྗང་ཁུ་ཚུ་ ཉམས་སྲུང་འབད་ནི་ དེ་ལས་ མི་མང་གི་ཞབས་ཏོག་ཚུ་ ཡར་དྲག་གཏང་ནི་གི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། དེ་མ་ཚད་ ཆུའི་ཐོན་ཁུངས་ཚུ་ གཙང་སྦྲ་དང་ ཉམས་སྲུང་འབད་ནི་དང་ སྔོ་ལྗང་གཞི་རྟེན་འཆར་གཞི་བཟུམ་གྱི་ ལས་འགུལ་ཚུ་ ཡར་སེང་འབད་ནི་ལུ་ཡང་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན་པས། Las Chelemeras བཟུམ་གྱི་ ས་གནས་ཀྱི་སྡེ་ཚན་ཚུ་གིས་ རང་བཞིན་གྱི་ས་ཁོངས་ཚུ་ ཉམས་གསོ་འབད་དེ་ མཐའ་འཁོར་ནང་ གྲོགས་རམ་འབད་དོ་ཡོདཔ་ཨིན་པས།

མངའ་སྡེའི་སྐོར།

མེ་རི་ཌ་འདི་ ཁྲོམ་ཚོགས་ཅིག་ཨིནམ་ལས་ མངའ་སྡེ་ལུ་དབྱེ་བ་ཕྱེ་སྟེ་མེདཔ་ཨིན། མེ་རི་ཌ་འདི་ མེག་སི་ཀོ་ལུ་ཡོད་པའི་ མངའ་སྡེ་༣༢ ལས་གཅིག་ཨིན།

མཇུག་སྡུད།

མེ་རི་ཌ་འདི་ མེག་སི་ཀོ་གི་ ཡུ་ཀ་ཊན་མངའ་སྡེ་ནང་ མཛེས་སྡུག་ཅན་དང་ རྒྱལ་རབས་ཅན་གྱི་ཁྲོམ་ཚོགས་ཅིག་ཨིན། འདི་ཡང་ མ་ཡཱན་དང་ ཨིསི་པེ་ནིཤ་གི་ལམ་སྲོལ་ཕྱུགཔོ་དང་ མཐུན་སྒྲིག་ཅན་གྱི་མི་ དེ་ལས་ གནམ་གཤིས་དྲོད་བཏགས་མི་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། ཁྲོམ་སྡེ་འདི་ མགྱོགས་དྲགས་སྦེ་ ཡར་རྒྱས་སོང་ཡོདཔ་ལས་ རང་ལུགས་ཀྱི་ མཛེས་སྡུག་འདི་ བཞག་སྟེ་ དེང་སང་གི་ཞབས་ཏོག་ཚུ་ བྱིན་དོ་ཡོདཔ་ཨིན། མེ་རི་ཌ་གིས་ཡང་ འཆར་གཞི་དང་མཐའ་འཁོར་གནས་སྟངས་ལེགས་ཤོམ་ཐོག་ལས་ བཙོག་རླུང་དང་ འགྲུལ་སྐྱོད་བཟུམ་གྱི་ དཀའ་ངལ་ཚུ་ བསལ་ཐབས་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། སྤྱིར་བཏང་ལུ་ རྒྱལ་རབས་དང་ལམ་སྲོལ་ དེ་ལས་ གོ་སྐབས་ཚུ་གིས་ གང་སྟེ་ཡོད་པའི་ ས་གནས་ཅིག་ཨིན།

རྒྱབ་རྟེན། (References)

  1. https://simple.m.wikipedia.org/wiki/M%C3%A9rida,_Yucat%C3%A1n?
  2. https://www.indigenousmexico.org/articles/indigenous-yucatan-the-center-of-the-mayan-world?
  3. https://www.meridacasa.com/Merida.shtml?
  4. https://interlace-hub.com/green-infrastructure-plan-merida?
  5. https://www.theguardian.com/environment/2024/nov/25/drugs-hormones-excrement-pig-farms-mexico-water-yucatan?
"https://dz.wikipedia.org/w/index.php?title=མེ་རི་ཌ།&oldid=38751" ལས་ སླར་འདྲེན་འབད་ཡོདཔ།