མེཀ་སི་ཀོ།
ངོ་སྤྲོད།
མེཀ་སི་ཀོ་འདི་ གཞུང་འབྲེལ་མཐུན་མོའི་ མེཀ་སི་ཀོ་མངའ་སྡེ་གི་རྒྱལ་ཁབ་ཅིག་ཨིནམ་མ་ཚད་ བྱང་ཨ་མི་རི་ཀ་ལུ་ སྤྲོ་ཉམས་ཆེ་བའི་ལམ་སྲོལ་དང་ སའི་ཆགས་ཚུལ་སྣ་ཚོགས་ དེ་ལས་ འུར་ཟིང་ཆེ་བའི་དཔལ་འབྱོར་གནས་སྟངས་ཀྱི་ཡོངས་གྲགས་ཐོན་ཡོད་པའི་རྒྱལ་ཁབ་ཅིག་ཨིན་མས། མེཀ་སི་ཀོ་གི་ལོ་རྒྱུས་འདི་ སྔོན་རབས་ཡར་ཐོན་གནས་སྟངས་ཡར་སེང་དང་མར་ཕབ་ཀྱི་རྟགས་ དཔེར་ན་ ཨོལ་མིས་ མ་ཡནསི་དང་ ཨསི་ཊེས་ དེའི་ཤུལ་ལས་རང་ ཨིས་པེ་ནིཤ་རྒྱལ་ཁབ་ཀྱིས་དབང་སྟེ་ རྒྱལ་ཁབ་རང་དབང་དང་ སྲིད་དོན་རྒྱུན་བརྟན་གྱི་དོན་ལུ་གདོང་ལེན་སྦོམ་སྦེ་འབྱུང་ནུག།
མེཀ་སི་ཀོ་གི་ས་ཆ་ཡོངས་བསྡོམས་ ཀི་ལོ་མི་ཊར་གྲུ་བཞི་༡,༩༦༤,༣༧༥ ༼མའིལ་གྲུ་བཞི་༧༥༨༤༤༩༽ ཙམ་ཡོདཔ་ཨིན། འདི་གིས་ མེཀ་སི་ཀོ་འདི་ ས་ཆའི་ས་ཁོངས་དང་འཁྲིལ་ འཛམ་གླིང་ནང་ རྒྱལ་ཁབ་སྦོམ་ཤོས་༡༤ པ་ཅིག་ལུ་འགྱུར་ཡོདཔ་ཨིན། དེ་ལས་ མེཀ་སི་ཀོ་འདི་ བྱང་ཨ་མི་རི་ཀའི་ལྷོ་ཕྱོགས་ལུ་ཡོདཔ་ཨིན། འདི་གིས་ ཡུ་ཨེས་ཨེ་ལུ་བྱང་ཕྱོགས་ གུ་ཝ་ཊི་མ་ལ་དང་ བེ་ལི་ཟི་ལུ་ཤར་ལྷོ་ཁ་ཐུག་ ནུབ་དང་ལྷོ་ཁ་ཐུག་ལུ་ པེ་སི་ཕིག་རྒྱ་མཚོ་ དེ་བཟུམ་སྦེ་ མེཀ་སི་ཀོ་གི་མཚོ་ཁ་དང་ ཤར་ཁ་ཐུག་ལུ་ ཀེ་རི་བི་ཡན་མཚོ་གི་ ས་མཚམས་ཚུ་བརྗེ་སོར་འབདཝ་ཨིན། འདི་གི་ས་ཆའི་ཆགས་ཚུལ་གྱི་མཉམ་འབྲེལ་འདི་ ཧ་ལམ་ ༡༩.༤༣ གི་ལྷོ་བྱང་མཚམས་ཐིག་དང་ རིང་ཚད་༩༩.༡༣ དང་ མེཀ་སི་ཀོ་ཁྲོམ་ཚོགས་འདི་ ལྟེ་བ་ཅིག་སྦེ་ལག་ལེན་འཐབ་ཨིན།
སྤྱི་ལོ་༢༠༢༥ སྤྱི་ཟླ་༣་པའི་ཚེས་༢༡ ཚུན་ མེཀ་སི་ཀོ་གི་མི་རློབས་འདི་ ས་ཡ་༡༣༡.༦ དེ་ཅིག་ཡོདཔ་སྦེ་ ཚོད་རྩིས་བཏོན་ཡོདཔ་ད་ མི་རློབས་ཀྱི་མཐུག་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་རེ་ལུ་ མི་༦༨ དེ་ཅིག་ཨིན་མས། དེ་ལས་ས་གནས་འདི་ མི་རིགས་སྡེ་ཚན་ ༦༠ ལྷག་ཙམ་གྱི་གནས་སའི་ཕ་ཡུལ་ཨིན་པས། རྒྱལ་ཁབ་འདི་གི་མི་མང་ཤོས་རང་ མེས་ཊི་ཟོ་ཨིནམ་ད་ འདི་ཡང་ ས་གནས་ཀྱི་མི་ཁུངས་དང་ ཡུ་རོབ་གི་རིགས་བརྒྱུད་ཀྱི་མི་ངོ་ཚུ་ཨིན་མས། གཞན་མི་རིགས་ཚུ་ཡང་ ཡུ་རོབ་གི་སྲོལ་རྒྱུན་དང་ ས་གནས་ཀྱི་མི་ དེ་ལས་ ཨ་ཕོར་མེཀ་སི་ཀན་དང་ ཤར་ཨེ་ཤེན་གི་མི་ཚུ་ཡོདཔ་ཨིན། ཨེ་ཤེན་མེཀ་སི་ཀེན་ཚུ་ཡང་ རྒྱ་ནག་གི་བརྒྱུད་པ་ ཇཱ་པཱན་དང་ ཕི་ལི་ཕི་ནོ་ ནང་སྐྱོད་པ་ཚུ་ དུས་རབས་ལས་བཅད་དེ་ མེཀ་སི་ཀོ་ལུ་གཞི་ཆགས་ཡོདཔ་ཨིན།
དེ་བཟུམ་སྦེ་ མེཀ་སི་ཀོ་ལུ་ སྤྱི་མཐུན་ལས་སྡེ་༣༢ཡོདཔ་ད་ དེ་ནང་ མངའ་སྡེ་༣༡ དང་ སྤྱི་མཐུན་ལས་སྡེ་༡ ཡོདཔ་ལས་ དེ་ཡང་ མེཀ་སི་ཀོ་ཁྲོམ་ཚོགས་ཨིན་མས།
མེཀ་སི་ཀོ་ལུ་ སྤྱི་གཞུང་སྲིད་འཛིན་ངོ་ཚབ་དམངས་གཙོའི་སྤྱི་མཐུན་ལམ་ལུགས་ཡོདཔ་ཨིན། སྲིད་འཛིན་འདི་ མངའ་སྡེའི་འགོ་དཔོན་དང་ གཞུང་གི་འགོ་དཔོན་ དེ་ལས་ དམག་སྡེ་གི་འགོ་དཔོན་གཙོ་བོ་ཅིག་ཨིན། སྲིད་འཛིན་འདི་ ལོ་དྲུག་གི་དུས་ཡུན་ནང་ མི་མང་གིས་ཚོགས་རྒྱན་བཙུགས་ཐོག་ལས་ བཙག་འཐུ་འབད་ཡོདཔ་ལས་ ལོག་སྟེ་བཙག་འཐུ་འབད་མི་ཚུགས། དེ་ལས་ ཁྲིམས་བཟོ་ལྷན་ཚོགས་འདི་ ཚོགས་ཁང་གཉིས་ལྡན་ཨིནམ་ད་ ལས་ཚོགས་ཀྱི་ཚོགས་ཁང་༼འཐུས་མི་༥༠༠༽ དང་ ཁྲིམས་ཁང་༼མཐུས་མི་༡༢༨༽ ཡོདཔ་ཨིན། དེ་བཟུམ་སྦེ་ ཁྲིམས་དོན་ཡན་ལག་འདི་ ཁྲིམས་འདུན་གྱིས་རང་དབང་ཅན་ཨིན་པའི་ཁར་ རྒྱལ་ཁབ་ནང་ ཁྲིམས་འདུན་མཐོ་ཤོས་ཅིག་ཨིན་མི་ ཆེ་མཐོའི་ཁྲིམས་འདུན་ཡང་ཚུདཔ་ཨིན། དེ་མ་ཚད་ མེཀ་སི་ཀོ་ལུ་ སྡེ་ཚོགས་སྣ་མང་གི་ལམ་ལུགས་ཡོདཔ་ད་ དེ་ཡང་ གཙུག་སྡེའི་གླིང་སྒྱུར་ཚོགས་པ། རྒྱལ་ཡོངས་ལས་བྱེད་ཚོགས་པ་དང་ དམངས་གཙོའི་གླིང་ཕྲན་གྱི་ཚོགས་པ་ཚུ་ཨིན་མས། ལམ་ལུགས་འདི་གིས་ དབང་ཚད་འདྲ་མཉམ་ཡོད་རུང་ ངན་ལྷད་དང་ བྱ་ངན་འབད་མི་ལས་གདོང་ལེན་ཚུ་འབྱུང་སྟེ་འདུག།
ཨེསི་པེ་ནིསི་འདི་ མེཀ་སི་ཀོ་ལུ་ གཞུང་འབྲེལ་དང་ ཁྱབ་ཆེ་ཤོས་སྦེ་སླབ་མི་སྐད་ཡིག་ཨིནམ་ད་ མི་རློབས་བརྒྱ་ཆ་༩༠་ལྷག་ཙམ་གྱིས་ཁ་སྐད་འདི་ སླབ་ཨིན། ས་གནས་ཀྱི་སྐད་ཡིག་ཚུ་ལུ་ ཁྲིམས་མཐུན་གྱི་ངོས་ལེན་ཡོདཔ་ལས་ དེ་ཚུ་ ཉམས་སྲུང་འབད་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ད་ སྐད་ཡིག་འདི་ གཙོ་བོ་གྲོང་གསེབ་ནང་སྡོད་མི་ཚུ་གིས་སླབ་ཨིན་མས། མེཀ་སི་ཀོ་གི་ མི་མང་ཤོས་རང་ རོ་མཱན་ཀེ་ཐོ་ལིག་ ཡུདཔ་ཅིག་མི་རློབས་བརྒྱ་ཆ་༧༧ དེ་ཅིག་གིས་རྗེས་སུ་འཇུག་དོ་ཡོདཔ་ཨིན། དེ་ལས་ བཞེས་སྒོ་འདི་ རྒྱལ་སྤྱི་ནང་ལུ་ ཡོངས་གྲགས་ཡོདཔ་ལས་ འདི་ནང་ ཊ་ཀོསི་ ཨེན་ཅི་ལ་ཌས་ མོ་ལི་ ཊ་མ་ལི་དང་ པོ་ཟོལ་བཟུམ་གྱི་ བཞེས་སྒོ་ཚུ་ཚུདཔ་ཨིན། དེ་བཟུམ་སྦེ་ སྔར་སྲོལ་གྱི་སྙན་ཆ་ཚུ་ཡང་ མ་རི་ཡ་ཆི་དང་ རན་ཅེ་ར་ དེ་ལས་ ནན་ཊི་ནོ་ཚུ་ཚུདཔ་ཨིན། རང་ལུགས་ཀྱི་རྒྱན་ཆས་ དཔེར་ན་ ཧུ་པིལ་༼འཚེམ་དྲུབ་འོན་ཇུ༽ དང་ རེ་བོ་ཟོ་ ༼བཀབ་རས༽ ཚུ་ད་ལྟོ་ཡང་ས་གནས་ཀྱི་མི་སྡེ་ཚུ་ནང་གྱོན་དོ་ཡོདཔ་ཨིན།
མེཀ་སི་ཀོ་ལུ་ དཔལ་འབྱོར་མ་འདྲཝ་ཡོདཔ་ལས་ ལེ་ཊིན་ཨ་མི་རི་ཀ་ནང་སྦོམ་ཤོས་ཅིག་ཨིནམ་མ་ཚད་ འཛམ་གླིང་ནང་སྦོམ་ཤོས་༡༥ པ་ཅིག་སྦེ་ཆ་བཞགཔ་ཨིན། དཔལ་འབྱོར་འདི་ དེང་སང་གི་བཟོ་གྲྭ་དང་ སོ་ནམ་ལས་སྡེ་སྒྲིང་སྒྲིང་ཚུ་གིས་ ཁྱད་ཆོས་བཏོནམ་ཨིན། དེ་ཡང་ སྣུམ་འཁོར་དང་གློག་རིག་ གནམ་སྟོང་འཕྲུལ་ཆས་ དེ་ལས་ ས་སྣུམ་རྫས་ཁམས་རིག་པ་ཚུ་རྩིས་ཏེ་ བཟོ་གྲྭ་ཁང་གཙོ་བོ་ཚུ་ཡོདཔ་ཨིན། དེ་ལས་ སེམ་སྲུང་དང་ ཨེལ་ཇི་བཟུམ་གྱི་ ལས་སྡེ་ཚུ་རྩིས་ཏེ་ གློག་རིག་ལས་སྡེ་འདི་ དཔལ་འབྱོར་གྱི་ཆ་ཤས་གཙོ་བོ་ཅིག་ཨིན་མས། དེ་བཟུམ་སྦེ་ སོ་ནམ་འདི་ མེཀ་སི་ཀོ་གི་དཔལ་འབྱོར་ནང་ ཁག་ཆེ་བའི་ཆ་ཤས་ཅིག་སྦེ་རང་ ལུས་ཡོདཔ་ཨིན། སོ་ནམ་ཐོན་སྐྱེད་གཙོ་བོ་ཚུ་ཡང་ གེ་ཟ་དང་ གུ་རམ་ གུ་ལི བླམ་བན་ད་དེ་ལས་ ཀཱ་ཕི་ཚུ་ཨིན་པས། དེ་མ་ཚད་ མེཀ་སི་ཀོ་འདི་ རང་བཞིན་ཐོན་སྐྱེད་དང་ དམིགས་བསལ་གྱི་མར་ཁུ་ཚུ་ ཕྱུགཔོ་སྦེ་ཡོདཔ་མ་ཚད་ དངུལ་དང་ཟངས་ དེ་ལས་ གཞན་ས་གཏེར་གྱི་གསོག་འཇོག་ཚུ་ཡང་ གལ་ཆེཝ་ལས་ རྒྱལ་ཁབ་ནང་ལུ་ དཔལ་འབྱོར་ལུ་ཕན་ཐོགས་སྦོམ་སྦེ་རང་བྱུང་ཡོདཔ་ཨིན།
དེ་དང་འདྲཝ་སྦེ་ མེཀ་སི་ཀོ་འདི་ སྣུམ་འཁོར་དང་ སྣུམ་འཁོར་གྱི་ཅ་ཆས་ཚུ་ ཕྱིར་ཚོང་འཐབ་མི་སྦོམ་ཤོས་ཅིག་ཨིནམ་མ་ཚད་ གློག་འཕྲུལ་ དཔེར་ན་ རྒྱང་མཐོང་དང་ གློག་རིག་ དེ་ལས་ འགྲུལ་འཕྲུན་ཚུ་ཡང་ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་འདི མར་ཁུའི་ཐོན་སྐྱེད་དང་ སོ་ནམ་ཐོན་སྐྱེད་ཀྱི་རིགས་ཚུ་ ཕྱིར་ཚོང་འཐབ་མི་གཙོ་བོ་ཅིག་ཡང་ཨིན་མས། ཡུ་ནའི་ཊེཊ་ཨི་སི་ཊེཊ་འདི་ མེཀ་སི་ཀོ་གི་ཚོང་འབྲེལ་པ་སྦོམ་ཤོས་ཅིག་ཨིནམ་དང་ མེཀ་སི་ཀོ་གིས་ཕྱིར་ཚོང་བརྒྱ་ཆ་༨༠་ དེ་ཅིག་ ཡུ་ཨེསི་ལུ་འབད་དོ་ཡོདཔ་ཨིན། དེ་བཟུམ་སྦེ་ རྒྱ་ནག་འདི་ དམིགས་བསལ་གྱིས་བཟོ་སྐྲུན་འབད་མི་ ཅ་ཆས་དང་ གློག་རིག་ དེ་ལས་ འཕྲུལ་ཆས་ཚུ་ ནང་འདྲེན་འབད་ནི་དོན་ལུ་ མཉམ་འབྲེལ་པ་གལ་ཅན་ཅིག་ཨིན་མས།
རྒྱལ་ས་མེཀ་སི་ཀོ་སི་ཊི།
མེཀ་སི་ཀོ་སི་ཊི་འདི་ མེཀ་སི་ཀོ་གི་རྒྱལ་ས་ལྟེ་བ་དང་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་དང་ སྤྱི་ལོ་༢༠༢༥ ལུ་ཁྲོམ་ཆེན་ནང་ མི་རློབས་ས་ཡ་༢༢.༨ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབདཝ་ཨིན་པས། དེ་ལས་ རྒྱལ་རབས་དང་ལམ་སྲོལ་ དེ་བཟུམ་སྦེ་ དཔལ་འབྱོར་གྱི་ཁག་ཆེ་ཧིང་ཚུ་ ཕྱུགཔོ་སྦེ་ཡོདཔ་ཨིན། མེཀ་སི་ཀོ་སི་ཊི་འདི་ འཛམ་གླིང་ནང་ལུ་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིནམ་མ་ཚད་ སྔོན་ལུགས་དང་དེང་སང་གི་ཆ་ཤས་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། མཛེས་སྡུག་ཅན་གྱི་མཐོང་སྣང་ཚུ་ཡང་ ཡུ་ནིསི་ཀོ་གི་འཛམ་གླིང་སྲོལ་རྒྱུན་ས་ཁོངས་དང་ ཉེ་འདབས་ལུ་ཡོད་པའི་ ཊི་ཊི་ཧུ་ཀཱན་གྱི་ སྔོན་ལུགས་ཀྱི་གྱང་ཤུལ་དང་ ཅ་པུལ་པེག་གླིང་ག་ དེ་ལས་ རྒྱལ་ཡོངས་མི་རྒྱུད་རིག་པའི་འགྲེམས་སྟོན་ཁང་ཚུ་བརྩི་འཇོག་འབདཝ་ཨིན། ཁྲོམ་འདི་ ཟ་མཐུང་གི་མཐོང་སྣང་དང་ འུར་འབྱེལ་ཆེ་བའི་ཚོང་བསྒྲགས་ དེ་ལས་ ཉེ་འདབས་ཀྱི་ཁྱིམ་ཚང་ཚུ་གི་དོན་ལུ་ཡང་ཡོངས་གྲགས་ཡོདཔ་ཨིན།
མཇུག་བསྡུ།
མེཀ་སི་ཀོ་འདི་ ལམ་སྲོལ་གྱི་སྲོལ་ཁྱུན་ཕྱུགཔོ་དང་ མཛེས་སྡུག་ཅན་གྱི་ས་ཆའི་གནས་སྟངས་ དེ་ལས་ བྱུང་རབས་ཚུ་གི་མགུ་རྙོག་དྲགས་ཡོད་པའི་རྒྱལ་ཁབ་མ་འདྲཝ་ཅིག་ཨིན། འདི་གིས་ སྔོན་ལུགས་ཀྱི་ལམ་སྲོལ་ཚུ་ དེང་སང་གི་ཤན་ཞུགས་དང་གཅིག་ཁར་ ས་གནས་ཀྱི་མི་ཁུངས་དང་ ཨིསི་པེ་ནིཤ་གི་ལམ་སྲོལ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། རྒྱལ་ཁབ་ཀྱི་དཔལ་འབྱོར་འདི་ ལེ་ཊིན་ཨ་མི་རི་ཀ་ལུ་ བཟོ་སྐྲུན་དང་ སོ་ནམ་ དེ་ལས་ ལྟ་བཤལ་ཚུ་རྒྱ་སྦོམ་སྦེ་ཡོདཔ་ཨིན། མེཀ་སི་ཀོ་ལུ་ འདྲ་མཉམ་མེད་མི་དང་ རྩུབ་སྤྱོད་བཟུམ་གྱི་གདོང་ལེན་ཚུ་འབྱུང་སྟེ་ཡོད་རུང་ འཛམ་གླིང་ཚོང་འབྲེལ་དང་ སྲིད་དོན་ནང་ སྒྲིང་སྒྲིང་སྦེ་ཡོདཔ་ལས་ ཁྲོམ་ཚོགས་ཚུ་ ལུང་ཕྱོགས་མ་འདྲཝ་ཚུ་གིས་ འཛམ་གླིང་ནང་ རྒྱལ་ཁབ་གཞན་དང་མ་འདྲཝ་ལས་ ཁག་ཆེ་བའི་རྒྱལ་ཁབ་ཅིག་སྦེ་བཟོཝ་ཨིན།
རྒྱབ་རྟེན་དཔེ་དེབ།
(https://en.m.wikipedia.org/wiki/Mexico)
(https://chatgpt.com/c/67de49bb-6988-800b-86af-932b83fd50e6)
(https://www.worldometers.info/world-population/mexico-population/)
(https://en.m.wikipedia.org/wiki/List_of_states_of_Mexico)
(https://embamex.sre.gob.mx/nigeria/index.php/en/information-about-mexico#:~:text=The%20political%20division%20of,Queretaro%2C%20Quintana%20Roo%2C%20San%20Luis)