Jump to content

མོ་ཏི་ཐང་ཏ་ཀིན་སྲུང་སྐྱོབ།

Wikipedia ལས།

༉ ཐིམ་ཕུག་ མོ་ཏི་ཐང་རྫོང་ཁག་ནང་ལུ་ཡོད་པའི་ རྒྱལ་པོའི་ཏ་ཀིན་སྲུང་སྐྱོབ་ས་ཁོངས་འདི་ འབྲུག་གི་རྒྱལ་ཡོངས་སེམས་ཅན་ འབྲུག་ཏ་ཀིན་གྱི་དོན་ལས་ རི་དྭགས་སྲོག་ཆགས་སྲུང་སྐྱོབ་ཀྱི་ ས་ཁོངས་ཅིག་ཨིན་མས། ངོ་མ་ལུ་ སྲོག་ཆགས་གླིང་ཆུང་ཀུ་ཅིག་ཨིན་རུང་ སེམས་ཅན་ཚུ་ རང་དབང་ཐོབ་པའི་སྐབས་ལུ་ཡང་ མཐའ་འཁོར་གྱི་ནགས་ཚལ་ནང་ སྡོད་མི་བཏུབ་པའི་ ཤེས་རྟོགས་བྱུང་པའི་ཤུལ་ལས་ ཉམས་སྲུང་འབད་སའི་ས་ཁོངས་ལུ་ བསྒྱུར་བཅོས་འབད་ནུག། ༉ སྤྱི་ལོ་༢༠༠༥ སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་ ཏ་ཀིན་འདི་ འབྲུག་གི་རྒྱལ་ཡོངས་སེམས་ཅན་ཅིག་སྦེ་ གསལ་བསྒྲགས་འབད་དགོ་པའི་རྒྱུ་མཚན་འདི་ དུས་རབས་༡༥ པའི་ནང་ བླམ་འབྲུག་པ་ཀུན་ལས་ཀྱིས་ སེམས་ཅན་འདི་ བཟོ་ཡོད་པའི་ ལོ་རྒྱུས་ཅིག་ཨིན་མས།

ཕྱིའི་འབྲེལ་མཐུད།

[ཞུན་དག]

ཁུངས་གཏུག

[ཞུན་དག]