Jump to content

མོ་ཛམ་བིཀ

Wikipedia ལས།

ངོ་སྤྲོད།

མོ་ཛམ་བིཀ་འདི་ཨཕ་རི་ཀ་གི་ཤར་ལྷོའི་རྒྱལ་ཁབ་ཅིག་ཨིནམ་ད་ རྒྱ་གར་གྱི་རྒྱ་མཚོའི་མཚོ་འགྲམ་རིངམ་འདི་ ཊོ་ཕོ་བཟུམ་གྱི་ ཡོངས་གྲགས་ཅན་གྱི་མཚོ་འགྲམ་དང་ མཚོ་ཁའི་མཚོ་འགྲམ་ཚུ་ཡོདཔ་ཨིན། ཁུ་རིམ་བ་མཚོའི་སྡེ་ཚན་ལུ་ བྱེ་ཐང་གི་མཚོ་གླིང་ཚུ་ ཀི་ལོ་མི་ཀྲར་༢༥༠་འབད་མི་ཨི་བོ་གླིང་ཕྲན་ལུ་ པོརོ་ཊུ་གེ་སིའི་ཁྲིམས་ལུགས་ཀྱི་དུས་སྐབས་ལས་ དབང་འདི་ཡོད་པའི་དུས་སྐབས་ཀྱི་ གྱང་ཤུལ་ཚུ་ཡོདཔ་ཨིན། ལྷོ་ཁ་ཐུག་ལུ་ཡོད་པའི་བ་ཛ་རུ་ཏོ་མཚོའི་སྡེ་ཚན་ལུ་ རྩིས་མཐོང་ཅན་ཅིག་འབད་རྩིས་ཏེ་ དཀོན་དྲགས་ཅན་གྱི་རྒྱ་མཚོ་ནང་གི་འབུབ་རིགས་དང་སྲོག་ཆགས་ཚུ་ ཉམས་སྲུང་འབད་དེ་ཡོད་པའི་ རི་འདི་ཡོདཔ་ཨིན།

མོ་ཛམ་བིཀ་འདི་ ཨཕ་རི་ཀ་རྒྱལ་ཁབ་གི་ཤར་ལྷོ་དང་ ཨིས་ཝ་ཊི་ནཱི་གི་ལྷོ་ཕྱོགས་ལུ་ས་ཆའི་རྒྱ་ཚད་ཀི་ལོ་མི་ཀྲར་གྲུ་བཞི་༨༠༡,༥༣༧ དེ་ཅིག་གི་ནང་ཆགས་ཏེ་ཡོདཔ་ལས་ མོ་ཛམ་བིཀ་འདི་འཛམ་གླིང་ནང་ལས་ ཨང་༣༥་པའི་རྒྱལ་ཁབ་སྦོམ་ཤོས་ཅིག་གི་གྲལ་ཁར་ཚུདཔ་ཨིན་མས། དེ་ལས་རྒྱལ་ཁབ་འདི་ ནུབ་ཁ་ཐུག་ལུ་ཨིས་ཝ་ཊི་ནཱི་དང་ བྱང་ཕྱོགས་ལུ་ཏཱན་ཛ་ནཱི་ཡཱ་ཡོདཔ་ད་ དེ་མ་ཚད་ ཤར་ཕྱོགས་ཁ་ཐུག་ལུ་རྒྱ་གར་གི་མཚོ་ཆེན་གནས་ཏེ་ཡོད་པའི་བར་ན་ཆགས་ཏེ་འདུག

ད་ལྟོའི་མོ་ཛམ་བིཀ་གི་མི་རློབས་འདི་ ད་རེས་ནངས་པའི་འཛམ་གླིང་སྤྱི་ཚོགས་ཀྱི་གནས་སྡུད་དང་འཁྲིལཝ་ད ༣༥,༢༧༧,༢༣༨་ཡོདཔ་ཨིན་མས། མོ་ཛམ་བིཀ་རྒྱལ་ཁབ་ཀྱི་མི་རློབས་འདི་ འཛམ་གླིང་མི་འབོར་ཡོངས་བསྡོམས་ལས་ བརྒྱ་ཆ་༠.༤༣ གྱི་འདྲ་མཉམ་ཡོདཔ་ད་ མི་རློབས་ཀྱི་བོར་ཚད་༤༥་ཡོདཔ་ཨིན། དེ་ལས་བརྒྱ་ཆ་ལས་༤༡.༦ ཁྲོམ་ཁར་སྡོད་མི་ཨིནམ་ད་ སྤྱི་ལོ༢༠༢༥་ལུ་མི་གྲངས་༡༤,༨༡༠,༦༧༩་ ཡོདཔ་ཨིན་མས། མོ་ཛམ་བིཀ་ནང་མི་མང་ཤོས་ར་ ཨཕ་རི་ཀའི་རིགས་བརྒྱུད་དང་ མི་རིགས་གཙོ་བོ་མ་ཀུཝ། ཙོ་ང། མ་ཀཱོན་ཌི། ཤཱང་གཱ། ཤོ་ནཱ། སཱེ་ནཱ་ དང་ ནཱཌུཝ། དེ་ལས་ གཞན་མི་རིགས་ཀྱི་སྡེ་ཚན་དང་གཅིག་ཁར་ མི་འབོར་ཆུང་ཀུ་ གཞན་ཡང་ ཡུ་རོབ་ཀྱི་མི་རིགས་ ལྷོ་ཨེ་ཤི་ཡའི་(རྒྱ་གར) གྱི་མི་རིགས་དང་སླ་བསྲེ་ཏེ་ཡོདཔ་ཨིན་མས།

མོ་ཛམ་བིཀ་ལུ་མངའ་སྡེ་༡༡ཡོད་ས་ལས་ཅིག་རྒྱལ་ས་ལྟེ་བ་མཱ་པུ་ཊུ་ཚུད་དེ་ཡོད། ད་རུང་མངའ་སྡེ་ཁག་ཚུ་ རྫོང་ཁག་༡༥༤ནང་ལུ་དབྱེ་བ་ཕྱེ་སྟེ་ཡོདཔ་མ་ཚད་ བདག་སྐྱོང་དབྱེ་བ་ཁག་༤༠༧་གིས་ ས་གནས་ཆུང་ཀུ་ཚུ་དང་བསྡོམས་རྩིས་གཡུས་ཚན་ཚུ་ཁྱབ་ཚུགས་ཏེ་འདུག། མངའ་སྡེ་ཚུ་ཡང་ ༡ ཀཱ་བོ་ཌཱེལ་ག་ཌོ།  ༢ ག་ཟ།  ༣ ཨིན་ཧཱམ་བཱ་ཎི། ༤ མཱ་ཎི་ཀ། ༥ མ་པུ་ཏུ། ༦ མ་པུ་ཏུ་གྲོང་ཁྱེར། ༧ ནམ་པུ་ལ། ༨ ཎཱི་ཡ་ས། ༩ སོ་ཕ་ལ། ༡༠ ཀྲེ་ཀྲེ། ༡༡ ཟམ་བེ་ཛི་ཡ། ཚུ་ཨིན།

མོ་ཛམ་བིཀ་རྒྱལ་ཁབ་ནང་ལུ་ སྲིད་དོན་ལམ་ལུགས་ཀྱི་གཞི་བཀོད་འདི་ ལས་ཚོགས་ཀྱི་ངོ་ཚབ་ཅིག་གི་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་ནང་ལུ་འབྱོང་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་གི་སྲིད་འཛིན་འདི་ ཚོགས་པ་སྣ་མང་ཀྱི་དབུ་ཁྲིད་དང་ འགོ་འཛིན་ཨིན། དེ་ལས་བཀོད་ཁྱབ་དབང་ཚད་འདི་ གཞུང་གིས་ལག་ལེན་འཐབ་མ་ཚད་ གཞུང་དང་སྤྱི་མཐུན་ཚོགས་འདུ་གཉིས་ཆ་རའི་ནང་ ཁྲིམས་དོན་དབང་ཚད་ཀྱི་ བདག་དབང་ཡོདཔ་ཨིན།

མོ་ཛམ་བིཀ་གི་གཞུང་འབྲེལ་སྐད་ཡིག་འདི་ པཱོར་ཅོ་གལ་གྱི་སྐད་ཡིག་ཨིན། རྒྱལ་ཁབ་ཁྱབ་ཆེ་ཤོས་ནང་ཁ་སྐད་འདི་ལག་ལེན་འཐབ་ཨིན་རུང་ ལམ་སྲོལ་འདི་བཱན་ཊུ་དང་ སུ་ཝ་ཧི་ལི་ དེ་ལས་པཱོར་ཅོ་གལ་གྱི་སྲོལ་ཁྱུན་དང་གཅིག་ཁར་ ཤུགས་སྦེ་རང་ ཤན་ཞུགས་འབད་དེ་ཡོདཔ་ཨིན། དེ་མ་ཚད་ དབུས་དང་བྱང་གི་རྒྱལ་ཁབ་ཀྱི་ ས་གནས་ཚུ་ནང་ ཁ་སྐད་མ་ཁུ་བ་འདི་ཁྱབ་ཆེ་ཤོས་སྦེ་སླབ་དོ་ཡོདཔ་ཨིན་མས།

མོ་ཛམ་བིཀ་འདི་ སླམ་སྲོལ་སྣ་ཚོགས་ཀྱི་ཕྱུག་པོའི་རྒྱལ་ཁབ་ཅིག་ཨིན་རུང་ དེའི་ལོ་རྒྱུས། མི་རིགས་དང་ ཆོས་ལུགས་ཚུ་གིས་དབང་ཐལ་ཏེ་ཡོད། དེ་ལས་ རྒྱལ་ཁབ་ཀྱི་ཆོས་ལུགས་གཙོ་བོ་ ཡེ་ཤུ་པའི་ཆོས་ལུགས། ཨིསི་ལམ་དང་ ས་གནས་ཀྱི་མི་རིགས་ཨཕ་རི་ཀའི་ཡིད་ཆེས་ཚུ་ཨིན་མས། མོ་ཛམ་བིཀ་འདི་ ཆོས་མིན་གྱི་རྒྱལ་ཁབ་ཅིག་ཨིནམ་ད་ ཆོས་ནང་ལས་ ཡེ་ཤུ་པ་འདི་ཆོས་ལུགས་སྦོམ་ཤོས་ཅིག་ཨིན། དེ་མ་ཚད་ ཆོས་ཀྱི་སྡེ་ཚན་མགྱོགས་ཤོས་འཕེལ་ཤོས་འདི་ ཡེ་ཤུའི་ཆོས་ལུགས་འཛིན་མི་ཨིན་པས། ཨིསི་ལམ་ཆོས་ལུགས་འདི་ དུས་རབས་དང་པའི་ནང་ མོ་ཛམ་བིཀ་ལུ་ལྷོད་ཡོདཔ་ཨིན།

སྙན་ཆ་དང་ཞབས་ཁྲ་འདི་ མོ་ཛམ་བིཀ་རྒྱལ་ཁབ་ཀྱི་མི་སེར་ཚུ་གི་ གལ་ཆེ་བའི་ཆ་ཤས་ཅིག་ཨིནམ་ད་ ལམ་སྲོལ་མང་ཤོས་ཅིག་ ས་གནས་ཀྱི་ལམ་ལུགས་ནང་ལུ་མཉམ་བསདོམས་འབད་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ སྙན་ཆ་འདི་རེག་གེ་དང་ ནུབ་ཕྱོགས་རྒྱ་གར་ཀ་ལིཔ་སོ་དང་ འདྲཝ་སྦེ་ཡོད་རུང་ ང་བཅས་ཀྱི་ཡང་སྙན་ཆ་གཞན་ སམ་བ་ མར་ར་བེན་ཏ་དང་ བོ་སོ་ཝ་ཚུ་ལོངས་སྤྱོད་ཚུགས། དེ་མ་ཚད་ སྔར་སྲོལ་གྱི་ཞབས་ཁྲ་ མ་པི་ཀོ། ཊོ་ཕུ་ དང་ ཞི་གུ་བོ་ ལ་སོགས་པ་ལེ་ཤ་འདུག། རྒྱལ་ཁབ་འདི་ནང་གི་ རང་ལུགས་ཀྱི་གྱོན་ཆས་ ཀ་པུ་ལ་ནཱ་ ཁ་དོག་ཅན་ རས་ཆ་སྣ་ཚོགས་དང་ལྡན་མི་ དེ་ཡང་ སྨད་གཡོགས་་ཡང་ན་ གོ་འབད་གྱོན་དོ་ཡོདཔ་ཨིན།

མོ་ཛམ་བིཀ་གི་གཞི་རྩའི་དཔལ་འབྱོར་ཐོན་ཁུངས་གཙོ་བོ་ མང་ཤོས་ཅིག་སོ་ནམ་ཞིང་ལཱ་ རང་བཞིན་རླངས་རྫས་དང་ རྡོ་སོལ་གྱི་གསོག་འཇོག་ དེ་ལས་ གལ་གནད་ཅན་གྱི་ས་གཏེར་གྱི་དངུལ་ཕོགས་ དཔེར་ན་ གཱར་ཕའིཊ། ཀྲན་ཀྲ་ལིཊ། དང་ བའུ་སིཊ། དེ་བཟུམ་སྦེ་ མཚོ་མཐའ་རིངམ་གི་ལམ་ཐིག་ནང་རྒྱ་ཆེ་དྲགས་སྦེ་ཉ་བཟུང་ནི་ དང་ ཆུ་གློག་གི་ཐོན་སྐྱེད་ཚུ་ལུ་བརྟེན་ཏེ་སྡོད་དོ་ཡོདཔ་ཨིན། དེ་འབདཝ་ད་ རྒྱལ་ཁབ་འདི་ནང་ གཞི་རྩའི་ཚད་གཞི་དང་ལོ་རྒྱུས་ཀྱི་ཚད་གཞི་འདི་ལས་བརྟེན་ཏེ་ ད་ལྟོ་ཡང་ ཐོན་ཁུངས་ཚུ་ ཆ་ཚང་སྦེ་ལག་ལེན་འཐབ་ནི་ལུ་ གདོང་ལེན་བྱོང་དོ་ཡོདཔ་ཨིན།

མོ་ཛམ་བིཀ་གི་ ཚོང་འབྲེལ་གཙོ་བོ་ རྒྱུ་ཆ་གི་རིགས་ དང་ སོ་ནམ་ཐོན་སྐྱེད་ དེ་ལས་ ས་གཏེར་ཚུ་ཕྱིར་ཚོང་འབདཝ་མ་ཚད་ སྣུམ་རྫས། འཕྲུལ་ཆས་ དང་ བཟའ་འཐུང་གི་རིགས་ཚུ་ཡང་ནང་འདྲེན་འབདཝ་ཨིན། རྒྱལ་ཁབ་འདི་གི་ ཚོང་སྒྱུར་གྱི་མཉམ་འབྲེལ་པ་ངོ་མ་ ལྷོ་ཨཕ་རི་ཀ་ རྒྱ་ནག་ རྒྱ་གར་ ནེ་དར་ལེནཌ་ དང་ པཱོར་ཅོ་གལ་ཚུ་ཨིན་མས།

རྒྱལ་ས་མ་པུ་ཏོ།

མ་པུ་ཏོ་འདི་ མོ་ཛམ་བིཀ་གི་ རྒྱལ་ས་དང་གྲོང་ཁྱེར་སྦོམ་ཤོས་ཅིག་ཨིན། ས་གནས་འདི་ ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཉེ་འདབས་ནང་ ཨེས་ཝ་ཊི་ནི་དང་ ལྷོ་ཨཕ་རི་ཀ་གི་ ས་མཚམས་ལས་ཀི་ལོ་མི་ཊར་༡༥༠་གི་ས་ཁར་ཆགས་ཏེ་འདུག། ཁྲོམ་འདི་ནང་ སྤྱི་ལོ་༢༠༡༧་ལྟར་དུ་མི་འབོར་༡,༠༨༨,༤༤༩ བཀྲམ་སྤེལ་འབད་ཡོདཔ་ཨིན། མ་པུ་ཏོ་ཁྲོམ་ཆེན་གྱི་ས་ཁོངས་ནང་ ཉེ་འདབས་ཁྱིམ་ཚང་ མའོ་ཏོ་ལ་ཚུདཔ་ཨིནམ་དང་ འདི་ནང་མི་འབོར་༢,༧༡༧,༤༣༧་ཡོདཔ་ཨིན་མས། མ་པུ་ཏོ་འདི་ འདྲེན་ལམ་གྱི་ཁྲོམ་ཨིནམ་ལས་ དཔལ་འབྱོར་གྱི་ཚོང་ལས་ལྟེ་བ་ཅིག་ཨིན། དེ་འབད་ནི་འདི་གིས་ཁྲོམ་འདི་ ལམ་སྲོལ་གྱི་མཐོང་སྣང་ཁྱད་པར་ཅན་དང་ མཛེས་སྡུག་ཅན་ དེ་ལས་ བཟོ་བཀོད་རིག་པ་ཚུ་གི་དོན་ལུ་ དྲན་འཛིན་འབད་ཡོདཔ་ཨིན། མ་པུ་ཏོ་དའདི་ སྔོན་ཆད་སྤྱི་ལོ་༡༩༧༦་ ཚུན་ ལོ་རེན་ཀཱོ་མཱར་ཀུསི་ ཟེར་མིང་བཏགས་ཏེ་འདུག།

མཇུག་བསྡུ།

མོ་ཛམ་བིཀ་འདི་ ཤར་ལྷོའི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་འདི་ ས་ཆའི་རྒྱ་ཚད་ཀི་ལོ་མི་ཀྲར་གྲུ་བཞི་༨༠༡,༥༣༧ དེ་ཅིག་གི་ནང་ཆགས་ཏེ་འདུག། དེ་ལས་ མི་རློབས་གྱངས་ཁ་༣༥,༢༧༧,༢༣༨ ཡོདཔ་ལས་ མངའ་སྡེ་ཁག་༡༡་དང་ ད་རུང་མངའ་སྡེ་ཚུ་རྫོང་ཁག་ལེ་ཤ་ནང་ལུ་དབྱེ་བ་ཕྱེ་ཏེ་འདུག། མོ་ཛམ་བིཀ་རྒྱལ་ཁབ་ཀྱི་ རྒྱལ་ས་ལྟེ་བ་འདི་རྒྱལ་ས་མ་པུ་ཏོ་དང་ གཞུང་འབྲེལ་སྐད་ཡིག་འདི་པཱོར་ཅོ་གལ་ཨིན་མས། རྒྱལ་ཁབ་ནང་ལུ་ལམ་སྲོལ་དང་ཆོས་ལུགས་མ་འདྲཝ་ལེ་ཤ་ཡོདཔ་ད་ ཆོས་ལུགས་གཙོ་བོ་ ཡི་ཤུ་པའི་ཆོས་ལུགས། ཨིལི་ལམ་དང་ གཞན་ ས་གནས་ཀྱི་མི་རིགས་ཨཕ་རི་ཀའི་ཡིད་ཆེས་ཚུ་ རྗེས་སུ་འཇུག་སྟེ་འདུག། མི་ཚུ་གིས་གྱོན་ཆས་འདི་ ཁ་དོག་ཅན་ སྨད་གཡོགས་ཡང་ན་ གོ་བཟུམ་སྦེ་གྱོན་སྲོལ་ཡོད། མོ་ཛམ་བིཀ་རྒྱལ་ཁབ་ཀྱི་མི་སེར་ཚུ་ མང་ཤོས་ར་སོ་ནམ་ཞིང་ལཱ་ལུ་གཙོ་བོ་བརྟེན་ཏེ་སྡོད་དོ་ཡོདཔ་ད་ ཚོང་འབྲེལ་གཙོ་བོ་ཅིག་ སོ་ནམ་ཐོན་སྐྱེད་ཕྱིར་ཚོང་དང་ གཞན་འཕྲུལ་ཆས་ཚུ་ཡང་ནང་འདྲེན་འབད་དོ་ཡོདཔ་ཨིན་མས།

རྒྱབ་བརྟེན་དཔེ་དེབ།

(https://en.m.wikipedia.org/wiki/Mozambique)

(https://www.worldometers.info/world-population/mozambique-population)

(https://en.m.wikipedia.org./wiki/Politics_of_Mozambique#:~:text=Politics%20in%20Mozambique%20takes%20place,in%20a%20multi%2Dparty%20system.)

(https://www.enchantingtravels.com/destinations/africa/mozambique/mozambique-culture/#:~:text=culture%20of%20Mozambique&text=Portuguese%20is%20the%20official%20language,%2C%20Tonga%2C%20Yao%20and%20Nyungwe)

"https://dz.wikipedia.org/w/index.php?title=མོ་ཛམ་བིཀ&oldid=38797" ལས་ སླར་འདྲེན་འབད་ཡོདཔ།