Jump to content

མོན་ཊི་རི་ཡལ།

Wikipedia ལས།
མོན་ཊི་རི་ཡལ།
རྒྱལ་ཁབཀེ་ན་ཌ།
ས་ཁྱོན།364.74 km²
མི་འབོར1,762,949

༉ མོན་ཊི་རི་ཡལ་འདི་ ཀེ་ནེ་གྲ་གི་ ཀིའུ་བེག་ལུ་ཡོད་པའི་ཁྲོམ་ཚོགས་སྦོམ་ཤོས་གཉིས་པ་ཨིན། ཁྲོམ་ཚོགས་འདི་འགོ་དང་པ་ སྤྱི་ལོ་༡༦༤༢་ ལུ་ཝི་ལི་མ་རི་ཟེར་མིང་གཏགས་ཡོདཔ་ཨིན་མས་ དེ་ཡང་སྐད་འགྱུར་འབད་བ་ཅིན་མེ་རི་གི་ཁྲོམ་ཟེར་སླབ་པའི་དོན་དག་ཨིན་མས། ད་རས་ཐོབ་ཡོད་པའི་མིང་འདི་ མའུནཊི་རོ་ཝེལ་ ཟེར་རྩེ་གསུམ་ཡོད་པའི་གངས་རི་གཅིག་ལས་རྟ་དྲངས་ཏེ་ཐོབ་ཡོདཔ་ཨིན་མས། མོན་ཊི་རི་ཡལ་འདི་མཚོ་གླིང་གཅིག་ཨིན་མས།

ད་རེས་ དེ་ནང་ལུ་སྡོད་མི་ མི་རློབས་༡༨༡༠༩༨༣ ཡོདཔ་སྦེ་ ཚད་རྩིས་བཏོན་ཡོདཔ་ཨིན། མི་རློབས་འདི་ཡང་ སྤྱི་ལོ་༢༠༢༡ གི་ ཀེ་ནེ་གྲའི་མི་རྩིས་ནང་ ༡,༧༦༢,༩༤༩ ལུ་ ཐོ་བཀོད་འབད་ཡོདཔ་ད་ ཧེ་མ་ སྤྱི་ལོ་༢༠༡༦ གི་མི་རྩིས་ནང་ ༡,༧༠༤,༦༩༤ ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས། འདི་ཡང་ མིའི་གྱངས་ཁ་ ༥༨,༢༥༥ ཡར་སེང་འགྱོ་ཡོདཔ་ཨིནམ་ལས་ ལོ་བསྟར་ཡར་འཕར་གྱི་ཚད་གཞི་འདི་བརྒྱ་ཆ་ ༠.༦༧ སྦེ་གསལ་སྟོན་འབད་ཡོདཔ་ཨིན།

སྤྱི་ལོ་༢༠༡༧་ལུ་སྡོད་དགོ་མནོ་སི་སི་ཡོད་པའི་རྒྱལ་ཁབ་ཀྱི་དབྱེ་ཞིབ་ཅིག་འབདཝ་དང་རྫམ་གླིང་ནང་ལུ་ཨང་༡༧་པ་སྦེ་ཐོན་སོང་ནུག ས་ཕྱོགས་དེ་ནང་ལུ་ག་ཅིག་གི་ཐད་ཁ་ལས་འབད་རུང་ཡར་རྒྱས་དང་གོང་འཕེལ་འགྱོ་ཚརཝ་ལས་བཏབ་བདེ་ཏོག་ཏོ་ཡོད་དོ་ཡོདཔ་ཨིན། སྤྱ་ལོ་བདུན་བཅུ་གྲངས་ལས་རང་དཔལ་འབྱོར་གོང་འཕེལ་སྒྲིང་སྒྲིང་ཐལ་ཏེ་ཡོདཔ་ཨིན།

སྐད༌ཡིག།

ཕེ་རེནཆ་འདི་ཁྲོམ་ཚོགས་འདི་གི་གཞུང་འབྲལ་ཁ་སྐད་འབད་ལག་ལེན་འཐབ་དོ་ཡོདཔ་ཨིན། སྤྱི་ལོ་༢༠༢༡་ གི་ཚད་རྩིས་དང་འཁྲིཝ་དང་མི་རློབས་བརྒྱ་ཆ་ལས་༨༥་༧་གི་ཕེ་རེནཆ་ལེགས་ཤོམ་སྦེ་སླབ་ཚུགསཔ་སྦེ་ཐོན་ནུག མོན་ཊེ་རེལ་ལུ་མི་ཚུ་གི་ཨིང་ལིཤ་དང་ཕེ་རེནཆ་གཉིས་ཆ་རང་ཐོག་ཆ་མེདཔ་སྦེ་སླབ་ཚུགས་དོ་ཡོདཔ་ཨིན་མས། གྲངས་རྩིས་དང་འཁྲིལཝ་དང་མི་རློབས་བརྒྱ་ཆ་༥༨་༥་གི་ཁ་སྐད་གཉིས་ཆ་རང་ལེགས་ཤོམ་སླབ་ཚུགས་པས་ཟེར་བཀོད་དེ་འདུག

མི་རློབས་དང་མི་རིགས།

མོན་ཊེ་རི་ཡལ་ལུ་སྡོམ་མིའི་མི་གྱི་གྱངས་ཁ་ཅིག་ ཀེ་ན་ཌའི་སྤྱི་ལོ་༢༠༢༡་ དང་འཁྲིལ་བ་ཅིན་ མི་རློབས་ཡོངས་བསྡོམས་ ༡༧༦༢༩༤༩ ཚུ་སྒེར་གྱི་ཁྱིམ་ཡོངས་བསྡོབས་ ༨༡༦༣༣༨ ནང་ལས་ཕར་སྡོད་དོ་ཡོདཔ་སྦེ་བཀོད་ནུག དེ་ཁར་གྱི་སའི་རྒྱ་ཚད་འདི་ཀི་ལོ་མི་ཊར་གྲུ་བཞི་ ༣༦༤.༧༤ ཡོད་པ་ལས་ ས་ཆ་ཀི་ལོ་མི་ཊར་རེ་ནང་ལུ་མི་ ༤༨༣༣ ཁྱབ་སྦེ་ཐོན་ཏེ་འདུག ལོ་དེའི་རྩིས་ཐོ་དང་འཁྲིལཝ་ད་ ཨ་ལུ་ལོ་ ༡༤ ཚུན་གྱི་གྱངས་ཁ་འདི་ ༢༧༠༤༣༠ བརྒྱ་ཆ་ལས་ཕབ་པ་ཅིན་ བརྒྱ་ཆ་༡༥.༣ དེ་ལས་མི་ལོ་ ༦༥ ཡན་ཆེ་ཨིན་མ་ཅིན་ མི་༢༩༥༤༧༥ བརྒྱ་ཆ་ ༡༦.༨ ཨིན་མས། དེ་ནང་ལུ་སྡོད་མིའི་མི་རིགས་ མང་ཤོས་རང་ཨིའུ་རོ་པི་ཡན་གྱི་མི་རིགས་ཚུ་ཨིན་མས། སྤྱི་ལོ་༢༠༠༦ གི་མི་རྩིས་ཀྱི་ཐོ་བཀོད་དང་འཁྲིལ་བ་ཅིན་ ཕེརནཆ་གི་མི་བརྒྱ་ཆ་་༢༣ ཨི་ཊ་ལིཡན་ བརྒྱ་ཆ་ ༡༠་ དང་ཨའི་རིཤ་ བརྒྱ་ཆ་ ༥ དང་ཨིང་ལིཤ་ བརྒྱ་ཆ་ ༤ ཨིས་ཀོ་ཊིཤ་ བརྒྱ་ཆ་༣ དང་ཨིས་པེ་ནིཤ་གི་མི་བརྒྱ་ཆ་ ༢ ཨིན་མས། ནི་འབདཝ་ད་ ཨི་རོ་པི་ཡན་གྱི་མི་རིགས་ཡོངས་བསྡོམས་བརྒྱ་ཆ་ ༦༠.༣ ཨིནམ་སྦེ་ཐོ་བཀོད་འདུག གཞན་མི་ཡོད་མི་ཚུ་ ཨེ་ཤི་ཡ་གི་མི་དང་ལེ་ཊིན་ཨ་མི་རི་ཀའི་མི་དེ་ལས་རྒྱ་མི་དང་ཨ་རབ་བི་ཡན་གྱི་མི་ཚུ་ཨིན་མས།

མོན་ཊི་རིལ་གྱི་ ལམ་སྲོལ།

མོན་ཊི་རིལ་འདི་ ལམ་སྲོལ་ཕྱུགཔོ་ཨིན་མའི་ཁྲོམ་ཚོགས་ཅིག་ཨིན། ཁྲོམ་འདི་ནང་ལུ་མི་རིགས་མ་འདྲཝ་ལེ་ཤ་ཡོད་པ་ལས་བརྟེན་ཟ་འཐུང་གི་རིགས་རྣམ་པ་སྣ་ཚོགས་ཡོདཔ་མ་ཚད་ བཞེས་སྒོ་གསར་བཏོད་འབད་ནིའི་སྲོལ་ཚུ་ཡང་ཡོད་པ་ལས་ འཛམ་གླིང་ནང་ལུ་ མི་ཟ་འཐུང་ལུ་སྤྲོ་བ་ཡོད་མི་ཚུ་ལུ་སེམས་ཁར་བདེ་བ་བྱུང་ཚུགས་པའི་ས་ཁོངས་ཅིག་ཨིན།

མོན་ཊི་རི་ཡལ་འདི་ནང་ལུ་ སྒྱུ་རྩལ་དང་ལམ་སྲོལ་གྱི་མཐོང་སྣང་ཚུ་ཡོངས་གྲགས་ཡོདཔ་ཨིན། སྤྱི་ལོ་༢༠༠༦ ལུ་ རྫམ་གླིང་སྤྱི་ཚོགས་ཀྱི་ཤེས་རིག ་འཕྲུལ་རིག་དང་ལམ་སྲོལ་ལས་སྡེ་(UNESCCO)་གི་བཟོ་བཀོད་ཁྲོམ་སྡེའི་མིང་གཏམ་་ཐོབ་ཡོདཔ་ཨིན། ཁྲོམ་སྡེ་ནང་ལུ་ ལོ་བསྟར་བཞིན་དུ་ རྒྱལ་སྤྱིའི་དུས་སྟོན་ཁག་ཆེ་ཏོག་ཏོ་མང་རབ་ཅིག་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། ལས་རིམ་མ་འདྲཝ་ལེ་ཤ་འགོ་འདྲེན་འཐབ་ཡོད་པའི་ནང་གསལ་ལས་ གཅིག་སྣུམ་འཁོར་བང་རྒྱུག་གི་ལས་རིམ་དང་ རྒྱལ་སྤྱི་ལས་ཞབས་བྲོ་རྐྱབ་ནི་དང་འཐེན་ནིའི་ལས་རིམ་ དེ་ལས་ དགོས་བྲོའི་དུས་སྟོན་ཚུ་ཨིན་མས།

རྒྱལ་སྤྱིའི་ནང་ལུ་མོན་ཊི་རི་ཡལ་འདི་སཱར་ཀཱསི་བཟོ་གྲྭ་དང་མི་སྡེ་གི་དོན་ལུ་ངོས་འཛིན་འབད་དེ་ཡོདཔ་ད་ མི་སྟོང་ཕྲག་༢དེ་ཅིག་གིས་ ཉིན་བསྟར་བཞིན་དུ་ Cité des Arts du Cirque བརྒྱུད་དེ་ དེང་སང་གི་ རྩལ་སྟོན་ གི་ཞིབ་འཇུག་དང་ ལཱ་གི་གྲུབ་འབྲས་ལུ་ གཙོ་བོར་བསྟེན་དོ་ཡོདཔ་ཨིན།

གཞུང་།

མོན་ཊི་རིལ་གྱི་ཁྲོམ་སྡེ་གཞུང་འདི་གི་འགོ་འཁྲིདཔ་འདི་ ཁྲོམ་དཔོན་ཨིནམ་མ་ཚད་ཁྲོམ་སྡེ་ཚོགས་དེ་གི་འགོ་འཁྲིདཔ་ཡང་ཨིན། དམངས་གཙོའི་ཐོག་ལས་ བཙག་འཐུ་གྲུབ་ཡོད་པའི་ཁྲོམ་སྡེ་ཚོགས་སྡེ་ལུ་མཐའ་དཔྱད་གྲོས་ཐག་བཅད་ནིའི་དབང་ཚད་ཧྲིལ་བུམ་ཡོདཔ་ཨིན། ཁྲོམ་སྡེ་ཚོགས་སྡེའི་འཐུས་མི་༦༥ ཡོད་མི་ཚུ་ཡན་ལག་ཁྲོམ་ཚུ་གི་ངོ་ཆབ་འཐུས་མི་ཨིན་མས། ཁྲོམ་སྡེ་ཚོགས་སྡེ་འདི་ལུ་ཁྲོམ་སྡེ་གི་དབང་ཚད་ག་ཅིག་ནང་ར་ཡོདཔ་སྨོ་ཟེར་བ་ཅིན་ མི་སེར་གྱི་སྲུང་སྐྱོབ་འབད་ནི། གཞུང་དང་གཞུང་གི་བར་ན་གན་ཡིག་བཟོ་ནི། གཞུང་ལས་གྲོགས་རམ་མ་དངུལ་འཚོལ་མི་སེར་ལུ་སྤེལ་ནི། རང་བཞིན་གནས་སྟངས་བདག་འཛིན་འབད་ནི། ལོ་གསུམ་གི་རིང་ལུ་འཆར་དངུལ་དང་འབྲེལ་བའི་ལཱ་འབད་ནི། ཁྲོམ་ཚོགས་ཡར་རྒྱས་ཀྱི་འཆར་གཞི་བཟོ་ནི་ཚུ་ཨིན་མས། ཚོགས་སྡེ་དེ་ཚོགསཔ་ད་ མི་སེར་འཐུས་མི་ཚུ་གི་གྲོས་ཆོད་འབད་འོང་མི་ཚུ་གྲོས་ཐག་བཅད་དགོཔ་ཨིནམ་མ་ཚད་ ལྟ་རྟོག་འབད་ནི་དང་ཚད་གཞི་བཟོ་ནིའི་འགན་ཁུར་ཡང་ཚོགས་སྡེ་ལུ་ཕབ་ཨིན།

བཀོད་ཁྱབ་ཚོགས་སྡེ་གིས་ གི་འགན་ཁུར་དེ་ དམངས་གཙོའི་ལམ་ལུགས་དང་འཁྲིལ་ ཡིག་ཆ་དཔ་ན་ འཆར་དངུལ་ཡིག་ཆ་དང་ས་གནས་ཀྱི་ཁྲིམས་ཀྱི་ཡིང་ཆ་བཟོ་ཏེ་ གྲོས་ཐག་བཅད་ནིའི་དོན་ལུ་ཚོགས་ཆུང་ནང་ལུ་བཙུགས་དགོཔ་ཨིན། བཀོད་ཁྱབ་ཚོགས་སྡེའི་འགན་ཁུར་གཞན་མི་ཚུ་འབད་བ་ཅིན་ མི་སྟོབས་འཛིང་སྐྱོང་འབད་ནི་དང་མ་དངུལ་འཛིན་སྐྱོང་འབད་ནི་ཚུ་ཨིན་མས། ཁྲོམ་སྡེ་ཚོངས་ཆུང་ནང་ལུ་ གྲོས་སྟོན་གྱི་དོན་ལུ་གཏན་འཇགས་ཚོགས་ཆུང་ཡང་ཡོདཔ་ཨིན། གཏན་འཆགས་ཚོགས་ཆུང་གིས་ལོ་བསྟར་གྱི་འཆར་དངུལ་སྔོན་བཤད་ཕུལ་མི་ཚུ་ཡང་བསྐྱར་ཞིབ་འབད་དོ་ཡོདཔ་ཨིན་མས། མི་མང་གསལ་བསྒྲགས་ཚུ་ཕེརནཆ་དང་ཨིང་ལིཤ་སྐད་ཡིག་གཉིས་ཆ་ནང་ལུ་རང་སྤར་སྐྲུན་འབད་དོ་ཡོདཔ་ཨིན། བསྟན་འཇགས་ཚོགས་ཆུང་གི་འཐུས་མི་བདུན་ཡོད་མི་ཚུ་གི་གནས་ཡུན་ལོ་ངོ་གཉིས་ཨིནམ་མ་ཚད་ཁོང་རའི་ནང་ལུ་ཡང་ཁྲི་འཛིན་རེ་དང་ཁྲི་འཛིན་འོགམ་རེ་བསྐོ་བཞག་འབད་དོ་ཡོདཔ་ཨིན། མི་སྡེ་སྲུང་སྐྱོབ་ཚོགས་ཆུང་གི་འཐུས་མི་རྐྱངམ་ཅིག་མ་གཏོགས་ གཞན་འཐུས་མི་ཚུ་ག་ཡ་ར་བཙག་འཐུ་ལས་གྲུབ་གྲུབ་ཙང་ཙ་ཨིན།

དཀའ་ངལ་དང་གདོང་ལན།

འདས་པའི་ལོ་ཚུ་ནང་ མོན་ཊི་རི་ཡལ་གྱིས་ རྒྱུ་དངོས་ཀྱི་བརྩི་མཐོང་དང་ གོ་གནས་ཡར་སེང་ དེ་ལས་ ཡར་འཕར་ཚུ་རྩིས་ཏེ་ གདོང་ལེན་ལེ་ཤ་ཅིག་ར་ འབྱུང་སྟེ་ཡོདཔ་ལས་ ལམ་སྲོལ་གྱི་ལས་སྡེ་དང་ སྒྱུ་རྩལ་མཁས་མཆོག་ཚུ་གིས་ མི་ཚེ་དང་ གསར་བསྐྲུན་འབད་ནི་ དེ་ལས་ འབད་ནི་གི་དོན་ལུ་ ས་སྟོང་འཚོལ་ནི་ལུ་ ལཱ་ཁག་བཏངམ་ཨིན་པས། ཀོ་བིཌ་-༡༩ གི་ནད་ཡམས་ཀྱིས་ མོན་ཊི་རིལ་གྱི་ལམ་སྲོལ་ལས་ཁུངས་ཀྱི་ལཱ་འབད་མི་ཚུ་ལུ་ཡང་ གནོད་སྐྱོན་སྦོམ་སྦེ་རང་བྱུང་ཡོདཔ་ལས་ དམིགས་བསལ་གྱི་ལཱ་འབད་མི་ཚུ་ མ་ལང་པའི་དཀའ་ངལ་བྱུང་ཡོདཔ་ཨིན། འདི་བཟུམ་གྱི་གདོང་ལེན་ཚུ་ བསལ་ཐབས་ལུ་ མོན་ཊི་རི་ཡལ་ཁྲོམ་སྡེ་དང་ ཀིའུ་བེག་གཞུང་གིས་ སྒྱུ་རྩལ་གྱི་ གློག་བརྙན་ཁང་ཚུ་གི་དོན་ལུ་ གྲོགས་རམ་ཡུ་ཨེས་དྲོ་ལར་ས་ཡ་༣༠ དང་ འཁྲབ་སྟོན་གྱི་ས་ཁོངས་ཚུ་ལུ་ རྒྱབ་སྐྱོར་སོ་སོ་འབད་ནི་ཚུ་ ཐབས་ཤེས་མ་འདྲཝ་ཚུ་ བཏོན་ཡོདཔ་ཨིན།

རྒྱབ་རྟེན།

  • https://worldpopulationreview.com/canadian-cities/montreal
  • https://montreal.ca/en/
  • https://worldcitiescultureforum.com/city/montreal/#:~:text=Montr%C3%A9al%20is%20renowned%20for%20its,and%20over%207%2C000%20creative%20workers
"https://dz.wikipedia.org/w/index.php?title=མོན་ཊི་རི་ཡལ།&oldid=39360" ལས་ སླར་འདྲེན་འབད་ཡོདཔ།