Jump to content

མོན་ཊེ་ནེ་གྲོ།

Wikipedia ལས།

མོན་ཊེ་ནེ་གྲོ། | Montenegro

ཡུ་རོབ་ཀྱི་ཤར་ལྷོ་ཁ་ཐུག་ལུ་ཡོད་པའི་ མོན་ཊེ་ནེ་གྲོ་འདི་ ཨེ་ཌི་རི་ཡ་ཊིག་མཚོ་གི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་རུང་ མཐོང་སྣང་ཅན་གྱི་རྒྱལ་ཁབ་ཅིག་ཨིན། གངས་རི་དང་ དུས་རབས་བར་མའི་ཁྲོམ་ཚོགས་ དེ་ལས་ མཚོ་འགྲམ་གྱི་ རི་ཁའི་གངས་རི་དང་ རང་བཞིན་གྱི་མཛེས་ཆ་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ ཕྱུགཔོ་ཅིག་ཨིན། མོན་ཊེ་ནེ་གྲོ་ལུ་ བའི་ཟན་ཊེན་དང་ ཨོ་ཊ་མོན་ དེ་ལས་ ཨོསི་ཀྲོ-ཧང་ག་རེན་ཚུ་རྩིས་ཏེ་ རྒྱལ་ཁམས་མ་འདྲཝ་ཚུ་གིས་ ཤན་ཞུགས་འབད་དེ་ཡོདཔ་ཨིན། སྤྱི་ལོ་༢༠༠༦ ལུ་སར་བི་ཡ་དང་ མོན་ཊེ་ནེ་གྲོ་ལས་ རང་དབང་ཡོདཔ་སྦེ་ གསལ་བསྒྲགས་འབད་མི་འདི་ འཛམ་གླིང་ནང་ལུ་ རྒྱལ་ཁབ་ཆུང་ཤོས་ཅིག་ལུ་འགྱུར་ཡོདཔ་ཨིན། []

མོན་ཊེ་ནེ་གྲོ་གི་ས་ཆ་ ཡོངས་བསྡོམས་འདི་ ཀི་ལོ་མི་ཊར་གྲུ་བཞི་༡༣,༨༡༢ ཙམ་ཡོདཔ་ཨིན་མས། མོན་ཊེ་ནེ་གྲོ་འདི་ ཤར་ལྷོ་ཡུ་རོབ་ལུ་ བཱལ་ཀན་པེ་ནིན་སུ་ལ་ལུ་ ཆགས་ཡོདཔ་ཨིན། ས་མཚམས་ཚུ་ཡང་ ཀོ་རོ་ཨེ་ཡ་གིས་ནུབ་ཁ་ཐུག་ལུ་ བོསི་ནི་ཡ་དང་ཧར་ཛི་གོ་ཝི་ན་གིས་ བྱང་ནུབ་ཁ་ཐུག་ལུ་ དེ་ལས་བྱང་ཤར་ཁ་ཐུག་ལུ་ སེར་བྷི་ཡ་ དེ་བཟུམ་སྦེ་ ཤར་ལུ་ཀོ་སོ་ཝོ་དང་ ཤར་ལྷོ་ཁ་ཐུག་ལུ་ ཨཱལ་བྷ་ནི་ཡ་ཚུ་གིས་ མཐའ་སྐོར་ཏེ་འདུག། དེ་མ་ཚད་ ལྷོ་ནུབ་ཁ་ཐུག་ལུ་ ཨེ་ཌི་རི་ཡ་ཊིག་མཚོ་བདའ་སྟེ་ མཚོ་འགྲམ་ཡང་ཡོདཔ་ཨིན། མོན་ཊེ་ནེ་གྲོ་འདི་ རི་མཐོ་བའི་རྒྱལ་ཁབ་ཅིག་ཨིན་མས།[]

སྤྱི་ལོ་༢༠༢༥ སྤྱི་ཟླ་༣ པ་ཚུན་ཚོད་ མོན་ཊེ་ནེ་གྲོ་གི་ མི་རློབས་འདི་ ༦༣༤,༣༠༠ དེ་ཅིག་ཡོདཔ་ཨིན་མས། མི་རློབས་ཀྱི་སྟུག་ཚད་འདི་ ཀི་ལོ་མི་ཊར་གྲུ་བཞི་རེ་ལུ་ མི་ངོ་༤༧ དེ་ཅིག་ཡོདཔ་ད་ ཁྲོམ་ཚོགས་ནང་ བརྒྱ་ཆ་༦༨.༦༧ ཡོདཔ་ཨིན་མས། དེ་ལས་ མོན་ཊེ་ནེ་གྲོ་ལུ་ ཁོང་རའི་མི་རིགས་དང་ཆོས་ལུགས་ དེ་ལས་ ལམ་སྲོལ་གྱི་འབྲེལ་བ་ཚུ་ལུ་ གཞི་བཞག་སྟེ་ དབྱེ་བ་ཕྱེ་ཚུགསཔ་ཨིན། འདི་ནང་ སྡེ་ཚན་གཙོ་བོ་ཚུ་ཡང་ མོན་ཊེ་ནེ་གིརིན་འདི་ མི་རིགས་ཆེ་ཤོས་ཨིནམ་ད་ མི་རློབས་བརྒྱ་ཆ་༤༡.༡༢ ངོ་སྟོན་ཡོདཔ་ཨིན། སརཔསི་འདི་ མི་རིགས་མང་ཆེ་ཤོས་གཉིས་པ་ཨིནམ་ལས་ མི་རློབས་བརྒྱ་ཆ་༣༢.༩༣ གྱི་རྩིས་ཁྲ་སྟོན་ཏེ་འདུག། བོསི་ནི་ཡག་མི་རིགས་འདི་ཡང་ གལ་གནད་ཅན་གྱི་གྲངས་ཉུང་མི་རིགས་ཅིག་ཨིནམ་ད་ མི་རློབས་བརྒྱ་ཆ་༩.༤༥ ཡོདཔ་ཨིན་མས། དེ་ལས་གཞན་ ཨཱལ་བྷ་ནི་ཡ་ འདི་མི་རློབས་བརྒྱ་ཆ་༤.༩༧ ངོ་སྤྲོད་འབད་ཡོདཔ་ད་ ར་ཤི་ཡ་གྱི་མི་རློབས་བརྒྱ་ཆ་༢.༠༦ དེ་བཟུམ་སྦེ་ མུསི་ལིམ་ཚུ་ མི་རློབས་བརྒྱ་ཆ་༡.༦༣ ཡོདཔ་ཨིན་མས། []

མོན་ཊེ་ནེ་གྲོ་འདི་ ཁྲོམ་སྡེ་༢༣ ལུ་དབྱེ་སྟེ་ཡོདཔ་ད་ དེ་ནང་ རྒྱལ་ས་ལྟེ་བའི་ཁྲོམ་ཚོགས་ པོཌ་གྷོ་རི་ཙ་གི་ཁྲོམ་སྡེ་༢ ཡོདཔ་ཨིན་པས། མོན་ཊེ་ནེ་གྲོ་ལུ་ གཞུང་འབྲེལ་མངའ་སྡེ་མེད་རུང་ ཁྲོམ་སྡེ་ཚུ་གིས་ བདག་སྐྱོང་དབྱེ་ཁག་གཙོ་བོ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། དེ་ལས་ རྩིས་དཔྱད་ལུང་ཕྱོགས་ཀྱི་དོན་ལུ་ རྒྱལ་ཁབ་འདི་ ལུང་ཕྱོགས་གསུམ་ལུ་ དབྱེ་སྟེ་ཡོདཔ་ཨིན། དེ་ཚུ་ཡང་ མཚོ་འགྲམ་དང་ དབུས་ཕྱོགས་ དེ་ལས་ བྱང་ཕྱོགས་གསུམ་ཨིན་མས།

མོན་ཊེ་ནེ་གྲོ་འདི་ སྤྱི་ཚོགས་ཀྱི་ངོ་ཚབ་ དམངས་གཙོའི་སྤྱི་མཐུན་གྱི་ རྒྱལ་ཁབ་ཅིག་ཨིནམ་ལས་ འདི་ཡང་ སྲིད་དོན་ལམ་ལུགས་འདི་ དམངས་གཙོའི་གཞི་རྩ་དང་ སྤྱི་ཚོགས་ཀྱི་ངོ་ཚབ་ལུ་ གཞི་བཞག་སྟེ་ཨིན་མས། སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་དབུ་ཁྲིདཔ་ཅིག་ཨིནམ་ལས་ དབང་ཚད་མེད་རུང་ མཛད་སྒོ་གི་དབུ་ཁྲིདཔ་ཅིག་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན། ལོ་ལྔ་གི་རིང་ལུ་ མི་དམངས་ཀྱི་ཚོགས་རྒྱན་བཙག་འཐུ་འབད་དེ་ བསྐྱར་གསོ་འབད་ཚུགསཔ་ཨིན། []

བློན་ཆེན་འདི་ གཞུང་གི་འགོ་ཁྲིདཔ་དང་ བཀོད་ཁྱབ་དབང་ཚད་ཚུ་ཡོདཔ་ཨིན། སྤྱི་ཚོགས་ཀྱིས་ སྲིད་འཛིན་གྱིས་ གྲོས་འཆར་ཕུལ་མི་ལུ་ བསྐོ་བཞག་འབད་དོ་ཡོདཔ་ཨིན། མོན་ཊེ་ནེ་གྲོ་ལུ་ སྲིད་ཚོགས་མང་སུ་ཡོདཔ་ད་ ཚོགས་པ་ཚུ་ཡང་ དམངས་གཙོ་ཚོགས་པ་ དམངས་གཙོའི་མོན་ཊེ་ནེ་གྲོ་དང་ ཡུ་ནའི་ཊེཊ་རི་ཕོམ་ཨེག་ཤན་ དེ་ལས་ གཞན་མི་ཚོགས་པ་ཚུ་གིས་ འཕྲལ་འཕྲལ་རང་ མི་རིགས་གྱངས་ཁ་ཆོད་མི་དང་ ཡང་ན་ དམིགས་བསལ་ལྟ་བ་ཚུ་ ངོ་ཚབ་འབདཝ་ཨིན། ལམ་ལུགས་ཚུ་གིས་ དམངས་གཙོའི་ལམ་ལུགས་ལུ་ གུས་ཞབས་འབད་བའི་སྐབས་ གཞུང་གི་དབང་ཚད་ཀྱི་བར་ན་ འདྲ་མཉམ་སྦེ་ ངེས་གཏན་བཟོཝ་ཨིན་པས།

མོན་ཊེ་ནེ་གྲོ་གི་གཞུང་འབྲེལ་སྐད་ཡིག་འདི་ མོན་ཊེ་ནེ་གི་རིན་ཨིན་རུང་ གཞན་ སེར་བྷི་ཡན་ ཀོརོ་ཨེ་ཡཱན་ བོསི་ནི་ཡཱན་དང་ ཨཱལ་བེ་ནི་ཡཱན་ ཁ་སྐད་ཚུ་ཡང་ གཞུང་འབྲེལ་ཐོག་ལས་ ལག་ལེན་འཐབ་ཨིན། ཡིད་ཆེས་པའི་ ཡེ་ཤུ་པའི་ཆོས་ལུགས་འདི་ ཁྱབ་ཆེ་ཤོས་ཅིག་ཨིནམ་དང་ སར་བྷི་ཡན་ ཁས་ལེན་ལྟ་བའི་ ལྷ་ཁང་གིས་ འགན་ཁུར་གལ་ཅན་ཅིག་ འབག་ཡོདཔ་ཨིན། []དེ་མ་ཚད་ ཀེ་ཐོ་ལིག་དང་ མུསི་ལིམ་གི་མི་སྡེ་ཆུང་ཀུ་ཚུ་གིས་ མོན་ཊེ་ནེ་གྲོ་གི་ ལམ་སྲོལ་སྣ་ཚོགས་ཀྱི་བྱུང་རབས་ཚུ་ གསལ་སྟོན་འབདཝ་ཨིན།

རང་ལུགས་ མོན་ཊེ་ནེ་གི་རིན་སྙན་ཆ་ནང་ འཕྲལ་འཕྲལ་སྦེ་ར་ གཱསི་ལི་བཟུམ་གྱི་ རོལ་དབྱངས་ཚུ་ བཙུགས་ཏེ་ཡོདཔ་ཨིན། དེ་ལས་ རང་ལུགས་ཀྱི་གྱོན་ཆས་ ཐགས་རས་དང་ཕེ་ཟི་བཟུམ་སྦེ་ ད་ལྟོ་ཡང་ དམིགས་བསལ་གྱི་དུས་སྟོན་དང་ ལམ་སྲོལ་གྱི་དུས་སྟོན་ཚུ་ནང་ གྱོན་དོ་ཡོདཔ་ཨིན། དེ་མ་ཚད་ མོན་ཊེ་ནེ་གྲོ་གི་ཟས་རིགས་འདི་ མེ་ཌེ་ཊེ་རི་ནན་དང་ བལ་ཀཱན་གི་ བྲོ་བ་བསྲེས་སྦྱོར་འབདཝ་མ་ཚད་ གཞན་ མཚོ་ཁའི་བཞེས་སྒོ་དང་ ནང་འཁོད་ཀྱི་བཞེས་སྒོ་ཚུ་ཨིན་མས།

མོན་ཊེ་ནེ་གྲོ་གིས་ ས་གཏེར་གྱི་རིགས་ཚུ་ནང་ ཕྱུགཔོ་སྦེ་ཡོདཔ་ལས་ དམིགས་བསལ་གྱིས་ བཱའུ་སི་ཊི་འདི་ རྒྱལ་ཁབ་ཀྱི་ཕྱིར་ཚོང་ལུ་ ཕན་ཐོགས་སྦོམ་ཡོདཔ་ཨིན་མས། གཞན་ཡང་ གཏེར་རྫས་ རྡོ་སོལ་དང་ ལྕགས་རྡོ་ དེ་ལས་ ཟངས་ཚུ་ཨིན་པས། མོན་ཊེ་ནེ་གྲོ་ལུ་ ཆུ་གློག་མེ་གི་འོས་འབབ་སྦོམ་ཡོདཔ་ལས་ ཆུ་དང་ རི་ཁའི་ས་ཁོངས་ཚུ་གིས་ ནུས་ཤུགས་བཏོན་ནི་གི་གོ་སྐབས་བྱིནམ་ཨིན་མས། དེ་ལས་ ས་གཞི་བཅུད་ཅན་གྱིས་ ཤིང་འབྲས་དང་ཚོད་བསྲེ་ དེ་ལས་ ཏམ་ཁུ་ཚུ་བཟོ་སྐྲུན་འབད་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན་མས། དེ་མ་ཚད་ མཚོའི་མཐའ་མ་ལུ་ ལྟ་བཤལཔ་ཚུ་ མཚོ་འགྲམ་དང་ ལམ་སྲོལ་གྱི་སྲོལ་རྒྱུན་ དེ་ལས་ རང་བཞིན་གྱི་མཛེས་ཆ་ཚུ་ལུ་འོངམ་ཨིན། མོན་ཊེ་ནེ་གྲོ་གི་དཔལ་འབྱོར་འདི་ ཆུང་ཀུ་སྦེ་ཡོད་རུང་ ཞབས་ཏོག་དང་ དམིགས་བསལ་གྱིས་ ལྟ་བཤལ་དང་ ས་གཏེར་ དེ་ལས་ གློག་མེ་བཟུམ་གྱི་ རང་བཞིན་ཐོན་སྐྱེད་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་མས།[]

ཡུ་རོ་པིན་མཉམ་འབྲེལ་འདི་ མོན་ཊེ་ནེ་གྲོ་གི་ཚོང་འབྲེལ་མཉམ་འབྲེལ་པ་ སྦོམ་ཤོས་ཅིག་ཨིནམ་དང་ དམིགས་བསལ་གྱིས་ ཕྱིར་ཚོང་དང་ ནང་འདྲེན་གྱི་ནང་ལུ་ཡོདཔ་ཨིན། ལྟ་བཤལ་དང་འབྲེལ་བའི་ ཐོན་སྐྱེད་དང་ཞབས་ཏོག་ཚུ་གིས་ཡང་ ཕྱིར་ཚོང་ལུ་ ཕན་ཐོགས་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། རྒྱལ་ཁབ་ཀྱིས་ འཕྲུལ་ཆས་ སྣུམ་འཁོར་ ས་སྣུམ་དང་ ཟ་འཐུང་གི་ཐོན་སྐྱེད་ཚུ་ ནང་འདྲེན་འབདཝ་ཨིན་མས། གཞུང་གིས་ འཁོར་ལམ་དང་ གནམ་ཐང་ཚུ་རྩིས་ཏེ་ གཞི་རྟེན་མཐུན་རྐྱེན་ཚུ་ནང་ མ་རྩ་བཙུགས་ཏེ་ཚོང་འབྲེལ་གྱི་ མཐུད་སྦྲེལ་ཡར་དྲག་གཏང་ནི་ལུ་ མ་རྩ་བཙུགས་ཡོདཔ་ཨིན་མས། དེ་ལས་ སོ་ནམ་འདི་མོན་ཊེ་ནེ་གྲོ་གི་ ཚོང་འབྲེལ་ནང་ལུ་ གཞན་མི་གལ་ཅན་ཅིག་ཨིན་མས། རྒྱལ་ཁབ་འདི་གིས་ ཨོ་ལིབ་དང་ རྒུན་འབྲུམ་ དེ་ལས་ ཆུམ་གྱི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ཨིན་མས། ཟ་འཐུང་བཟོ་གྲྭ་འདི་ ས་གནས་ཀྱི་ཐོན་སྐྱེད་དང་ ཕྱིར་ཚོང་གཉིས་ཆ་ར་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།

རྒྱལ་ས་པོཌ་གྷོ་རི་ཙ།

མོན་ཊེ་ནེ་གྲོ་གི་ལྟེ་བ་འདི་ རྒྱལ་ཁབ་ཀྱི་སྲིད་དོན་དང་ལམ་སྲོལ་ དེ་ལས་ དཔལ་འབྱོར་གྱི་ ལྟེ་བ་ཅིག་སྦེ་ལཱ་འབད་མི་ པོཌ་གྷོ་རི་ཙ་འདི་ཨིན་མས། རྒྱལ་ས་པོཌ་གྷོ་རི་ཙ་འདི་ མོན་ཊེ་ནེ་གྲོ་གི་ལྟེ་བའི་ས་ཁོངས་ནང་ལུ་ ཆགས་ཏེ་ཡོདཔ་ད་ མ་ར་ཀཱ་དང་ རིབ་ནིཀཱ་རྩིས་ཏེ་ གཙང་ཆུ་ཚུ་གིས་ མཐའ་སྐོར་ཏེ་ཡོདཔ་མ་ཚད་ གཙང་ཆུ་འདི་ ཨེ་ཌི་ཡ་ཊི་མཚོའི་མཐའ་མ་དང་ རི་གཉིས་ཆ་ར་གི་ ཉེ་འདབས་ལུ་ཡོདཔ་ཨིན་མས། པོཌ་གྷོ་རི་ཙ་འདི་ དེང་སང་གི་ཁྲོམ་ཚོགས་གོང་འཕེལ་གིས་ བྱུང་རབས་ཕྱུགཔོ་སྦེ་སླ་བསྲེ་རྐྱབ་སྟེ་ ཡོདཔ་ཨིན་མས། དེ་མ་ཚད་ འཚོ་བའི་གནས་སྟངས་དང་ ས་གོ་ལྷོ་ལྡིང་ལྡི་ དེ་ལས་ ཡར་རྒྱས་འགྱོ་བའི་ ཟ་ཁང་གི་ལམ་སྲོལ་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན་མས།[]

མཇུག་བསྡུ།

བཱལ་ཀཱན་གི་རྒྱལ་ཁབ་ ཆུང་ཀུ་ཅིག་ཨིན་མི་ མོན་ཊེ་ནེ་གྲོ་འདི་ རང་བཞིན་གྱི་ས་ཆའི་གནས་སྟངས་དང་ བྱུང་རབས་ཀྱི་མཛེས་ཆ་ དེ་ལས་ གཞན་དང་མ་འདྲ་བའི་ ལམ་སྲོལ་གྱི་ངོ་རྟགས་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། ཨེ་ཌི་ཡ་ཊི་མཚོ་གི་མཐའ་མར་ ཆགས་ཏེ་ཡོད་མི་མོན་ཊེ་ནེ་གྲོ་གིས་ རི་བོ་དང་ མཚོའི་མཐའ་མ་ དེ་ལས་ དུས་རབས་བར་མའི་ཁྲོམ་ཚོགས་ཚུ་ ལྟ་བཤལཔ་གི་ ས་གོ་ཅིག་ལུ་འགྱུར་ཡོདཔ་ཨིན། རྒྱལ་ཁབ་འདི་གི་ དཀའ་ངལ་དང་གདོང་ལེན་ཡོད་རུང་ ཐབས་བྱུས་ཀྱི་ས་གནས་དང་ དེང་སང་གི་དུས་ལུ་ བརྩོན་ཤུགས་སྐྱེད་མི་འདི་གིས་ བཱལ་ཀཱན་ལུ་རྒྱལ་ཁབ་འདི་ ཡར་རྒྱས་འགྱོ་དོ་ཡོདཔ་ཨིན།

རྒྱབ་རྟེན་དཔེ་དེབ།

  1. ༡.༠ ༡.༡ ༡.༢ ༡.༣ (https://en,m,wikipedia.org/wiki/Montenegro)
  2. ༢.༠ ༢.༡ (https://www.worldometers.info/world-population/montenegro-population/)
  3. (https://en,m,wikipedia.org/wiki/Languages_of_Montenegro)
"https://dz.wikipedia.org/w/index.php?title=མོན་ཊེ་ནེ་གྲོ།&oldid=38458" ལས་ སླར་འདྲེན་འབད་ཡོདཔ།