མོལ་དོ་བྭ།
ངོ་སྤྲོད།
མོལ་དོ་བྭ་འདི་ ཤར་ཕྱོགས་ཡུ་རོབ་ལུ་ཡོད་པའི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། རྒྱལ་ཁབ་འདི་ རྒྱལ་རབས་ཀྱི་ཕྱུགཔོ་དང་ ལམ་སྲོལ་ དེ་ལས་ མཛེས་ལྗོངས་ཀྱི་ས་ཆའི་གནས་སྟངས་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། མོལ་དོ་བྭ་གི་ས་ཁོངས་འདི་ དང་ཕུ་ལས་རང་སྡོད་ཡོདཔ་ད་ རོ་མཱན་རྒྱལ་ཁམས་དང་ མོལ་དོ་བྭེ་ཡ་ དེ་ལས་ ཨོ་ཊ་མཱན་རྒྱལ་ཁམས་ཚུ་རྩིས་ཏེ་ མངའ་སྡེ་མ་འདྲཝ་ཚུ་གི་ཆ་ཤས་ཅིག་ཨིན། དུས་རབས་༡༩ པའི་ནང་ མོལ་དོ་བྭ་མང་ཤོས་ཅིག་རང་ ར་ཤི་ཡའི་རྒྱལ་ཁམས་ཀྱི་ཆ་ཤས་ཅིག་ལུ་འགྱུར་ནུག། དེ་ལས་ སྤྱི་ལོ་༡༩༡༨ ལུ་རང་དབང་གི་དུས་ཡུན་ཐུང་ཀུ་ཅིག་གི་ཤུལ་ལས་ སྤྱི་ལོ་༡༩༤༠ ལུ་སོ་ཝེཊ་ཡུ་ནི་ཡན་གྱིས་ དབང་དུ་བསྡུ་བའི་ཧེ་མ་ རོ་མ་ནི་ཡ་དང་གཅིག་ཁར་ མཉམ་འབྲེལ་འབད་ནུག། མོལ་དོ་བྭ་གིས་ སྤྱི་ལོ་༡༩༩༡ སྤྱི་ཟླ་༨ པའི་སྤྱི་ཚེས་༢༧ ལུ་སོ་ཝེཊ་ཡུ་ནི་ཡན་ལས་ རང་དབང་གསལ་བསྒྲགས་འབད་ནུག།
མོལ་དོ་བྭ་གི་ས་ཆའི་རྒྱ་ཁྱོན་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༣༣,༨༤༦༼མའིལ་གྲུ་བཞི་༡༣,༠༦༨༽ ཨིན། རྒྱལ་ཁབ་འདི་ ཤར་ཕྱོགས་ཡུ་རོབ་ཀྱི་ཐང་ནང་ལུ་ཆགས་ཏེ་ཡོདཔ་ད་ གངས་རི་དང་ ས་ཞིང་ལེགས་ཤོམ་ དེ་ལས་ ནིསི་ཊར་དང་ པོརཊ་གཙང་ཆུ་ཚུ་གིས་ ཁྱད་ཆོས་བཏོནམ་ཨིན། ས་ཆའི་ཆགས་ཡུལ་འདི་འབད་བ་ཅིན་ རོ་མ་ནི་ཡ་གིས་ ནུབ་ཕྱོགས་དང་ བྱང་དང་ཤར་ དེ་ལས་ ལྷོ་ཕྱོགས་ལུ་ ཡུ་ཀེ་རེན་གྱིས་མཐའ་བསྐོར་ཏེ་ཡོདཔ་ཨིན།
སྤྱི་ལོ་༢༠༢༥ལུ་ མོལ་དོ་བྭ་ནང་མི་རློབས་ ས་ཡ་༢.༥ ཙམ་ ཡོདཔ་སྦེ་ཚོད་དཔག་སྟེ་འདུག། མི་རློབས་བསྡོམས་རྩིས་ བརྒྱ་ཆ་༠.༠༣༦ གི་འཛམ་གླིང་མི་འབོར་དང་འདྲ་མཉམ་ཡོདཔ་ད་ མི་རློབས་ལས་བརྟེན་ མོལ་དོ་བྭ་འདི་ རྒྱལ་ཁབ་ཚུ་གི་ཐོག་ཡིག་ནང་ ཨང་༡༣༩ པ་ནང་ཚུད་ཡོདཔ་ཨིན། དེ་ལས་ རྒྱལ་ཁབ་ནང་ མི་རློབས་ཀྱི་སྟུག་ཚད་འདི་ གྲུ་བཞི་ཀི་ལོ་མི་ཊར་རེ་ལུ་ མི་༩༡ ཨིན་མས། མི་རིགས་སྡེ་ཚན་ཚུ་ཡང་ མོལ་དོ་བྭན་༼རོ་མ་ནི་ཡན༽ ཡུ་ཀེ་རེན་ ར་ཤི་ཡན་ གཱ་གཱ་ཟི་ བལ་གཱ་རི་ཡན་དང་ གཞན་ཚུ་ཨིན་པས། དེ་ཚུ་གི་ནང་ལས་ མོལ་དོ་བྭན་༼རོ་མ་ནི་ཡན༽ མི་རིགས་འདི་སྦོམ་ཤོས་དང་ གལ་གནད་ཅན་གྱི་ཆ་ཤས་ཅིག་ཨིན། གཞན་སྡེ་ཚན་ཚུ་ཡང་ གྱངས་ཁ་ཉུང་ཤོས་ཨིན་རུང་ རང་སོའི་ལུང་ཕྱོགས་དང་འཁྲིལ་ གལ་གནད་ཅན་སྦེ་རང་བརྩི་འཇོག་འབད་དེ་འདུག།
མོལ་དོ་བྭ་ལུ་མངའ་སྡེ་མེད་རུང་ དེ་གི་ཚབ་ལུ་རྫོང་ཁག་༣༢་ཁྲོམ་སྡེ་༣ དེ་ལས་ རང་དབང་མངའ་ཁོངས་ཀྱི་སྡེ་ཚན་༢་ལུ་དབྱེ་སྟེ་ཡོདཔ་ཨིན། ཁྲོམ་སྡེ་༣ ཡང་ ཀི་ཤི་ནཱཝ་༼རྒྱལ་ས་ལྟེ་བ༽ བལ་ཊི་དང་ བེན་ཌར་ཚུ་ཨིན། དེ་བཟུམ་སྦེ་ རང་དབང་མངའ་ཁོངས་སྡེ་ཚན་འདི་ གཱ་གཱ་ཛི་ཡ་དང་ ཊརན་སི་ནིསི་ཊི་ཡ་ཨིན་རུང་ མངའ་ཁོངས་འདི་ རྒྱལ་སྤྱི་ནང་ངོས་འཛིན་མ་འབད་བར་ རང་གིས་རང་བཤད་ཡོདཔ་སྦེ་ཨིན་མས།
མོལ་དོ་བྭ་འདི་ སྤྱི་ཚོགས་ཀྱི་སྤྱི་མཐུན་རྒྱལ་ཁབ་ཅིག་ཨིན། སྲིད་འཛིན་འདི་ རྒྱལ་ཁབ་ཀྱི་འགོ་ཁྲིདཔ་དང་ བློན་ཆེན་འདི་གཞུང་གི་འགོ་དཔོན་སྦེ་ ཕྱག་ཞུ་དོ་ཡོདཔ་ཨིན་རུང་ སྲིད་འཛིན་ལུ་ གལ་ཆེ་བའི་དབང་ཆ་ཚུ་མེདཔ་ཨིན། དེ་ལས་ བཀོད་ཁྱབ་དབང་ཚད་འདི་ གཞུང་གིས་ལག་ལེན་འཐབ་ནི་དང་ ཁྲིམས་བཟོའི་དབང་ཚད་འདི་ སྤྱི་ཚོགས་ནང་བསྟོད་པ་ཕུལ་ཡོདཔ་ཨིན། དེ་བཟུམ་སྦེ་ དྲང་དཔོན་འདི་ བཀོད་ཁྱབ་དང་ཁྲིམས་བཟོ་ལས་རང་དབང་ཡོདཔ་ཨིན།
གཞུང་འབྲེལ་གྱི་ཁ་སྐད་འདི་ རོ་མ་ནི་ཡན་གི་སྐད་ཡིག་ཨིནམ་ད་ ལམ་སྲོལ་འདི་ཡང་ རོ་མ་ནི་ཡན་གྱི་ལམ་སྲོལ་ནང་ལུ་ རྩ་བ་བཙུགས་ཏེ་ཡོདཔ་ད་ སི་ལ་ཝིག་དང་ ར་ཤི་ཡ་གི་ལམ་སྲོལ་ལས་ཤན་ཞུགས་འབད་དེ་ཡོདཔ་ཨིན། མོལ་དོ་བྭ་འདི་ རང་ལུགས་ཀྱི་སྔར་སྲོལ་དང་ སྙན་ཆ་ ཞབས་ཁྲ་ དེ་ལས་ རང་ལུགས་ཀྱི་ལག་བཟོ་ཚུ་གི་དོན་ལུ་ཡོངས་གྲགས་ཡོདཔ་ཨིན། དེ་བཟུམ་སྦེ་ རྒྱལ་ཁབ་འདི་ནང་ ཆང་བཟོ་ནི་གི་ལམ་སྲོལ་སྒྲིང་སྒྲིང་ཡོདཔ་ལས་ སྤུས་ཚད་ཅན་གྱི་ཆང་རིགས་ཚུ་རྒྱལ་སྤྱིའི་ཐོག་ལས་ངོས་ལེན་འབད་ཚུགསཔ་ཨིན། དེ་མ་ཚད་ རྒྱལ་ཁབ་ནང་སྤྱི་ཟླ་༣ པའི་ནང་ མར་ཊི་སོར་དུས་སྟོན་དང་ སྤྱི་ཟླ་༡༠ པའི་ནང་ ཆང་རིགས་ཀྱི་དུས་སྟོན་ཚུ་ཡང་ བརྩི་སྲུང་འབད་དོ་ཡོདཔ་ཨིན་པས། རང་ལུགས་ཀྱི་གྱོན་ཆས་འདི་ཡང་ བགོ་ལ་ཐགས་ཏེ་ སྒོང་ཕྲུག་དང་བཅས་པ་ ཨལ་ཊི་ཊ་ཟེར་ མོལ་དོ་བྭན་ལམ་སྲོལ་གྱི་སྲོལ་རྒྱུན་གྱི་ཆ་ཤས་ ཡུ་ནིསི་ཀོ་གིས་ དངོས་ལེན་ལམ་སྲོལ་གྱི་སྲོལ་རྒྱུན་ཅིག་ཨིན། དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་ཟས་རིགས་འདི་ མཐུན་རྐྱེན་མ་འདྲཝ་དང་ བཞེས་སྒོའི་རིགས་ཚུ་ས་གནས་ཀྱི་ རྒྱུ་ཆ་གསརཔ་ལག་ལེན་འཐབ་ཨིན།
མོལ་དོ་བྭ་འདི་ ཡུ་རོབ་ཀྱི་རྒྱལ་ཁབ་དབུལ་ཕོངས་ཚུ་ལས་གཅིག་ཨིནམ་ད་ དེ་ཡང་ སོ་ནམ་དང་ ཆང་གི་ཐོན་སྐྱེད་ དེ་ལས་ འོད་ཀྱི་བཟོ་གྲྭ་ཚུ་ལུ་གཞི་བཞག་སྟེ་ དཔལ་འབྱོར་ཡོདཔ་ཨིན། གལ་ཆེ་བའི་ལོ་ཐོག་ དཔེར་ན་ རྒུན་འབྲུམ་ ཀར་ གེ་ཟ་ ནག་དང་ ཉིམ་གང་ཤར་མེ་ཏོག་གི་སོན་ཚུ་ཨིན། ཤིང་འབྲས་དང་ ཚོད་བསྲེ་ཚུ་ཡང་ ཨེ་པཱལ་ ཅུ་གླི་དང་ ཅེ་རི་ དེ་ལས་བླམ་བན་ད་ཚུ་གལ་ཅན་ཅིག་ཨིན་མས། དེ་ལས་ ཕྱི་རྒྱལ་ལུ་མོལ་དོ་བྭན་ མང་ཤོས་ཅིག་གིས་ལཱ་འབདཝ་ལས་ དངུལ་བཏང་མི་འདི་གིས་ རྒྱལ་ཡོངས་དཔལ་འབྱོར་ལུ་ ཕན་ཐོགས་སྦོམ་སྦེ་རང་འབྱུང་དོ་ཡོདཔ་ཨིན། དེ་མ་ཚད་ བརྡ་དོན་འཕྲུལ་རིག་དང་ བསྐྱར་གསོ་འབད་བཏུབ་པའི་ ནུས་ཤུགས་ དེ་ལས་ སོ་ནམ་ཚུང་འབྲེལ་ལས་སྡེ་ཚུ་ནང་ ཕྱི་རྒྱལ་ལས་ ཐད་ཀར་མ་རྩ་གཞི་བཙུགས་ཚུ་ འཐོབ་ཚུགས་པའི་ འབད་བརྩོན་ཚུ་འབད་དོ་ཡོདཔ་ཨིན།
དེ་ལས་ ཚོང་འབྲེལ་ཚུ་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་ནང་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན། མོལ་དོ་བྭ་གིས་ ཡུ་རོ་པིན་མཉམ་འབྲེལ་དང་ དམིགས་བསལ་གྱིས་ རོ་མ་ནི་ཡ་ ཨི་ཊ་ལི་ ཇར་མ་ནི་དང་ པོ་ལེནཌ་ དེ་ལས་ ར་ཤི་ཡ་དང་ སི་ཨེའི་ཨེསི་རྒྱལ་ཁབ་གཞན་ཚུ་ནང་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་དོ་ཡོདཔ་ཨིན། སོ་ནམ་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཆང་དང་ ཤིང་འབྲས་ ཚོད་བསྲེ་ ཉིམ་གང་ཤར་མེ་ཏོག་དང་ འབྲུ་སྣ་ཚུ་ དབང་ཤུགས་ཆེཝ་སྦེ་བཟོཝ་ཨིན། བཟོ་སྦྱོར་གྱི་ཟ་འཐུང་དང་ བགོ་ལ་ཚུ་ཡང་ གལ་གནད་ཅན་ཅིག་ཨིན། དེ་མ་ཚད་ རྒྱལ་ཁབ་འདི་གིས་ རོ་མ་ནི་ཡ་ ཡུ་ཀེ་རེན་དང་ རྒྱ་ནག་ དེ་ལས་ ཇར་མ་ནི་ལས་ ཅ་ཆས་ཚུ་ནང་འདྲེན་འབདཝ་ཨིན། ནང་འདྲེན་གཙོ་བོ་འདི་ཚུ་ཡང་ འཕྲུལ་ཆས་དང་ སྣུམ་འཁོར་ ས་གཏེར་གྱི་ཐོན་སྐྱེད་ དེ་ལས་ རྫས་སྦྱོར་གྱི་ཐོན་སྐྱེད་ཚུ་ཨིན་པས། དེ་བཟུམ་སྦེ་ གློག་རིག་ཚོང་འབྲེལ་ལས་སྡེ་འདི་ ཡར་སེང་འགྱོ་དོ་ཡོདཔ་ལས་ མོལ་དོ་བྭ་གིས་ རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོང་འབྲེལ་གྱི་དོན་ལུ་ ཡོངས་འབྲེལ་གྱི་ས་སྒོ་ཚུ་ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
རྒྱལ་ས་ཀི་ཤི་ནཱཝ།
ཀི་ཤི་ནཱཝ་འདི་ མོལ་དོ་བྭ་གི་རྒྱལ་ས་དང་ གྲོང་ཁྱེར་ཆེ་ཤོས་ དེ་ལས་ ཆབ་སྲིད་དང་ དཔལ་འབྱོར་ དེ་བཟུམ་སྦེ་ ལམ་སྲོལ་ལྟེ་བ་ཅིག་ཨིན། གཙང་ཆུའི་མཐའ་མ་ལུ་ཡོད་པའི་ ཀི་ཤི་ནཱཝ་ལུ་ མི་རློབས་༥༠༠,༠༠༠ ལྷགཔ་ཅིག་ཡོདཔ་ཨིན། ཁྲོམ་ཚོགས་འདི་ སོ་ཝེཊ་གི་དུས་སྐབས་ཀྱི་བཟོ་རིགས་དང་ སྔོ་ལྗང་ལེ་ཤ་ཡོད་མི་ལས་བརྟེན་ཏེ་ ཡོངས་གྲགས་ཐོན་ཏེ་ཡོདཔ་དང་ འཕྲལ་འཕྲལ་རང་ ལྗང་ཁུ་ཁྲོམ་ཟེར་སླབ་ཨིན། ཀི་ཤི་ནཱཝ་འདི་ མོལ་དོ་བྭ་གཞུང་དང་བདག་སྐྱོང་གི་ལྟེ་བ་ཅིག་ཨིནམ་ད་ འགྲེམས་སྟོན་ཁང་དང་ གློག་བརྙན་ཁང་ དེ་ལས་ ཤེས་རིག་གི་གཙུག་སྡེ་ལེ་ཤ་ཅིག་གི་ ལྟེ་བ་ཅིག་ཨིན། ངོ་རྟགས་གཙོ་བོ་ཚུ་ཡང་ སྐྱེས་སྐར་གྱི་ཡེ་ཤུའི་ལྷ་ཁང་དང་ རྒྱལ་ཁ་བརྩི་སྲུང་གི་གཞུ་ དེ་ལས་ ཨེསི་ཊི་ཕེན་སིལ་མ་རེ་གླིང་ག་ཚུ་ཨིན། རྒྱལ་རབས་ཀྱི་འུར་ཟིང་དྲག་པོའི་ལོ་རྒྱུས་ཡོད་རུང་ ཀི་ཤི་ནཱཝ་འདི་ ཡར་རྒྱས་དང་ དེང་སང་གི་གནས་སྟངས་ནང་ བཞག་སྟེ་ ལམ་སྲོལ་གྱི་སྲོལ་རྒྱུན་ཚུ་ བདག་འཛིན་འཐབ་དོ་ཡོདཔ་ཨིན།
མཇུག་བསྡུ།
ཤར་ཕྱོགས་ཡུ་རོབ་ལུ་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་མི་ མོལ་དོ་བྭ་འདི་ ལམ་སྲོལ་དང་ བྱུང་རབས་ དེ་ལས་ རང་བཞིན་གྱི་མཛེས་སྡུག་ཚུ་གིས་ ཕྱུགཔོ་སྦེ་ཡོད་མི་ རྒྱལ་ཁབ་ཅིག་ཨིན། འདི་ཡང་ མཛེས་སྡུག་ཅན་གྱི་ས་ཆའི་ཆགས་ཚུལ་དང་ རང་ལུགས་ཀྱི་ཆང་བཟོ་ནི་ དེ་ལས་ མི་སྡེའི་ལམ་སྲོལ་ཚུ་ལུ་བརྟེན་ཏེ་ ཡོངས་གྲགས་ཡོདཔ་ཨིན། སྤྱི་ལོ་༡༩༩༡ ལུ་ སོ་ཝེཊ་ཡུ་ནི་ཡན་ལས་ རང་དབང་ཐོབ་པའི་ཤུལ་ལས་ མོལ་དོ་བྭ་གིས་ དཔལ་འབྱོར་དང་སྲིད་དོན་གྱི་གདོང་ལེན་སྦོམ་སྦེ་རང་བྱུང་ཡོདཔ་ཨིན་རུང་ དམངས་གཙོའི་རིང་ལུགས་ཀྱི་ བསྐྱར་ཞིབ་ནང་ ཡུ་རོ་པིན་ཡུ་ནི་ཡན་དང་ ཅིག་ཁར་ མཐུན་ལམ་དམ་ཟབ་བཟོ་སྟ་འདུག། དེ་འབདཝ་ལས་ མོལ་དོ་བྭ་འདི་ འོས་འབབ་སྦོམ་ཡོད་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ མ་འོངས་པའི་དོན་ལུ་ལམ་སྲོལ་ཕྱུགཔོ་ཚུ་ འདྲ་མཉམ་བཟོཝ་ཨིན།
རྒྱབ་རྟེན་དཔེ་དེབ།
(https://www.britannica.com/place/Moldova)
(https://www.worldometers.info/world-population/moldova-population/#google_vignette)
(https://www.britannica,com/place/Moldova/people)
(https://chatgpt.com/c/67dfb836-1c08-800b-bf0d-ec32d758b9d7)
(https://en.m.wikipedia.org/wiki/Politics_of_Moldova)
(https://en.m.wikipedia.org/wiki/Culture_of_Moldova)