Jump to content

ཞི་ཨཱན། རྒྱ་ནག། Xian, China

Wikipedia ལས།

༉ ཞི་ཨཱན་འདི་ ཤཱན་ཞི་མངའ་སྡེའི་ཁྲོམ་ཚོགས་ཀྱི་ལྟེ་བ་ཅིག་ཨིན། ཁྲོམ་དེ་ནུབ་བྱང་གི་དབུས་ཕྱོགས་ལུ་ཆགས་ཏེ་ཡོདཔ་ཨིན། ཁྲོམ་སྦོམ་དེ་སྤྱི་ལོ ༢༠༡༡ ལུ་མི་རློབས་ ས་ཡ་དྲུག་ཡོདཔ་སྦེ་བཀོད་ཡོདཔ་ཨིན། སྤྱི་ལོ་ ༢༠༢༠ གི་སྙན་ཞུ་དང་འཁྲིལཝ་ད་ ཁྲོམ་བརྩིས་ཏེ་ མི་རློབས་ས་ཡ་  ༡༢.༩༥ ཡོདཔ་སྦེ་ཨིན་པས། []ཁྲོམ་ཚོགས་འདི་ཊེ་རི་ཀོ་ཊ་དམག་མི་ཚུ་ཡོད་སའི་ཡོངས་གྲགས་ཅན་གི་ཁྲོམ་ཚོགས་ཅིག་ཨིན་པས། དེ་ཡང་ རྒྱ་ནག་གི་རྒྱལ་ཆེན་དང་པ་ ཀུའིན་ཤི་ཧུཝང་གི་པུར་ཁང་ནང་ཡོདཔ་ཨིན། ཞི་ཨཱན་ཟེར་བའི་མིང་གི་དོན་དག་འདི་ ནུབ་ཕྱོགས་ཀྱི་ཕོ་བྲང་ཟེར་བའི་དོན་ཨིན་པས། དང་ཕུ་མིང་རྒྱལ་ཁམས་སྡོད་པའི་སྐབས་ རྒྱལ་ཁམས་དེའི་ནུབ་ཕྱོགས་ལུ་ཡོད་མི་ལས་བརྟེན་ མིང་དེ་སྦེ་བཏགས་བཏགསཔ་ཨིན་པས། ཁྲོམ་སྡེ་འདི་ལུ་ རྫོང་ཁག་ ༡༠ དང་ཚོ་ཁག་ ༣ ནང་བགོ་ཡོདཔ་ཨིན། []ཁྲོམ་ཚོགས་ཡོད་སར་ སྔོན་དང་ཕུའི་རྒྱ་རྒྱ་ནག་གི་མི་ཚུ་གིས་ གཙང་ཆུ་སེརཔོ་གི་ལུང་གཤོང་ལུ་མི་རབས་ཆགས་སའི་འབྱུང་ཁུངས་ཅིག་སྦེ་རྩི་དོ་ཡོདཔ་ཨིན། []

སྤྱི་ལོ་ ༡༩༩༠ གོ་གྲངས་ལུ་ རྒྱ་ནག་གི་ནུབ་ཕྱོགས་ཡར་རྒྱས་ཀྱི་ལས་རིམ་གྱི་དོན་ལུ་དྲག་ཤོས་ཅིག་སྦེ་འབད་མིའི་ཁྲོམ་ཅིག་ཨིན་པས། དེ་འབདཝ་ལས་ ནུབ་བྱང་དབུས་ཀྱི་དཔལ་འབྱོར་དང་ ལམ་སྲོལ་ ཤེས་ཡོན་གཙུག་སྡེ་ཚུ་གི་ལྟེ་བ་ཅིག་སྦེ་ཡོདཔ་ཨིན། དེ་ཡང་ ཆེ་རིམ་ཤེས་ཡོན་གྱི་ལྟེབ་ཅིག་ཨིནམ་དང་ གཙུག་ལག་སློབ་སྡེ་དང་མཐོ་རིམ་སློབ་གྲྭ ༦༠ དེ་ཅིག་ཡོདཔ་ཨིན་པས། []དེ་བཟུམ་སྦེ་ ཁྲོམ་ནང་མཁའ་འགྲུལ་དང་གྲུ་ དེ་ལས་སྐྱེལ་འདྲེན་བཱསི་གི་འགྲུལ་སྐྱོད་ཀྱི་ཞབས་ཏོག་ཡོདཔ་ཨིན། ཁྲོམ་ཁར་ཕྱི་རུ་བེལ་ཀ་རིང་གི་མཐའ་རི་སྐོར་ཆ་ལུ་ མཐོང་སྣང་དང་ལས་རིམ་སྣ་ཚོགས་ཚུ་སྟོན་སར་ མཐོང་ཚུགས་ནི་ཨིནམ་དང་ དེང་སང་གི་སྤྲོ་སྟོན་ཁང་ཚུ་ཡང་ཡོདཔ་ཨིན། དེ་ལས་ཉོ་ཚོང་རྐྱབ་ནི་གི་ཁྲོམ་དང་ཚོང་ཁང་སྦོམ་ཚུ་ཡང་ཡོདཔ་ཨིན། དེ་བཟུམ་སྦེ་ནང་འཁོད་ལས་འཐོན་པའི་བཞེས་སྒོ་ཚུ་ཡང་འཐོབ་ཚུགས་ནི་ཨིནམ་མ་ཚད་ ཕྱི་རྒྱལ་གྱི་བཞེས་སྒོ་ཚུ་ཡང་འཐོབ་དོ་ཡོདཔ་ཨིན་པས།[]

ཁྲོམ་ཚོགས་འདི་འཛམ་གླིང་གི་ལྟ་བཤལ་འོང་སའི་ས་གནས་ཡོངས་གྲགས་ཅན་ཅིག་ཨིན་པས། ཁྲོམ་གྱི་ཡིད་འཕྲོག་པའི་གཞི་ཡང་ སྔར་སྲོལ་གྱི་བྱུང་རབས་དང་དངོས་ཅན་གྱི་ལམ་སྲོལ་དང་ཅ་དོངས་ འགྲེམས་སྟོན་ཁང་ འཁྲབ་སྟོན་ལས་རིམ་ རི་དང་འབབ་ཆུ་ཚུ་ཨིན་པས། [] 

རྒྱབ་གཏེན་དཔེ་དེབ།

  1. ཝི་ཀི་པི་ཌི་ཡ། (༢༠༢༣) ཞི་ཨཱན། https://en.wikipedia.org/wiki/Xi%27an  ནང་ལས་ཐོབ་ཡོདཔ་ཨིན།
  2. ཝི་ཀི་པི་ཌི་ཡ། (༢༠༢༣) ཞི་ཨཱན། https://simple.wikipedia.org/wiki/Xi%27an ནང་ལས་ཐོབ་ཡོདཔ་ཨིན།
  3. 1 2 ཊེ་ཝཱལ་ཅཱའེ་ན་གའེཌ། ཞི་ཨཱན་ལུ་འགྲོ་འགྲུལ་གྱི་ལམ་སྟོན། (༢༠༢༣) ཞི་ཨཱན། https://www.travelchinaguide.com/cityguides/xian.htm  ནང་ལས་ཐོབ་ཡོདཔ་ཨིན།
  4. བིརི་ཊ་ནི་ཀ། (ལོ་མེད།) ཞི་ཨཱན། https://www.britannica.com/place/Xian-China ནང་ལས་འཐབ་ཡོདཔ་ཨིན།་
  5. ཅཱའེ་ན་ཧའེ་ལའེཊསི། (ལོ་མེད།) ཟ་ཡཱན་ལུ་འགྱོ་མ་མྱོངམི་ཚུ་གི་དོན་ལུ་ཤེས་དགོཔ་ ༨ ། https://www.chinahighlights.com/xian/xian-facts.htm ནང་ལས་ཐོབ་ཡོདཔ་ཨིན།