ཟིམ་བབ་ཝེ། Zimbabwe
ས་ཁོངས་དང་སྦོམ་ཚད།

ཟིམ་བབ་ཝེ་འདི་ ཨཕ་རི་ཀ་གི་ལྷོ་ཕྱོགས་ཁ་ཐུག་ལུ་ཆགས་ཡོད་པའི་ ས་མཚམས་ནང་ཚུད་པའི་རྒྱལ་ཁབ་ཅིག་ཨིནམ་དང་ ཧ་ལམ་གྲུ་བཞི་ ཀི་ལོ་མི་ཊར་༣༩༠༧༥༧ཁྱབ་སྟེ་ ཡོདཔ་ཨིན་མས། རྒྱལ་ཁབ་འདི་གི་ ས་མཚམས་ཡང་ ཛམ་བི་ཡ་ (Zambia) དང་ མོ་ཟམ་བིག་ (Mozambique) དེ་ལས་ ལྷོ་ཨཕ་རི་ཀ་དང་ བོཊས་ན་ (Botswana ) ཚུ་དང་མཐུད་དེ་ཡོདཔ་ཨིན། ས་ཆའི་ཆགས་ཚུལ་རྒྱ་ཆེ་དྲགས་ཀྱི་གྲངས་སུ་ སཱ་བཱ་ནཱ་དང་ གངས་རི་ དེ་ལས་གཙང་ཆུ་ ཟམ་བི་ཛི་དང་ ལིམ་པོ་ ལ་སོགས་པ་ཚུ་ཚུདཔ་ཨིན་མས།
ཧཱ་རཱ་རེ། Harare. The Capital City of Zimbabwe.

ཧཱ་རཱ་རེ་འདི་ ཟིམ་བབ་ཝེ་གི་ རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ་སྦོམ་ཤོས་ཅིག་ཨིན་མས། འདི་གིས་རྒྱལ་ཁབ་ཀྱི་སྲིད་དོན་ དཔལ་འབྱོར་དང་ ལམ་སྲོལ་གྱི་ ལྟེ་བ་སྦེ་ ཕྱག་ལཱ་མཛད་ས་ཨིན་མས། རྒྱལ་ཁབ་འདི་ བྱང་ཤར་ཁ་ཐུག་ལུ་ མཐོ་ཚད་མི་ཀྲར་༡༤༨༣ ལུ་ཆགས་ཏེ་ཡོདཔ་དང་ འདི་གི་ས་སྒོ་འདི་ ཀི་ལོ་མི་ཀྲར་༩༦༠.༦ དེ་ཅིག་ཡོདཔ་ཨིན་མས། སྤྱི་ལོ་༡༨༩༠ལུ་ (British South Africa) ལས་སྡེ་གིས་ (Fort Salisbury) ཟེར་གཞི་བཙུགས་འབད་ཡོདཔ་དང་ སྤྱི་ལོ་ ༡༩༨༢ སྤྱི་ཟླ་༤པའི་སྤྱི་ཚེས་༡༨ལུ་ ཛིམ་བཱ་བཱབ་བི་ རང་དབང་ཐོབ་པའི་ལོ་འཁོར་གཉིས་པ་དུས་སྟོན་བརྩི་སྲུང་འབད་ནི་གི་དོན་ལས་ མིང་འདི་ (Harare) ཟེར་བཏགས་ ཡོདཔ་ ཨིན། སྤྱི་ལོ་༢༠༢༢ ལུ་ ཧ་རཱ་རི་གི་མི་རློབས་འདི་ ས་ཡ་༢.༤ དེ་ཅིག་ཡོདཔ་སྦེ་ ཚོད་དཔག་འབད་ཡོདཔ་ཨིན་མས།
མང་ཆེ་བ་ཡེ་ཤུའི་ཆོས་ལུགས་དང་ ཨེང་ལི་ཀཱན་ ཀེ་ཐོ་ལིག་ དེ་ལས་ པེན་ཊི་ཀོསི་ཊལ་ཆོས་ལུགས་ ཚུ་ཡོདཔ་ལས་ ཁྲོམ་ཚོགས་འདི་གིས་ རང་ལུགས་ཀྱི་ ཡིད་ཆེས་ ཚུ་ཡང་ ངོས་ལེན་འབདཝ་ཨིན་མས། ཨིང་སྐད་འདི་ གཞུང་འབྲེལ་གྱི་སྐད་ཡིག་ཨིན་རུང་ ཤོ་ན་དང་ ནེ་ཌེ་བེ་ལི་གཉིས་ ཁྱབ་ཆེཝ་སྦེ་སླབ་སྲོལ་ཡོདཔ་ཨིན་མས། རང་ལུགས་ཀྱི་ གྱོན་ཆས་འདི་ དཀོན་དྲགས་ཅིག་ཨིནམ་ལས་ ནུབ་ཕྱོགས་ཀྱི་གྱོན་ཆས་འདི་ ཁྱབ་ཆེཝ་སྦེ་གྱོན་དོ་ཡོདཔ་ཨིན་མས།
རྒྱལ་ས་ལྟེ་བ་འདི་ནང་ ཟིམ་བབ་ཝེ་གི་ ཤེས་རིག་ལྟེ་བ་ཅིག་ཨིནམ་དང་ འདི་ཡང་ ཟིམ་བབ་ཝེ་གི་གཙུག་ལག་སློབ་སྡེ་གི་ཡོདཔ་ཨིན་མས།
བདག་སྐྱོང་ཐད་ལུ་ ཁྲོམ་ཟུར་ལེ་ཤ་ཅིག་ཡོདཔ་དང་ ཧ་རཱ་རི་ཁྲོམ་སྡེ་ཚོགས་སྡེ་གི་འོག་ལུ་ ཚུདཔ་ཨིནམ་དང་ ཁྲོམ་དཔོན་ ཚོགས་སྡེ་གི་ སྲིད་དོན་ ལམ་ལུགས་ ཡོདཔ་ཨིན་མས། བཟོ་གྲྭ་ཚུ་ཡང་ ཏམ་ཁུ་བཟོ་གྲྭ་དང་ བགོ་ལ་ དེ་ལས་ རྫས་སྦྱོར་ཚུ་ཨིན་པས། དཔལ་འབྱོར་གྱི་དཀའ་ངལ་ཡོད་རུང་ མི་སེར་མང་ཤོས་ཅིག་གིས་ ལས་སྡེ་དང་ ཤེས་རིག་ དེ་ལས་ གཞུང་གི་ཞབས་ཏོག་ཚུ་ནང་ ལཱ་གཡོག་ཐོབ་དོ་ཡོདཔ་ཨིན་པས།
མི་རློབས།
ཟིམ་བབ་ཝེ་ མི་རློབས་ས་ཡ་ ༡༦ དེ་ཅིག་ཡོད་པའི་ཕོ་ཚོད་དཔག་སྟེ་འདུག། ཁྲོམ་ཚུ་ནང་ ཁྲོམ་ཆེན་ཚུ་ནང་འཕེལ་ཏེ་ར་འགྱོ་རུང་ མི་རློབས་འདི་ ན་གཞོན་ཨིནམ་དང་ སྐྱེས་ལོ་ཕྱེད་ཀ་དེ་ཅིག་ ལོ་༢༠་ན་ཚོད་ནང་ཨིནམ་དང་ དེ་ཡང་ གྲོང་གསེབ་ཚུ་ནང་ལས་ཕར་ཨིན་མས།
མི་རིགས།
ཟིམ་བབ་ཝེ་གི་མི་མང་ཤོས་ར་ ཨཕ་རི་ཀཱན་གྱི་བན་ཊུ་ (Bantu) གི་རིགས་རྒྱུད་ཨིནམ་དང་ ངོ་མ་འདི་ ཤོ་ན་དང་ནདི་བི་ལི་ (Ndebele) གི་མི་རིགས་ སྡེ་ཚན་ ཚུ་ལས་ཨིན་མས། མི་རིགས་ཉུང་ཤོས་ཡང་ཡོདཔ་ལས་ དེ་ཡང་ ཡུ་རོབ་པེན་ དང་ ཨེ་ཤི་ཡཱན་ཚུ་ སྔར་སྲོལ་སླ་བསྲེ་ཡོད་པའི་མི་རིགས་ཚུ་ཨིན་མས།
སྐད་ཡིག།
ཟིམ་བབ་ཝེ་གིས་གཞུང་འབྲེལ་གྱི་ཁ་སྐད་ ༡༦ ངོས་འཛིན་འབད་ཡོདཔ་ཨིན་མས། ཁྱབ་ཆེ་ཤོས་སྦེ་སླབ་མི་ཁ་སྐད་འདི་ ཤོ་ན་ དང་ནཌ་བི་ལི་ དེ་ལས་ ཨིང་ལིཤ་ཨིནམ་དང་ ཨིང་ལིཤ་འདི་ གཞུང་དང་ཤེས་རིག་ དེ་ལས་ ཚོང་འབྲེལ་གྱི་ཁ་སྐད་ཨིན་མས།
འབྱུང་རབས།
ཟིམ་བབ་ཝེ་ལུ་ རྒྱལ་རབས་བཟང་པོ་ལེ་ཤ་ཡོདཔ་ད་ དུས་རབས་ ༡༡པ་ལས་ ༡༥པའི་སྐབས་ལུ་ རྒྱལ་ཁབ་འདི་ཤུགས་དང་སྟོབས་ཤུགས་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ བིརི་ཊིཤ་གིས་དབང་སྟེ་ལྷོ་ཕྱོགས་རོཌ་སི་ཡ་ (Southern Rhodesia) ཟེར་མིང་བཏགས་ནུག། རོ་བརཊ་མུ་གཱ་བི་ (Robert Mugabe) གི་ དབུ་ཁྲིད་ཀྱི་འོག་ལུ་ སྤྱི་ལོ་ ༡༩༨༠ ལུ་རང་དབང་ཐོབ་ཡོདཔ་ལས་ རྒྱལ་ཁབ་ཀྱི་མིང་ཡང་ མིང་སོར་ཏེ་ཛིམ་བེ་ཝི་ཟེར་བཏགས་ནུག།
ཆོས་ལུགས།
ཡེ་ཤུ་པའི་ཆོས་ལུགས་འདི་ ཁྱབ་ཆེ་བའི་ཆོས་ལུགས་ཅིག་ཨིནམ་དང་ མི་རློབས་བརྒྱ་ཆ་༨༠ ལྷག་ཙམ་ཅིག་གི་ ཆོས་ལུགས་འདི་འབདཝ་ཨིན་མས། ཨཕ་རི་ཀཱན་གྱི་སྔར་སྲོལ་ལམ་ལུགས་ཡང་ ད་ལྟོ་ཡང་ལག་ལེན་འཐབ་དོ་ཡོདཔ་དང་ འཕྲལ་འཕྲལ་ར་ ཡེ་ཤུའི་ཆོས་ལུགས་དང་ གཅིག་ཁར་ སླ་བསྲེ་ རྐྱབ་སྟེ་འབད་དོ་ཡོདཔ་ཨིན་མས། ཆོས་ལུགས་གཞན་ ཨིས་ལམ་དང་ ཡིད་ཆེས་ཡོད་མི་ལམ་སྲོལ་ཚུ་ ཨ་ཙི་རེ་འབད་སྲོལ་ཡོདཔ་འབད་ཨིན་མས།
ཁྲོམ་སྡེ།
ཧཱ་རཱ་རེ་ལས་གཞན་ ཁྲོམ་སྡེ་གཙོ་བོ་ཡང་ བུ་ལ་ཝ་ལོ་ (Bulawayo) མུ་ཏ་རེ་ (Mutare) གུ་རུ་རེ་ དང་ མསི་ཝིན་གོ་ (Masvingo) ཚུ་ཨིན་མས། ཁྲོམ་སྡེ་ཚུ་ཚོང་རིག་དང་ལམ་སྲོལ་དེ་ལན་ བཟོ་གྲྭ་ཁང་གི་ལྟེ་བ་ཨིན་མས།
གནམ་གཤིས་གནས་སྟངས།
ཟིམ་བབ་ཝེ་གིས་ ས་དྲོད་གནས་ཚད་ འདི་རན་ཏོག་ཏོ་ཡོདཔ་ཨིན་མས། སྤྱི་ཟླ་བཅུ་གཅིག་པ་ལས་གསུམ་པ་ཚུན་ཆརཔ་རྐྱབ་པའི་དུས་ཚོད་དང་ སྤྱི་ཟླ་བཞི་པ་ལས་ བཅུ་པ་ཚུན་ གནམ་སྐམ་པའི་དུས་ཚོད་ཨིན་མས། དྲོད་ཤུགས་འདི་མཐོ་ཚད་དང་བསྟུན་ཏེ་ཁྱད་པར་ཞུགསཔ་ཨིནམ་ད་ རི་ཁ་མཐོ་སར་འདི་ ཐང་དམའ་སར་ལས་ བསིལ་ཏོང་ཏོ་ཡོདཔ་ཨིན་མས།
སྲིད་དོན་རིམ་ལུགས་དང་ གཞུང་སྐྱོང་།
ཟིམ་བབ་ཝེ་འདི་སྲིད་འཛིན་གྱི་མི་སེར་གྱི་རྒྱལ་ཁབ་ཅིག་ཨིན་མས། སྲིད་འཛིན་གྱིས་རྒྱལ་ཁབ་དང་གཞུང་གཉིས་ཆ་རའི་འགོ་འཛིན་སྦེ་ཕྱག་ཞུཝ་ཨིན་མས། སྲིད་དོན་གྱི་ ལམ་ལུགས་ནང་ལུ་ སྤྱི་ཚོགས་ནང་ ཚོགས་ཁང་གཉིས་ཤོང་པའི་འཐུས་མི་ཡང་ཚུདཔ་ཨིན་མས།
སའི་ཆགས་ཚུལ།
ས་ཆ་རིག་པ་དང་འཁྲིལ་བ་ཅིན་ ཟིམ་བབ་ཝེ་ལུ་ སའི་ཆགས་ཚུལ་མ་འདྲཝ་ཡོདཔ་ཨིན་མས། དེ་ཡང་ ཤར་ཁ་ཐུག་གངས་རི་དང་ སྦུག་ནང་རི་ཐང་དེ་ལན་ ནུབ་དང་ ལྷོ་ཁ་ཐུག་ལུ་ རྩྭ་ཐང་ཚུ་ཡོདཔ་ཨིན་མས། རྒྱལ་ཁབ་འདི་ འཛམ་གླིང་ནང་ གཟར་ཆུ་སྦོམ་ཤོས་ཅིག་ཨིན་མི་ ཝིག་ཊོ་རི་ཡ་གཟར་ཆུ་ (Victoria Falls) དང་ ཟིམ་བབ་ཝི་རི་ཊི་ཡ་གི་གྱང་ཁོག་སྦོམ་ཚུ་གིས་ ཡོངས་གྲགས་ཡོདཔ་ཨིན་མས།
དཔལ་འབྱོར།
ཟིམ་བབས་བི་གི་དཔལ་འབྱོར་འདི་ གཙོ་བོ་ར་སོ་ནམ་དང་ས་གཏེར་ དེ་ལས་ཞབས་ཏོག་ལུ་བརྟེནམ་ཨིན་མས། ཕྱིར་ཚོང་གཙོ་བོ་འདི་ཏམ་ཁུ་ གསེར་ གསེར་ པེ་ལེཊ་ནུམ་དང་ རྡོ་རྗེ་ཕ་ལམ་ཚུ་ཨིན་མས། ནང་འདྲེན་མང་ཆེ་བ་ཅིག་ས་སྣུམ་འཕྲུལ་ཆས་དང་ བཞེས་སྒོའི་ཐོན་དངོས་ཚུ་ཨིན་མས། ཟིམ་བབ་ཝེ་གི་ ནང་འཁོད་ ཐོན་སྐྱེད་ཡོངས་འབོར་འདི་ ཡུདཔ་ཅིག་ཌོ་ལར་ཐེར་འབུམ་ ༢༨ ཨིན་པས། དཔལ་འབྱོར་ལུ་གདོང་ལེན་ཡང་ འབྱུང་དོ་ཡོདཔ་ལས་ གོང་ཡར་འཕར་དང་ དངུལ་ བརྟན་པ་མེདཔ་ དེ་ལན་ གཡོག་མེད་ མཐོ་དྲགས་ཚུ་གི་འབྱུང་དོ་ཡོདཔ་ཨིན་མས།
ལམ་སྲོལ།
ཟིམ་བབས་ཝེ་གི་ལམ་སྲོལ་འདི་ ཕྱུགཔོ་དང་སྣ་ཚོགས་ཨིནམ་དང་འདི་གི་སྔར་སྲོལ་གྱི་མི་རིགས་དཔེ་སྟོནམ་ཨིན་མས། སྔར་སྲོལ་གྱི་སྙན་ཆ་ ཞབས་ཁྲ་དང་ སྲུང་གཏང་ནི་འདི་ ཁག་ཆེཝ་སྦེ་ར་ཡོདཔ་ཨིན་མས། ཨེམ་བི་ར་ ཨམ་མཐེ་བོང་པི་ཡ་ནོ་འདི་ ལམ་སྲོལ་གྱི་སྙན་ཆ་ཡོངས་གྲགས་ཅན་ཅིག་ཨིན་མས།
ལྟ་བཤལ།
བིཀ་ཊོ་རི་ཡ་ཕཱལསི་ (Victoria Falls) དང་ཧཝན་ཇི་རྒྱལ་ཡོངས་གླིང་ག་ (Hwange National Park) དེ་ལན་ ཤར་ཕྱོགས་ས་ཁ་མཐོ་ས་ཚུ་གི་འབད་ ལྟ་བཤལ་པ་ཚུ་ འོང་དོ་ཡོདཔ་ཨིན་མས། སྲིད་དོན་དང་དཔལ་འབྱོར་ལུ་ གདོང་ལེན་འབྱུང་དེ་འབད་རུང་ རི་དྭགས་སེམས་ཅན་གྱི་འགྲོ་འགྲུལ་དང་ ལམ་སྲོལ་གྱི་ས་གོ་ཚུ་གིས་ རྒྱལ་སྤྱི་ལྟ་བཤལཔ་ཚུ་ལེ་ཤ་ འོང་དོ་ཡོདཔ་ཨིན་མས།
གྱོན་ཆས།
སྔར་སྲོལ་གྱི་གྱོན་ཆས་ཀྱི་གྲངས་སུ་ ཚོན་ཁྲ་ཅན་གྱི་ཐགས་རས་ཚུ་ ཚར་ལེ་ཤ་ཅིག་ར་ དུས་སྟོན་དང་རྟེན་འབྲེལ་ཚུ་ནང་ གྱོན་དོ་ཡོདཔ་ཨིན་མས། ཁྲོམ་གྱི་ས་ཁོངས་ཚུ་ནང་ ནུབ་ཕྱོགས་ཀྱི་ལུགས་སྲོལ་གྱི་གྱོན་ཆས་འདི་ཁྱབ་ཆེ་བ་འབད་ གྱོན་དོ་ཡོདཔ་ཨིན་མས།།
རྩེད་རིགས།
ཡོངས་གྲགས་ཅན་གྱི་རྩེད་རིགས་འདི་ རྐང་རྩེད་ གཡུག་རིལ་ རག་བི་དང་ ལུས་རྩལ་ཚུ་ཚུདཔ་ཨིན་མས། ཟིམ་བབ་བི་གིས་ རྩལ་རྐྱབ་ནི་དང་གཡུག་རིལ་ནང་ དྲག་རིམ་ཅན་གྱི་ལུས་རྩལ་པ་ཚུ་ཡོདཔ་མ་ཚད་ རྒྱལ་སྤྱིའི་ལས་རིམ་ཚུ་ནང་ ཨ་རྟག་ར་དོ་འགྲན་འབདཝ་ཨིན་མས།
བཞེས་སྒོ།
ཟིམ་བབ་བ་ཝིན་གྱི་བཞེས་སྒོ་ནང་ གེ་ཟ་གི་བཞེས་སྒོ་ (sadza) ཤ་ཐུག་དང་ ཚོད་བསྲེ་གི་ རིགས་ཚུ་ཚུད་དེ་ཡོདཔ་ཨིན་མས། སྔར་སྲོལ་གྱི་བཞེས་སྒོ་ཚུ་ ལམ་སྲོལ་དང་ བཟའ་ཚང་འཛོམས་འདུ་གི་ ལྟེ་བ་ཅིག་ཨིན་མས།
ཕྱི་འབྲེལ་མཐུན་ཚོགས།
ཟིམ་བེབས་ཝེ་་གིས་ ཨཕ་རི་ཀ་ ཨེ་ཤི་ཡ་ ཡུ་རོབ་དང་ཨ་མི་རི་ཀ་གི་རྒྱལ་ཁབ་ཚུ་དང་གཅིག་ཁར་ ཕྱི་འབྲེལ་སྲིད་སྐྱོང་གི་མཐུན་ལམ་ཚུ་རྒྱུན་སྐྱོང་འབདཝ་ཨིན་མས། ལུང་ཕྱོགས་ཀྱི་མཉམ་འབྲེལ་འདི་ སྒྲིང་སྒྲི་སྦེ་ར་ཡོད་དེ་འབད་རུང་ རྒྱལ་སྤྱི་གནས་ཚད་འདི་ ཆོག་གྲོལ་དང་འགྲོ་བ་མིའི་དབང་ཆའི་ཚ་གྱང་ཚུ་གིས་ གནོད་དེ་ཡོདཔ་ཨིན།
མཇུག་དོན།
མཇུག་བསྡུ་བ་ཅིན་ ཟིམ་བབ་ཝི་འདི་ ལམ་སྲོལ་གྱི་ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་མ་ཚད་ རང་བཞིན་གྱི་མཛེས་ཆ་ལྡན་པའི་རྒྱལ་ཁབ་ཡང་ཨིནམ་ལས་ མི་སྡེ་དང་དཔལ་འབྱོར་གྱི་ཆགས་ལུགས་ཚུ་ འགྱུར་བ་མེད་པའི་ཁར་ རེ་བ་བསྐྱེད་ཚུགས་པའི་ རྒྱལ་ཁབ་ཅིག་ཨིན་མས།
རྒྱབ་རྟེན་ཐོ།
https://en.wikipedia.org/wiki/Zimbabwe
https://en.wikipedia.org/wiki/Harare