Jump to content

ཟུར་རི་ལྷ་ཁང་

Wikipedia ལས།

ཟུར་རི་ལྷ་ཁང་གི་ཆགས་རབས་མདོར་འདུས།།

ཟུར་རི་ལྷ་ཁང་།


ཟུར་རི་རྗོང་/ ལྷ་ཁང་འདི་ སྤ་རོ་རྫོང་གི་གཡོན་ཧོངས་ལས་ཁ་ཡར་ལྟ་འགྱོཝ་ད་ དུས་ཡུན་སྐར་མ་ ༣༠ ལུ་ལྷོད་དོ་ཡོདཔ་ཨིན་པས་ ཟུར་རི་རྫོང་འདི་ རབ་བྱུང་དྲུག་པའི་སྐོར་རམ་ དུས་རབས་ ༡༤ པ་ སྐོར་ཆ་ལུ་ ཟུར་བྱམས་པ་སེང་གེའི་ཞལ་སློབ་གཡུང་སྟོན་རྡོ་རྗེ་དཔལ་གྱི་གདན་ས་བཏབ་གནང་ནུག། ལྷ་ཁང་དེ་ཐོག་ཚད་གཉིས་མ་ཨིནམ་མ་ཚད་ ལྷ་ཁང་འདི་གི་གཡས་ཧོངས་ སློབ་དཔོན་པདྨ་འབྱུང་གནས་དང་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གྱིས་བརླབས་པའི་ གནས་གནམ་མཐོང་དཀརཔོ་མཇལ་ནི་ཡོད། སྤྱི་ལོ་ ༡༩༧༢ ལུ་ སློབ་དཔོན་འཇམ་དཔལ་རྡོ་རྡོ་གིས་ ཞིབ་འཚོལ་གནང་པའི་ཡིག་ཆ་ནང་བཀོད་དོ་བཟུམ་འབད་བ་ཅིན་ གནས་འདི་ཡི་གུ་ཧཱུྃ༔་རང་བྱུང་ཡེ་ཤེས་ལྔ་ལྡན་གྱི་རི་མགུ་ རྡོ་རྗེ་གཏུམ་པོའི་སྒྲུབ་གནས་ དྲང་སྲོང་རཱ་ཧུ་ལ་གིས་སྐྱོང་བའི་གདན་ས་ཆགས་མི་གི་རི་འདི་སྲིན་མོའི་གདོང་བཟུམ་ ལོ་ཐོག་བརྔ་ནིའི་ཟོརཝ་གི་བཟོ་རྣམ་ཅོག་འཐདཔ་ཡོདཔ་ལས་ ཟོརཝ་རི་སྲིན་མོའི་གདོང་ཟེར་བའི་ མིང་དར་ཡོད་པའི་ར་ཁུངས་བཀོད་དེ་འདུག། ལྷ་ཁང་འདི་དཔའ་བོ་དང་མཁའ་འགྲོ་ཚུ་སྤྲིན་བཟུམ་འདུ་བའི་གནས་ཁྱད་པར་ཅན་ཅིག་ཨིན་པས། མཚན་ཉིད་སློབ་དཔོན་བགྲེས་པ་སངས་རྒྱས་རྡོ་རྗེ་གིས་ ཞིབ་འཚོལ་གནང་མིའི་ཡིག་ཆའི་ནང་ ཟུར་བྱམས་པ་སེངྒེའི་ཞལ་སློབ་གཡུང་སྟོན་རྡོ་རྗེ་དཔལ་གྱིས་ གནམ་མཐོང་དཀར་པོའི་གནས་ཀྱི་རི་གུ་ གདན་ས་བཅགས་གནངམ་ལས་བརྟེན་ བླ་མའི་མཚན་ལས་རྟ་དྲངས་ཏེ་ ཟུར་རི་རྫོང་ཟེར་བཏགས་གནང་པའི་ཁུངས་བཀོད་དེ་འདུག། ད་རེས་ཡོངས་གྲགས་ མི་ཚུ་གིས་ངག་རྒྱུན་ལས་བཤད་མི་ནང་ ཟུར་རི་རྫོང་ཟེར་སླབ་པའི་གནད་ཁུངས་དེ་ སྤ་རོ་རིན་ཆེན་སྤུངས་རྫོང་གི་གཡོན་ཧོངས་ཀྱི་ཟུར་ཁའི་རི་མགོ་ལུ་ཆགས་ཏེ་ཡོདཔ་ལས་བརྟེན་ མིང་ཡང་དེ་སྦེ་དར་ཁྱབ་སོང་ཡོད་ལུགས་བཤདཔ་ཨིན་པས། ལྷ་ཁང་དེ་ཐོ་ལྔ་ཡོད་རུང་ སྐུ་རྟེན་ཡོད་མི་དེ་ལྷ་ཁང་ཐོ་༢ ནང་རྐྱངམ་ཅིག་དང་གཞན་མི་ཐོ་༣ དེ་དེ་སྦེ་རང་གཏོངམ་སྦེ་ཡོདཔ་ཨིན། ཐོག་ ༢ ནང་སྐུ་རྟེན་ཡོད་མི་ནང་ལས་ ཐོག་དང་པ་ནང་ ཇོ་བོ་སྐུ་འདྲ་དང་ གཡས་དང་གཡོན་ལུ་ གཟའ་ཁང་དང་ གནས་བརྟན་བཅུ་དྲུག་དང་ གུ་རུ་མཚན་བརྒྱད་ཀྱི་སྐུ་འདྲ་ཚུ་ཡོདཔ་དང་ ཐོག་ ༡ ནང་ གུ་རུ་རིན་པོ་ཆེའི་སྐུ་འདྲ གཡས་དང་གཡོན་ལུ་རྡོར་སེམས་ལྔ་རྒྱ་རེ་ བསྡོམས་སྟོང་ཕྲག་ཅིག་གི་སྐུ་འདྲ་ཚུ་མཇལ་ནི་ཡོདཔ་ཨིན། ལྷ་ཁང་དེ་ད་ལྟོ་རིན་སྤུངས་རབ་སྡེ་གིས་བདག་འཛིན་དང་འཛིན་སྐྱོང་འཐབ་དོ་ཡོདཔ་ཨིན་པས་ཟེར་ཞུ་ནི།


འབྲུག་གི་དགོན་སྡེ་དང་ལྷ་ཁང།

སྦོ་ཁ་རྫོང་།  · མཆོད་རྟེན་སྐོར་ར།  · ལྷ་ཁང་དཀར་པོ།  · ཡོངས་ལ་དཔལ་རི་དགོན་པ།  · སྐྱིད་ཆུ་ལྷ་ཁང་།  · རྡོ་ལུང་ དགོན་པ།  · བྱམས་པ་ལྷ་ཁང་།  · སྟག་ཚང་།  · མཚམས་བྲག་དགོན་པ།  · སྒང་སྟེང་གསང་སྔགས་ཆོས་གླིང་།  · སྐུ་རྗེས་ ལྷ་ཁང་།  · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།  · རྡོ་བགྲེད་རྫོང་།  · སྒོམ་ཕུག་སྐོར་ར།   · རྟ་མགོ་དགོན་པ།  · བུ་ལི་ ཁི་ལམ་ ལྷ་ཁང་།  · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།།  · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།།  · ཟུར་རི་ལྷ་ཁང་།  · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།།  · དགོན་གསར་ཁ་ལྷ་ཁང་།  · མཆོད་རྟེན་སྙིང་པོ།  · རྫོང་བྲག་ཁ།།  · བདེ་ཆེན་ཕུག་ལྷ་ཁང་།།  · ལྕང་གང་ཁ་ལྷ་ཁང་།།  · དབང་འདུས་རྩེ་ལྷ་ཁང་།།  · ཕ་ཇོ་སྡིངས།།  · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།།  · གསེར་ལུང་དགོན་འཛིན་གྲྭ་ཚང་།།  · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།།  · ཀུན་བཟང་བྲག།  · ཁྱི་མེད་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  · དཀོན་མཆོག་གསུམ་ལྷ་ཁང་།།  · དགྲ་མེད་རྩེ་ལྷ་ཁང་།།  · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།།  · ཕྱག་རྡོར་ལྷ་ཁང་།།  · ལྩང་སྒང་ཁ་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  ·

"https://dz.wikipedia.org/w/index.php?title=ཟུར་རི་ལྷ་ཁང་&oldid=37557" ལས་ སླར་འདྲེན་འབད་ཡོདཔ།