འཕུར་རྡོ་དགོན་པ་
འཕུར་རྡོ་དགོན་པའི་ཆགས་རབས་དོར་བསྡུས།

འཕུར་རྡོ་དགོན་པ་འདི་སྤ་རོ་རྟ་མཆོག་ལྷ་ཁང་གི་ལྟག་ལུ་རི་ཕུརཔ་བཟུམ་ཅིག་གུ་ལུ་ཆགས་ཏེ་ཡོདཔ་ཨིན། ཧེ་མ་དུས་རབས་༡༥་པའི་ནང་ལུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ས་ཁོངས་དེ་ན་ཚར་གཅིག་བྱོན་དེ་བཞུགསཔ་ཅིག་ལུ་ཁོའི་གཟགས་སྣང་ན་ལུ་སངས་རྒྱས་འོད་དཔག་མེད་དང་སྤྱན་རས་གཟིགས་དེ་ལས་གུ་རུ་རིན་པོ་ཆེ་བྱོན་ཏེ་ ས་གནས་དེ་རྩ་ཆེན་ཅིག་འོང་ནི་སྨས་ཟེར་ཐུགས་ཞེས་གནང་ ད་ལྟོའི་དགོན་པ་དེ་བཞེངས་གནང་ནུག དགོན་པ་དེ་ལུ་འཕུར་རྡོ་དགོན་པ་ཟེར་སླབ་དགོ་མི་དེ་ཡང་ དགོན་པ་དེ་གི་འོག་ལུ་ཡོད་མི་གྲུབ་ཐོབ་ཁོ་རང་གིས་རང་བཞེངས་མི་མཆོད་རྟེན་འདི་དེ་ གྲུབ་ཐོབ་ལོག་མར་བྱོན་ནི་འབདཝ་དང་མཆོད་རྟེན་དེ་གི་ཡང་རྟིང་བདའ་འཕུར་ནི་སྦེ་བ་ལུ་བརྟེན་ དགོན་པའི་མིང་ཡང་འཕུར་རྡོ་དགོན་པ་ཟེར་བཏགས་ནུག་ཟེར་བཤདཔ་མས། མཆོད་རྟེན་འདི་གི་ཟུར་གགཉིས་ཆ་ལུ་རང་རྡོ་ལེབ་ཤོགཔ་བཟུམ་ཡོད་མི་དེ་རང་འབྱོན་ཨིན་ཟེར་བཤདཔ་ཨིན་མས། ལྷ་ཁང་དེའི་བརྟན་གཙོ་བོ་གུ་རུ་སྣང་སི་ཟིལ་གནོན་དང་སྤྱན་རས་གཟིགས་དེ་ལས་མགོན་པོ་ཚུ་ཨིན་མས། དགོན་པ་དེ་གི་ལྟག་ལུ་རྡོ་རིང་གཅིག་ཡང་འདུག དེ་གྲུབ་ཐོབ་ཀྱི་སྐུ་གཟུགས་དང་མཉམ་ཟེར་ཡང་སླབ་ཨིན་མས།[༡]
ཁུངས་གཏུགས་ཡིག་ཆེ།
- ↑ FB, R. D. (2022, 01 01). Druk Ge Nye. Retrieved 10 02, 2025, from Sacred Phurdo Gonpa Above Paro Shaba: https://www.facebook.com/pilgrimagesitesinbhutan/posts/sacred-phurdo-gonpa-above-paro-shaba-the-single-storeyed-temple-of-phurdo-gonpa-/353425353114675/; Wangchuk, D. (2023, 05 31). Phurdo Gonpa – the flying stupa - Dorji Wangchuk. Retrieved 10 02, 2025, from dorji wangchuk.com: https://dorji-wangchuk.com/2023/05/31/phurdo-gonpa-the-flying-stupa/