Jump to content

འཕྱག་ཤོག Blotting paper

Wikipedia ལས།

འཕྱག་ཤོག་འདི་ སིམ་མི་ཤོག་ཀུ་གི་རིགས་ཅིག་ཨིནམ་དང་ ལྷག་པར་དུ་ རོ་སྲེག་དང་ སྨྱུ་གུ་ཚུ་ཡོངས་གྲགས་ཡོདཔ་ད་ འབྲི་ནི་གི་ཅ་ཆས་ལས་ སྣུམ་ཡང་ན་སྣག་རྩི་སིམ་ནི་ལུ་ལག་ལེན་འཐབ་ཨིན། འ་ནཱི་འདི་ ཐོན་དངོས་ཚུ་ནང་ མར་ཁུ་ག་དེམ་ཅིག་ཡོདཔ་ཨིན་ན་ བརྟག་ཞིབ་འབད་ནི་ལུ་ཡང་ ལག་ལེན་འཐབ་བཏུབ། བའི་བཱལ་གྱི་ཤོག་ཀུ་ལུ་སླབ་མི་ འཕྱག་ཤོག་ཤོག་ཀུ་འདི་ གཙོ་བོ་ར་ཕྲ་གཟུགས་མཐོང་ཤེལ་ནང་ བཤུད་ལམ་ལས་གཤེར་ཁུ་འཐེབ་ཡོད་མི་ཚུ་བཏོན་གཏང་ནིའི་དོན་ལུ་ ལག་ལེན་འཐབ་ཨིན། འཕྱག་ཤོག་འདི་ པགས་ཀོ་གི་ཧུམ་དང་ བཟོ་སྨན་ཚུ་ བཏོན་གཏང་ནིའི་སྨན་བཅོས་ཀྱི་དོན་ལུ་ བཟོ་སྨན་སྦེ་ཡང་བཙོངམ་ཨིན།

བཟོ་སྐྲུན།

འཕྱག་ཤོག་འདི་ སྟུག་ཚད་ འཇམ་ཅུག་ཅུ་ལ་སོགས་པའི་ རྒྱུ་ཆ་མ་འདྲཝ་ཚུ་ལས་བཟོ་བཟོཝ་ཨིན། ཞུ་ཡིག་དང་འཁྲིལ། འདི་འཕྲལ་འཕྲལ་ར་ ཀ་བལ་གྱིས་བཟོཝ་ཨིནམ་དང་ ཤོག་ཀུ་གི་འཕྲུལ་ཆས་ཁྱད་འཕགས་ཅན་ཚུ་གིས་བཟོཝ་ཨིན། འཕྱག་ཤོག་འདི་ དུས་རབས་ ༡༥ པའི་ནང་ ཨིང་ལིཤ་གི་ཁ་སྐད་ནང་ འགོ་དང་པ་སླབ་པའི་སྙན་གྲགས་ཅིག་ཨིནམ་དང་ ཨིང་ལེནཌ་གི་ནོར་ཕོཀ་ལུ་འབད་བ་ཅིན་ འདི་ཝེནསམ་ཆུ་གི་ལའིང་མིལ་ལུ་ གློ་བུར་གྱི་རྐྱེན་གྱིས་སྦེ་ གསར་གཏོད་འབད་འབདཝ་ཨིན་ཟེར་སྲོལ་འདུག།

བརཀ་ཤིར་ ༼ཨིང་ལེནཌ༽ ཤོག་ཀུ་འཕྲུལ་ཁང་གི་ལཱ་འབད་མི་ཚུ་གིས་ ཤོག་ཀུ་ཐོན་སྐྱེད་བཟོ་ཡོད་མི་འདི་གི་ཚད་ཁ་སྐོང་བཀལ་ནི་ལུ་ཚགས་ཁར་མ་ཚུད་ཟེར་སྙན་ཞུ་འབད་ནུག། ཐོན་ཚན་འདི་བཀོ་བཏང་ནུག། དེའི་ཤུལ་ལུ་ མི་ཅིག་གིས་ བཀོ་གཏང་གཏངམ་གི་ཤོག་ཀུ་དྲ་དུམ་གུར་ འབྲི་ནི་དཔའ་བཅམ་པའི་སྐབས་ འདི་གིས་སྣག་རྩི་ག་ཅི་དབུར་རུང་མགྱོགས་དྲགས་སྦེ་ལེན་ཏེ་ བྲི་ནི་ལུ་ལག་ལེན་འཐབ་མ་བཏུབ་བཟོ་ནུག། འདི་གི་སིམ་ཚད་མངོན་གསལ་ཅན་སྦེ་མཐོང་ཡོདཔ་ཨིན་རུང་ སྣག་རྩི་རློནམ་ སིམ་མི་གི་རྒྱུ་ཆ་འདི་ བྱེམ་གྱི་ཚབ་སྦེ་ འཕྱག་ཤོག་བཟོ་སྟེ་ ལག་ལེན་འཐབ་དགོཔ་ཐོན་ནུག།

https://en.wikipedia.org/wiki/Blotting_paper

"https://dz.wikipedia.org/w/index.php?title=འཕྱག་ཤོག_Blotting_paper&oldid=38414" ལས་ སླར་འདྲེན་འབད་ཡོདཔ།