Jump to content

འབྱོག་དཀར་ཁོ་ཆེ།

Wikipedia ལས།

འབྱོག་དཀར་ཁོ་ཆེ་གི་རྒྱབ་ཁུངས།

འབྱོག་དཀར་ཁོ་ཆེ་ཟེར་མི་འདི་ གཞལ་སྒང་རྫོང་ཁག་ པཱན་བང་དྲུང་ཁག་ འབྱོག་དཀར་རྒེད་འོག་ནང་ལུ་དར་ཡོད་པའི་མི་བརྒྱུད་ཅིག་ལུ་སླབ་དོ་ཡོདཔ་ཨིན་པས།  གཡུས་གོ་འདི་ཁོ་གིས་དབང་སྟེ་ བརྒྱུད་པ་ཚུ་དར་ཡོད་པའི་ལོ་རྒྱུས་རྐྱངམ་གཅིག་མེན་པར་ ཁོ་གི་གཟིམ་ཅུང་འདི་ ད་རེས་ནངས་པ་ཡང་ཉམས་བཅུག་པར་མཐོང་ནི་ཡོདཔ་ཨིན། དེ་ཡང་ འབྲུག་གི་གནས་ (Nye, D. G. 2020) དང་འཁྲིལ་བ་ཅིན་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཁོ་ཆེའི་བརྒྱུད་པ་འདི་ ལྷ་སྲས་གཙང་མའི་མི་བརྒྱུད་ཨིནམ་སྦེ་ཡང་བཤད་ནི་འདུག། དེ་དང་གཅིག་ཁར་ ཐོག་ཚད་༣ འབད་མི་ ཁོ་ཆེའི་གཟིམ་ཅུང་ ཕྱེད་ཀ་དཀརཔོ་སྦེ་འཐོང་ནི་ཡོདཔ་མི་འདི་ ཁོ་ཆེ་འི་གཡོག་ལཱ་འབད་མི་རྒྱ་གར་ཨ་སམ་ (Assam) གྱི་མི་ཚུ་གིས་བཟོ་བཟོཝ་ཨིནམ་དང་། ཕྱེད་ཀ་གནགཔོ་སྦེ་ཡོད་མི་འདི་ འབྲུགཔ་གིས་བཟོ་བཟོཝ་ཨིན་ཟེར་བཤད་ནི་འདུག།

དེ་བཟུམ་སྦེ་  མི་ཚུ་གིས་བཤད་མི་ལུ་བལྟ་བ་ཅིན་ འབྱོག་དཀར་ཁོ་ཆེ་འདི་ ཁེངས་ནང་རྐྱངམ་གཅིག་དབང་ཚད་ཅན་མེན་པར་ ཁོ་ཆེ་འདི་རྒྱ་གར་ཨ་སམ་(Assam) ལས་ཕར་ཡང་དབང་ཚད་ཅན་སྦེ་སྡོད་སྡོདཔ་ཨིནམ་ཤེས་ཚུགས་པས། ལྷམ་རྡོ་རྗེ་ (Dorji, L. 2025) གིས་འབད་བ་ཅིན་ ད་རེས་ འབྱོག་དཀར་ཁོ་ཆེའི་མི་བརྒྱུད་ ཉམས་མ་བཅུག་པར་བཞག་ནིའི་དོན་ལུ་ ཨ་རྒས་སངས་རྒྱས་ཀྱི་གཟིམ་ཅུང་འདི་ བདག་འཛིན་འཐབ་སྟེ་ར་ཡོདཔ་ཨིན། དེ་མ་ཚད་ སྔོན་མ་ཁེངས་ལུ་ དུང་། ཁོ་ཆེ། རྒད་པོ། དཔོན་པོ། ཟེར་ མི་སྡེའི་འགན་ཁུར་དང་སྲིད་དོན་གྱི་དབང་ཚད་བཟུང་མི་ལེ་ཤ་ཅིག་ར་སྡོད་ནུག། དེ་ནང་ལས་ ཁེངས་ནང་ཁོ་ཆེ་འདི་ དབང་ཚད་ཆེ་ཤོས་ཅིག་སྦེ་སྡོད་ཡོདཔ་སྦེ་བཀོད་དེ་འདུག།

དེ་ལས་ ཨོ་རྒྱན་དང་དཔལ་རྒྱན་ (Ugyen, Pelgen. 2025) གཉིས་ཀྱི་འབད་བ་ཅིན་ ཁོ་གི་དབང་ཚད་དང་མི་བརྒྱུད་འདི་ བུཚུ་གིས་བཟུང་དགོཔ་ཨིན་མས། ཚར་ཅིག་འབདཝ་ད་ དབང་ཚད་ཐོབ་ནིའི་དོན་ལས་ ཁོང་ཁོ་ཆེའི་བུཚུ་ཚུ་གི་བར་ན་ ནང་འཁོད་འཛིང་འཁྲུག་བྱུངམ་ད་ ཕོ་རྒནམ་གཅིག་ བསད་བསདཔ་ཨིན་མས། རྒྱུ་མཚན་འདི་ལུ་བརྟེན་ ཨའི་གིས་ནང་འཁོད་ལུ་བརྩོད་རྙོགས་མི་བྱུང་ནིའི་ཐབས་ལུ་ མ་འོངས་པ་ཁོ་ཆེའི་མི་རབས་ཚུ་ལུ་ བུ་འདི་འཁོར་མ་བཅུག་ཟེར་དམོད་པ་རྐྱབ་པའི་གུར་ མི་བརྒྱུད་དེ་ཉམས་རྒུད་འགྱོ་བཅུག་ཟེར་ སྨོན་ལམ་བཏབ་བཞག་བཞགཔ་ཨིནམ་སྦེ་བཤད་ནི་འདུག།

དེ་མ་ཚད་ ལྷམ་རྡོ་རྗེ་ (Dorji, L. 2025) གིས་འབད་བ་ཅིན་ སྤྱི་ལོ་༡༩༥༠ ལོ་གྲངས་ནང་ མི་དབང་འབྲུག་རྒྱལ་གསུམ་པའི་སྐབས་ལུ་ མི་སྡེ་དང་སྲིད་དོན་གྱི་དབང་ཚད་ཚུ་ལུ་ བསྒྱུར་བཅོས་ལེ་ཤ་ཅིག་འགོ་བཙུགས་གནང་ཡོདཔ་ཨིན་མས། དེ་ལས་ དབང་ཚད་ཅན་ཚུ་རྩ་མེད་གཏང་པའི་ཁར་ ཁོ་ཆེ་གི་བརྒྱུད་པ་ཚུ་ གཡུས་ཚན་ཁ་སྟོར་འགྱོ་མི་དང་ བཟའ་ཚང་ནང་ཕོ་སྐྱེས་ཀྱི་རིགས་བརྒྱུད་དེ་ མར་ཕབ་འགྱོ་ས་མཐོང་མི་ལུ་བལྟ་བ་ཅིན་ ཁོ་ཆེ་གི་ཨའི་གིས་སྨོན་ལམ་གྱིས་ཨིནམ་བཟུམ་སྦེ་ཡང་བཤད་ནི་འདུག།

རྒྱབ་རྟེན་དཔེ་ཐོ།

[ཞུན་དག]

Dorji, L. (2005). Journal of Bhutan Studies.The Historical Anecdotes of Kheng Nobilities.

Nye, D. G. (2020, November 20).

Ugyen, Pelgen. (2025, october 27). Marvellous Bhutan. Retrieved from The Historical Anecdotes of Kheng Bjoka Khoche: https://www.marvellousbhutan.com/the-historical-anecdotes-of-kheng-bjoka-khoches/

"https://dz.wikipedia.org/w/index.php?title=འབྱོག་དཀར་ཁོ་ཆེ།&oldid=38341" ལས་ སླར་འདྲེན་འབད་ཡོདཔ།