Jump to content

འབྲུག་གི་ཆོས་ལུགས།

Wikipedia ལས།

འབྲུག་གི་གཞུང་འབྲེལ་གྱི་ཆོས་ལུགས་འདི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཨིནམ་ལས་ མི་རློབས་ཡོངས་བསྡོམས་ལས་ བརྒྱ་ཆ་༧༤.༧% གྱིས་དད་པ་བསྐྱེད་དོ་ཡོདཔ་ཨིན།[] འབྲུག་གི་རྩ་ཁྲིམས་ཆེན་མོ་ནང་ ནང་པའི་ཆོས་འདི་ རྒྱལ་ཁབ་ཀྱི་ “ཆོས་དང་འབྲེལ་བའི་ ཤུལ་བཞག་” ཟེར་ བཀོད་དེ་ཡོདཔ་ཨིན།[] དེ་མ་ཚད་ རྒྱལ་པོ་འདི་ ནང་པའི་ཆོས་ཀྱི་མི་ངོམ་ཅིག་ཨིན་རུང་ “ཆོས་ལུགས་ག་ར་གི་སྲུང་སྐྱོབ་པ་” ཅིག་འོང་དགོཔ་ཨིན། ལམ་སྲོལ་དང་མི་སྡེ་ སྲིད་དོན་ དེ་ལས་ རྩ་ཁྲིམས་ཆེན་མོ་ཚུ་གི་ཐད་ལས་ འབྲུག་འདི་ ནང་པའི་རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་ཁབ་ཀྱི་ལམ་སྲོལ་དང་ ཆོས་དང་འབྲེལ་བའི་ རིག་གཞུང་ཚུ་ནང་ ནང་པའི་ཆོས་ཀྱིས་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིན།[] འབྲུག་རྒྱལ་ཁབ་ནང་ ཆོས་དད་རང་དབང་འདི་ རྒྱལཔོ་གིས་ འགན་ལེན་འབད་དེ་ཡོདཔ་ཨིན།

ཧིན་དུའི་ཆོས་ལུགས་འབྲུག་གི་ཆོས་ལུགས་གཉིས་པ་ཨིན། འབྲུག་གི་མི་རློབས་ཡོངས་བསྡོམས་ལས་ ༢༢.༦% གིས་ ཧིན་དུའི་ཆོས་ལུགས་དད་པ་བསྐྱེད་དོ་ཡོདཔ་ཨིན་པས།

ཧེ་མ་ མི་རློབས་ ༧༧༠༠༠༠ ལས་ ༧༥% དེ་ཅིག་གིས་ བཀའ་བརྒྱུད་སློབ་གྲྭ་གི་ དྲུག་པའི་རིགས་བརྒྱུད་ ཡང་ན་ བོད་བརྒྱུད་ནང་བསྟན་གྱི་ རྙིང་མ་སློབ་གྲྭ་ ཡང་ན་ ནང་པའི་ཆོས་བརྒྱུད་གཞན་ཅིག་གི་ རྗེས་སུ་འབྲང་ཡོདཔ་ཨིན་པས། མི་སེར་བརྒྱ་ཆ་༢༢ དེ་ཅིག་གིས་ (གཙོ་བོ་ ལོ་ཙམ་པ་) ཧིན་དུའི་ཆོས་ལུགས་འཛིན་དོ་ཡོདཔ་ཨིན།[]

སྤྱི་ལོ་ ༢༠༡༠ ལོའི་མི་རྩིས་དང་འཁྲིལཝ་ད་ འབྲུག་མི་ཚུ་གི་ ཆོས་དད་ཀྱི་བརྒྱ་ཆ།

  1. ནང་ཆོས་ - ༧༤.༧%
  2. ཧིན་དུའི་ཆོས་ལུགས། - ༢༢.༦%
  3. ནགས་ཚལ་(དམངས་ཁྲོད་ཆོས་ལུགས)- ༡.༩%%
  4. ཡེ་ཤུའི་ཆོས་ལུགས་ - ༠.༥%
  5. ཨིསི་ལམ་ - ༠.༢%
  6. ཆོས་ལུགས་གཞན་དག - ༠.༡%

ཕྱིའི་འབྲེལ་མཐུད།

[ཞུན་དག]

ཁུངས་གཏུག

[ཞུན་དག]
  1. ༡.༠ ༡.༡ "2022 Report on International Religious Freedom: Bhutan". United States Department of State (in ཡུ་ཨེས་ཨིང་ལིཤ་ཁ). United States Commission on International Religious Freedom. Archived from the original on 2024-05-15. Retrieved 2024-11-06.
  2. Arpi, Claude (2024-04-21). "Why a Tibetan lama visiting Bhutan is significant". Firstpost (in ཨིང་ལིཤ་ཁ). Archived from the original on 2024-04-25. Retrieved 2024-11-06.
  3. Lua error in Module:Citation/CS1 at line 3282: attempt to call field 'year_check' (a nil value).