Jump to content

འབྲུག་གི་མཐའ་འཁོར་གནས་སྟངས་ཀྱི་གནད་དོན།

Wikipedia ལས།
འབྲུག་འཇིགས་མེད་རྡོ་རྗེ་རྒྱལ་ཡོངས་གླིང་ག་གི་ ནགས་ཚལ་སྟུག་དྲགས་ཅན་གྱི་རི་ཚུ།

འབྲུག་ ལུ་ མཐའ་འཁོར་གནས་སྟངས་ ཀྱི་ གནད་དོན་གཙོ་བོ་ར་ རང་ལུགས་ཀྱི་ ཤིང་ བསྡུ་ལེན་ དང་ ལོ་ཐོག་དང་ ཕྱུགས་ཚུ་ ཉམས་སྲུང་འབད་ནི་ དེ་ལས་ ཕྱགས་ སྙིགས་བཀོག་བཞག་ནི་ཚུ་ ཨིན་པས། ས་ཆ་དང་ཆུ་ལག་ལེན་འཐབ་ནི་འདི་ཡང་ གྲོང་གསེབ་དང་ཁྲོམ་ཚོགས་གཉིས་ཆ་རའི་ནང་ལུ་ མཐའ་འཁོར་གནས་སྟངས་ཀྱི་ཚ་གྱང་ཅིག་ལུ་འགྱུར་ཡོདཔ་ཨིན། སྤྱིར་བཏང་གི་གནད་དོན་འདི་ཚུ་གི་ཁ་སྐོང་ལུ་ གཞན་མི་གནད་དོན་ཚུ་ཡང་ ཕྱགས་སྙིགས་བཀོག་བཞག་སའི་ས་ཁོངས་དང་ རླུང་དང་སྐད་ཀྱི་བཙོག་རླུང་ཚུ་ དམིགས་བསལ་གྱིས་ འབྲུག་གི་ཁྲོམ་ཚོགས་དང་ བཟོ་གྲྭ་འཕྲུལ་ཁང་ཡོད་པའི་ས་ཁོངས་ཚུ་ནང་ ཁྱབ་ཆེཝ་སྦེ་ཡོདཔ་ཨིན། གནད་དོན་མང་ཤོས་ཅིག་ནང་ མ་དངུལ་དང་སྲིད་དོན་གྱི་དབང་ཚད་ཉུང་ཤོས་ཡོད་མི་ཚུ་ལུ་ མཐའ་འཁོར་གནས་སྟངས་ཀྱི་གནད་དོན་ཚུ་གིས་ གནོད་སྐྱོན་སྦོམ་ཤོས་རང་ འབྱུང་དོ་ཡོདཔ་ཨིན་པས།[]

སྤྱི་ལོ་༢༠༡༡ ལས་ འབྲུག་ལུ་ དཔལ་འབྱོར་གྱི་ལཱ་ཚུ་ མགྱོགས་དྲགས་སྦེ་ འགྱོ་སྟེ་ རང་བཞིན་ཐོན་སྐྱེད་ ས་གཞི་དང་ རླུང་ དེ་ལས་ ཆུ་ཚུ་ལུ་ གནོན་ཤུགས་བྱིན་ཡོདཔ་ཨིན་པས། གོང་འཕེལ་གྱི་ལས་སྣ་ཚུ་གིས་ ཁྲོམ་ཚོགས་བཟོ་ནི་དང་ བཟོ་གྲྭ་བཟོ་ནི་ ས་གཏེར་དང་རྡོ་སོལ་གཏེར་ཁ་ སོ་ནམ་དང་ ཕྱགས་སྙིགས་འཛིན་སྐྱོང་གི་ལས་འགུལ་ཚུ་ ཡར་སེང་འབད་ནུག། ས་ཆ་ཉམས་རྒུད་འགྱོ་ མི་དང་ སྐྱེ་ལྡན་རིགས་སྣ་ དེ་ལས་ སྡོད་གནས་ཉམས་རྒུད་འགྱོ་ མི་ ས་སྣུམ་ཤིང་མངམ་སྦེ་ལག་ལེན་འཐབ་མི་ དེ་ལས་ མི་དང་རི་དྭགས་སེམས་ཅན་གྱི་བར་ནའི་ འཁྲུག་རྩོད་ཚུ་ འབྲུག་གི་མཐའ་འཁོར་གནས་སྟངས་ཀྱི་ གདོང་ལེན་ལ་ལུ་ཅིག་ཨིན།[] དཀའ་ངལ་འདི་ཚུ་ཡོད་རུང་ འབྲུག་འདི་ སྤྱིར་བཏང་ལུ་ ནག་རླུང་མེདཔ་སྦེ་ རང་ ལུས་ཡོདཔ་མ་ཚད་ ནག་རླུང་ཡང་ མར་ཕབ་འབད་ཚུགསཔ་ཨིན།[][]

འབྲུག་གཞུང་ གི་ནང་[] རང་དབང་ཅན་གྱི་རྒྱལ་[] འཁོར་ལྷན་ [] འབྲུག་བློ་གཏད་མ་དངུལ་ དེ་ལས་ གསོ་བའི་བཀོད་[][][] མཐའ་འཁོར་གནས་སྟངས་ཀྱི་གནད་དོན་ཚུ་ ཐག་གཅད་ནི། ཕྱགས་སྙིགས་བཀོག་བཞག་ནི་གི་གནད་དོན་འདི་ འཕྲལ་འཕྲལ་རང་ ས་གནས་གཞུང་དང་ འབྲུག་གི་ རྫོང་ཁག་ དེ་ལས་ ཁྲོམ་སྡེ་ཚུ་ ལུ་ ཕོགཔ་ཨིན་མས། འབྲུག་ལུ་ མཐའ་འཁོར་གནས་སྟངས་ཀྱི་གནད་དོན་ཚུ་ སེལ་ཐབས་ལུ་ ལཱ་འབད་མི་ གཞུང་མིན་ལས་སྡེ་ཚུ་ཡང་ ནང་འཁོད་མཐའ་འཁོར་གནས་སྟངས་ཀྱི་ གཞུང་མིན་ཚོགས་པ་ རང་བཞིན་སྲུང་སྐྱོབ་ ཚོགས་སྡེ་ དང་ འཛམ་གླིང་རི་དྭགས་མ་དངུལ་ཚུ་ ཨིན་པས།

ཕྱིའི་འབྲེལ་མཐུད།

[ཞུན་དག]

ཁུངས་གཏུག

[ཞུན་དག]
  1. ༡.༠ ༡.༡ ༡.༢ Pelden, Sonam (2011-09-05). "Report Underlines Climate Threats". Bhutan Observer online. Archived from the original on 2011-11-26. Retrieved 2011-11-27.
  2. Pelden, Sonam (2011-10-11). "Bhutan to Submit its Climate Issues to UNFCCC in Durban". Bhutan Observer online. Archived from the original on 2011-11-27. Retrieved 2011-11-27.
  3. "Parks of Bhutan". Bhutan Trust Fund for Environmental Conservation online. Bhutan Trust Fund. Archived from the original on 2011-07-02. Retrieved 2011-03-26.
  4. "The Organisation". Bhutan Trust Fund for Environmental Conservation online. Bhutan Trust Fund. Archived from the original on 2010-03-29. Retrieved 2011-03-26.
  5. Pelden, Sonam (2011-07-22). "Waste Management Regulation in Pipeline". Bhutan Observer online. Archived from the original on 2011-10-24. Retrieved 2011-11-27.
  6. "The Ministry". Ministry of Agriculture and Forests. Government of Bhutan. Archived from the original on 2016-03-03. Retrieved 2011-11-27.
  7. "Department of Industry (DOI)". Ministry of Economic Affairs. Government of Bhutan. Archived from the original on 2011-11-03. Retrieved 2011-11-27.
  8. "About the National Environment Commission". Government of Bhutan. Archived from the original on 2012-01-23. Retrieved 2011-11-27.