Jump to content

འུ་ཧཱན། རྒྱ་ནག། Wuhan, China.

Wikipedia ལས།
འུ་ཧཱན་གྱི་ས་ཁྲ།

༉ འུ་ཧཱན་འདི་རྒྱ་ནག་གི་ཧུ་བེའི་མངའ་སྡེའི་ ལྟེ་བ་ཨིནམ་དང་ དབུས་ཕྱོགས་རྒྱ་ནག་གི་མི་རློབས་མཐོ་ཤོས་ཡོད་པའི་ ས་ཁོངས་ཅིག་སྦེ་ཆ་བཞགཔ་ཨིན་པས། []ས་ཁོངས་འདི་ཇི་ཡང་ཧང་རྒྱ་ཐང་ལས་ ཤར་ཁ་ཐུག་ལུ་ཡོདཔ་དང་ ཡང་ཙེ་དང་ ཧཱན་གཙང་ཆུ་གཉིས་འཛོམས་སར་ཆགས་ཡོདཔ་ཨིན། []འུ་ཧཱན་གྱི་སའི་རྒྱ་ཁྱོན་འདི་ ཀི་ལོ་མི་ཊར་གྲུ་བཞི་ ༨,༥༦༩.༡༥ ཡོདཔ་ཨིན། []རྩ་བར་ཡོད་པའི་ཁྲོམ་ཚོགས་གསུམ་ཡང་ འུ་ཆང་ ཧན་ཀུ་དང་ཧཱན་ཡེང་ཚུ་ཨིནམ་དང་ དེ་ཚུ་གི་དོན་ལུ་ འུ་ཧཱན་འདི་ སྐྱེལ་འདྲེན་གྱི་ལྟེ་བ་ཅིག་ཨིན་པས། []འུ་ཧཱན་ལུ་ རེལ་ལི་ལམ་ལེ་ཤ་ཡོད་པའི་ཁར་ སྣུམ་འཁོར་འགྲོ་འགྲུལ་གྱི་དོན་ལུ་འཁོར་ལམ་ རེལ་ལི་མེ་ཊོ་གི་ལམ་ཚུ་ཡོདཔ་དང་ དེ་ཚུ་ཉ་འདབས་ཀྱི་ཁྲོམ་དང་གཅིག་ཁར་མཐུན་འབྲེལ་འབད་དེ་ཡོདཔ་ཨིན། སྐྱེལ་འདྲེན་དང་འགྲོ་འགྲུལ་ལུ་ཉེ་བར་མཁོ་བའི་ཁྲོམ་ཅིག་འབད་ནི་འདི་གིས་ས་གནས་འདི་ རྒྱ་ནག་གི་ཤི་ཀ་གོ་ཟེར་རྩི་དོ་ཡོདཔ་ཨིན། དེ་ལས་རྒྱ་ནག་གི་མངའ་སྡེ་གཞན་ཁར་འགྱོ་ནི་དང་ཕྱི་རྒྱལ་ལུ་འགྱོ་ནིའི་གནམ་གྲུ་ཐང་དང་མཁའ་འགྲུལ་གྱི་ཞབས་ཏོག་ཡང་ཡོདཔ་ཨིན། དེ་བཟུམ་སྦེ་དབུས་ཕྱོགས་རྒྱ་ནག་གི་ སྲིད་དོན་དང་དཔལ་འབྱོར་ དངུལ་འབྲེལ་ ལམ་སྲོལ་ ཤེས་ཡོན་གྱི་ལྟེ་བ་ཅིག་ཡང་ཨིན་པས། ཁྲོམ་འདི་ ཧུ་བེའི་མངའ་སྡེ་གི་མི་རློབས་མཐོ་ཤོས་ཡོད་མི་ཅིག་ཨིན་པའི་ཁར་ རྒྱ་ནག་གི་མི་རློབས་མཐོ་ཤོས་ཡོད་མི་ཨང་བརྒྱད་པའི་ནང་ཨིན་པས། དེ་བཟུམ་སྦེ་ རྒྱལ་ཡོངས་ཀྱི་ཁྲོམ་ཚོགས་ལྟེ་བ་དགུ་ཡོད་ས་ལས་ཅིག་ཨིནམ་དང་ རྒྱ་ནག་རྒྱལ་ཁབ་ནང་སྡོད་དགོ་མནོ་སི་སི་གི་ཁྲོམ་ཚོགས་ཨང་གཉིས་པ་ཨིན་པས།[]

ཁྲོམ་དེ་གི་མིང་འདི་འགོ་ཐོག་ ༡༩༢༧ ལུ་བོ་ཡོདཔ་དང་ དེའི་གོ་དོན་ཡང་ ཉ་འདབས་ཀྱི་ཁྲོམ་འུ་ཆང་དང་ཧཱན་ཀུ་ལས་ལས་རིགས་བགྲེས་ཏེ་བཏགས་བཏགསཔ་ཨིན་པས།[] ཁྲོམ་གྱི་མི་རློབས་འདི་སྤྱི་ལོ་ ༢༠༢༣ ལུ་ས་ཡ་ ༡༣.༧༧ ཡོདཔ་སྦེ་བཀོད་ཡོདཔ་ཨིན། ཁྲོམ་འདི་ལུ་མིང་གཞན་ཇི་ཡང་ཅན་ཟེར་བོ་སྲོལ་ཡོད་མི་དེ་ཡང་ གཙང་ཆུའི་ཁྲོམ་ཟེར་བའི་དོན་ཨིན་པས། ཁྲོམ་དེ་ལུ་རྫོང་ཁག་གསུམ་ཡོདཔ་མས། འཛམ་གླིང་ནང་དུག་ཅན་དང་ཁྱབ་སྤེལ་ཆེ་བའི་ནད་གཞི་ཀོ་ཝིཌ་ ༡༩ འདི་ཡང་ འུ་ཧཱན་ལས་ཐོན་ཡོདཔ་ཨིན། ས་ཁོངས་འདི་རྒྱལ་ཁབ་ཀྱི་སྦུག་ན་འབདཝ་ལས་ ཡུདཔ་ཅིག་རྒྱ་ནག་གི་ས་ཁོངས་ག་ཏེ་ལས་ཡང་འཛུལ་བཏུབ་ཨིན། []

ས་ཁོངས་འདི་གཙང་ཆུའི་མཐའ་མར་འབདཝ་ལས་ གཙང་ཆུའི་མཐོང་སྣང་ཉིན་མཚན་གཉིས་ཆ་ར་ལུ་ཆེ་བའི་ཁར་ ཉོ་བཙོང་དང་ཚོང་འབྲེལ་འཐབ་ནིའི་དོན་ལུ་ ཚོང་ཁང་དང་ཚོང་ཁྲོམ་ སྒྲིང་ཁྱིམ་ཐུང་ཀུ་ལས་རིངམོ་འབད་མི་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ཟ་འཐུང་གི་དོན་ལུ་ཟ་ཁང་དང་འཕྲལ་སྤྱོད་ཟ་ཁང་ཚུ་ཡོདཔ་ཨིན། དེ་ལས་ ཟ་འཐུང་ཚུ་ཁྲོམ་ལམ་བདའ་འབྱོརཔ་འབྱོརཔ་སྦེ་ཡོདཔ་ལས་ རང་གི་གདམ་ཁ་དང་བསྟུན་ལོངས་སྤྱོད་ནིའི་གོ་སྐབས་ལྡན་པའི་ཁར་ ཟ་འཐུང་ཡང་འུ་ཧཱན་ནང་འཁོད་ཀྱི་རྐྱངམ་གཅིག་གི་མ་དོ་བར་རྒྱ་ནག་གི་ས་ཁོངས་གཞན་གྱི་གདམ་ཁ་ཡང་ཡོདཔ་མ་ཚད་ རྒྱལ་སྤྱིའི་ཟ་འཐུང་ཚུ་གི་གོ་སྐབས་ཡང་སྤྱོད་ཚུགས་ནི་ཨིན་པས། དེ་མ་ཚད་ གནམ་ནུབ་མོ་སེམས་བག་ཕེབས་ནི་དང་དགའ་སྤྲོ་བསྒྱུར་ནིའི་དོན་ལུ་ ནུབ་མོ་བཤལ་ས་ཚུ་ཡང་ཡོདཔ་ཨིན། དེ་བཟུམ་མཚོ་ཡང་ཡོདཔ་ལས་ རང་བཞིན་གནས་སྟངས་ལུ་དགའ་མི་དང་ ཁྲོམ་གྱི་སྐད་དང་འུར་ཟིང་ལས་ཐག་རིང་སར་སྡོད་མི་ཚུ་གི་དོན་ལུ་ རང་བཞིན་གནས་སྟངས་ཀྱི་འདོད་ཡོན་ཧིང་སང་ས་དང་བཙག་ཏོག་ཏོ་ཚུ་སྤྱོད་ནིའི་གོ་སྐབས་ཡོདཔ་ཨིན། []འགྲེམས་སྟོན་ཁང་དང་ལྷ་ཁང་ཚུ་ཡང་མཐོང་སར་ཡོདཔ་ཨིན། དེ་ལས་ཡེ་ལོ་ཀེརེན་ཀ་རིང་གུར་འཛེགས་ཏེ་ ཁྲོམ་དང་གཙང་ཆུའི་མཐོང་ནང་ཚུ་མཐོང་གསལ་ཆེ་ཏོག་ཏོ་སྦེ་མཐོངམ་ཨིན་པས། དེ་ལས་ཚདཔ་ཚ་བ་ཅིན་ ཁྱིམ་ནང་འཁོད་རྩེདམོ་རྩེ་ས་ཚུ་ཡོདཔ་དང་ཁྲོམ་ནང་ཤིང་ཚུ་བཙུགས་ཏེ་ཡོདཔ་ཨིན། ཁྲོམ་འདི་གནམ་བྱཱ་ལུ་གནམ་མེད་ས་མེད་ཚདཔ་ཚཝ་ལས་ དེ་སྐབས་མི་ཚུ་གིས་ཕྱི་རུ་བསིལ་ཏོང་ཏོ་འགྱོཝ་ད་རྐྱངམ་གཅིག་ཕྱི་ཁར་ཐོན་ཞིནམ་ལས་ལཱ་ཚུ་འབད་དོ་ཡོདཔ་ལས་ནུབ་མོ་གར་དྲགས་འཚམས་སྡོདཔ་ཨིན་པས། []

རྒྱབ་གཏེན་དཔེ་དེབ།

  1. ཝི་ཀི་པི་ཌི་ཡ། (༢༠༢༤) འུ་ཧཱན། https://simple.wikipedia.org/wiki/Wuhan ནང་ལས་ཐོབ་ཡོདཔ་ཨིན།
  2. 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) འུ་ཧཱན། https://en.wikipedia.org/wiki/Wuhan ནང་ལས་ཐོབ་ཡོདཔ་ཨིན།
  3. ཨེན་ཐོ་ནི། (༢༠༢༥) འུ་ཧཱན། https://www.thechinajourney.com/wuhan/ ནང་ལས་ཐོབ་ཡོདཔ་ཨིན།
  4. བིརི་ཊ་ནི་ཀ། (༢༠༢༥) འུ་ཧཱན། https://www.britannica.com/place/Wuhan ནང་ལས་ཐོབ་ཡོདཔ་ཨིན།
  5. ཅཱའེ་ན་ཧའེ་ལའེཊ། (ལོ་མེད།) འུ་ཧཱན་གྱི་བདེན་པ། https://www.chinahighlights.com/wuhan/wuhan-facts.htm ནང་ལས་ཐོབ་ཡོདཔ་ཨིན།
  6. 1 2 3 མག་ད་སོ་ཡར། (༢༠༢༤) འུ་ཧཱན། https://www.babagoeschina.com/things-to-do-in-wuhan/ ནང་ལས་ཐོབ་ཡོདཔ་ཨིན།