Jump to content

ཡུ་རུ་གུ་ཝའི། Uruguay

Wikipedia ལས།
ཡུ་རུ་གུ་ཝའི་གི་རྒྱལ་དར།

ངོ་སྤྲོད།

ཡུ་རུ་གུ་ཝའི་འདི་ ལྷོ་ཕྱོགས་ཨ་མི་རི་ཀ་གི་ ལྷོ་ཤར་ཁ་ཐུག། བྱང་ཕྱོགས་ལུ་བཱར་ཛིལ་རྒྱལ་ཁབ། ནུབ་ཕྱོགས་ལུ་ཨར་ཇིན་ཊི་ན་རྒྱལ་ཁབ། ལྷོ་ཤར་ལུ་ཨེཊ་ལེན་ཊིག་རྒྱ་མཚོ་གི་ ས་མཚམས་ལུ་ ཆགས་ཏེ་ཡོད་པའི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན། འདི་གི་རྒྱ་ཚད་ ཧ་ལམ་ཀི་ལོ་མི་ཊར་གྲུ་བཞི་༡༧༦,༠༠༠ ཁྱབ་སྟེ་ཡོདཔ་ལས་ སུ་རི་ནམ་རྒྱལ་ཁབ་ཀྱི་ཤུལ་ལས་ ལྷོ་ཕྱོགས་ཨ་མི་རི་ཀ་ནང་ རྒྱལ་ཁབ་ཆུང་ཤོས་ཨང་གཉིས་པ་ཨིན་པས།

རྒྱལ་ས་ལྟེ་བ་དང་ཁྲོམ་སྡེ།

རྒྱལ་ས་ལྟེ་བ་དང་ ཁྲོམ་སྡེ་སྦོམ་ཤོས་འདི་ ལྷོ་ཕྱོགས་ཀྱི་མཚོ་འགྲམ་ལུ་གནས་མི་ མོན་ཊི་ཝི་ཌོ་ཁྲོམ་འདི་ཨིན་མས། ཁྲོམ་འདི་ ཨུ་རུ་གུ་ཝའི་གི་ སྲིད་དོན་དང་ དཔལ་འབྱོར་ དེ་ལས་ ལམ་སྲོལ་ལྟེ་བ་ཨིན། ཁབ་ཆེ་བའི་ཁྲོམ་སྡེ་གཞན་ཡང་ སཱལ་ཊོ། པཱ་སཱན་ཌུ། མཱལ་ཌོ་ན་ཌོ། རི་ཝི་ར་ཚུ་ཨིནམ་དང་ དེ་ཡང་ རྒྱལ་ཁབ་ཀྱི་ལུང་ཕྱོགས་གོང་འཕེལ་དང་ ཚོང་འབྲེལ་གྱི་ནང་ལུ་ ཁག་ཆེ་བའི་ལཱ་འགན་འབགཔ་ཨིན་མས།

ཡུ་རུ་གུ་ཝའི་གི་ས་ཁྲ།

མི་རློབས།

སྤྱི་ལོ་ ༢༠༢༥ ཚུན་ཚོད་ ཨུ་རུ་གུ་ཝའི་ལུ་ མི་རློབས་ས་ཡ་ ༣.༥ དེ་ཅིག་ཡོདཔ་ད་ བརྒྱ་ཆ་ ༩༠ དེ་ཅིག་ ཁྲོམ་གྱི་ས་གོ་ཚུ་ནང་ སྡོདཔ་ཨིན་པས། མོན་ཊི་ཝི་ཌོ་རྐྱངམ་གཅིག་ན་ར་ མི་ས་ཡ་ ༡.༣ དེ་ཅིག་སྡོདཔ་ཨིན་དང་ དེ་ཡང་ རྒྱལ་ཡོངས་ཀྱི་མི་རློབས་ལས་བརྒྱ་ཆ་ ༤༠ དེ་ཅིག་ཨིན་མས། ཨུ་རུ་གུ་ཝའི་ལུ་ མི་རློབས་ཡར་སེང་གི་ཚད་གཞི་འདི་ ཉུང་སུ་ཅིག། མི་རློབས་རྒས་མི་གི་གྱངས་ཁ་འདི་ མཐོ་སུ་ཅིག། མི་ཚེ་རིངམོ་སྦེ་སྡོད་ཚུགས་ནི། གསོ་བ་དང་ཤེས་རིག་གི་ཞབས་ཏོག་ཚུ་ ལེགས་ཤོམ་སྦེ་འཐོབ་ཚུགས་པའི་ས་གོ་ཅིག་ཨིན་མས།

མི་རིགས།

དུས་རབས་ ༡༩ པ་དང་ ༢༠ པའི་ནང་ ཕྱི་མི་ནང་འཛུལ་འབད་མི་ལས་བརྟེན་ ཨུརུ་གུ་ཝའི་གི་མི་རློབས་འདི་ མང་ཤོས་ཅིག་ ཡུ་རོ་པེན་གྱི་མི་རྒྱུད་ཨིནམ་དང་ གཙོ་བོ་ར་ ཨིས་པེ་ནིཤ་དང་ ཨི་ཊ་ལི་ཡཱན་མི་རིགས་ཚུ་ཨིན་མས། མི་རིགས་གཞན་ཆུང་ཀུ་སྦེ་ཡོད་མི་ཡང་ ཨཕ་རོ་ཡུ་རོ་ག་ཡཱན་(Afro-Uruguayans)དང་ རང་ལུགས་ཀྱི་ཅར་རུ་ཝ (Charrua)གི་རིགས་རྒྱུད་ཚུ་ཡོདཔ་ཨིན་པས། ལམ་སྲོལ་གྱི་ཐད་ཁར་ རོག་གི་དབང་འོག་ལུ་སྡོད་ནི་དང་ མི་རིགས་སླ་བསྲེ་ལས་བརྟེན་ སླ་བསྲེ་བསྲེཝ་བཟུམ་ཡོདཔ་མ་གཏོགས་ རང་ལུགས་ཀྱི་ལོག་སུ་ཅིག་སྦེ་མེདཔ་ཨིན་པས།

ཁ་སྐད།

ཨིས་པེ་ནིཤ་འདི་ གཞུང་འབྲེལ་གྱི་ཁ་སྐད་ཨིནམ་དང་ འདི་ག་ཏེ་ལུ་ཡང་སླབ་ཨིན་པས། པོར་ཅུ་ནོལོ་(Portunol) པོར་ཅུ་གིསི་དང་ ཨིས་པེ་ནིཤ་སླ་བསྲེ་བསྲེཔ་ཅིག་ཨིན་མི་འདི་ བཱར་ཛིལ་གྱི་ས་མཚམས་སྦོ་ལོགས་ཁ་ སླབ་ཨིན། ཨིང་ལིཤ་འདི་ སློབ་གྲྭ་ཚུ་ནང་སྟོནམ་ཨིནམ་དང་ ཚོང་ལཱ་དང་ལྟ་བཤལ་ནང་ ལག་ལེན་འཐབ་ཨིནམ་མ་གཏོགས་ ཉིན་བསྟར་གྱི་མི་ཚེ་ནང་ རྒྱ་ཆེ་དྲགས་སྦེ་ལག་ལེན་འཐབ་ནི་མེདཔ་ཨིན་པས།

རྒྱལ་རབས་དང་ཆོས་ལུགས།

ཡུ་རུ་གུ་ཝའི་འདི་ དུས་རབས་ ༡༧ པའི་ནང་ ཨིས་པེ་ནིཤ་གིས་དབང་འོག་ མ་འཛུལ་བའི་ཧེ་མ་ ཅར་རུ་ཝ་གི་མི་ཚུ་སྡོད་ནུག། རྒྱལ་ཁབ་འདི་བཱར་ཛིལ་དང་གཅིག་ཁར་ དཀའ་ངལ་ཐོན་ཏེ་སྡོད་པའི་ཤུལ་ལས་ སྤྱི་ལོ་ ༡༨༢༥ ལུ་རང་དབང་ཐོབ་ནུག། ཆོས་ལུགས་ཁྱབ་ཆེཝ་འདི་ར་ རོ་མཱན་ཀེ་ཐོ་ལིག་གི་ཆོས་ལུགས་ཨིན་ལུང་ ཡུ་རུ་གུ་ཝའི་འདི་ ཆོས་ལུགས་དང་འབྲེལ་བའི་བཟོད་བསྲན་ལུ་ ཡོངས་གྲགས་ཡོདཔ་ཨིན། མི་མང་ཤོས་ཀྱིས་ར་ཆོས་འབད་ནི་མེདཔ་སྦེ་ ངོས་འཛིན་འབདཝ་ཨིན་མས།

ཁྲོམ་སྡེ་གོང་འཕེལ།

ཨུ་རུ་གུ་ཝེན་གྱི་ཁྲོམ་སྡེ་ཚུ་ ལེགས་ཤོམ་སྦེ་ འགོ་འདྲེན་འཐབ་ཡོདཔ་དང་ ཁོང་ལུ་ ཡུ་རོ་པེན་གྱི་བཟོ་བཀོད་དང་ ས་གོ་ཡངས་དྲགས་ དེ་ལས་ མི་ཚེའི་སྤུས་ཚད་མཐོ་དྲགས་ཡོད་པའི་ མིང་གཏམ་ཡོདཔ་ཨིན་པས། མོན་ཊི་ཝི་ཌོ་འདི་ མཚོ་མཐའི་བཤལ་ལམ་ རམབ་ལ་(rambla)དང་ ལམ་སྲོལ་དང་ལྡན་པའི་མི་ཚེ་ དེ་ལས་ རྒྱལ་རབས་ཅན་གྱི་སྒྲིང་ཁྱིམ་ཚུ་ལས་བརྟེན་ ཡོངས་གྲགས་ཅན་ཨིན་པས། ཁྲོམ་སྡེ་ཆུང་ཀུ་ཚུ་གིས་ དབང་འོག་རྒྱལ་ཁབ་སྐབས་ཀྱི་མཛེས་ཆ་དང་ ས་གནས་ཀྱི་སྔར་སྲོལ་ཚུ་རྒྱུན་སྐྱོང་འབདཝ་ཨིན་པས།

གནམ་གཤིས།

ཨུ་རུ་གུ་ཝའི་ལུ་ གནམ་དགུན་རན་ཏོག་ཏོ་དང་ གནམ་བྱཱར་ཚ་དྲོད་རན་ཏོག་ཏོ་ཡོད་པའི་ བསིལ་དྲོད་གནམ་གཤིས་ཡོདཔ་ཨིན་པས། ལོ་གཅིག་ན་ལུ་ ཆརཔ་ག་ཏེ་ཡང་ བགོ་བཀྲམ་འབད་དེ་ སྙོམ་ཏོག་ཏོ་སྦེ་རྐྱབ་ཨིན་པས། སའི་ཆགས་ལུགས་འདི་ ཐང་སྙོམས་དང་ ཞིང་ས་བཅུད་ཅན་ དེ་ལས་ མཚོ་མཐའ་མཛེས་ཏོག་ཏོ་ཚུ་ཡོད་པའི་ མཚོ་འགྲམ་རིངམོ་ ཡོདཔ་ཨིན་པས། རྒྱལ་ཁབ་འདི་ རང་བཞིན་རྐྱེན་ངན་འབྱུང་ཉེན་ཅན་མེདཔ་ཨིན་པས།

གཞུང་སྐྱོང་།

ཨུ་རུ་གུ་ཝའི་འདི་ སྲིད་འཛིན་གྱི་ལམ་ལུགས་ཡོད་པའི་ དམངས་གཙོའི་བཙག་འཐུའི་གཞུང་ཨིན། སྲིད་འཛིན་འདི་ ལོ་ལྔའི་དོན་ལུ་ མི་དམངས་ཚོགས་རྒྱན་གྱི་ཐོག་ལས་ བཙག་འཐུ་འབད་ཡོད་མི་ རྒྱལ་ཁབ་དང་གཞུང་གཉིས་ཆ་ར་གི་འགོ་འཛིན་ཨིན། རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ཀྱི་ལམ་སྲོལ་ སྒྲིང་སྒྲི་ཡོདཔ་ད་ འདི་ཡང་ དྭངས་གསལ་ཅན་གྱི་གཙུག་སྡེ་དང་ འཇིགས་སྣང་མེད་པའི་བཙག་འཐུ་ དེ་ལས་ ལེ་ཊིན་ཨ་མི་རི་ཀ་ལུ་ ངན་ལྷད་ཀྱི་གནས་ཚད་ཚུ་ ཉུང་ཤོས་ཅིག་སྦེ་ཡོདཔ་ཨིན་པས།

རང་བཞིན་ཆགས་རབས།

རྒྱལ་ཁབ་འདི་ རྒྱ་མཚོའི་མཐའ་མ་ལུ་ ས་ཐང་ནང་སྦེ་ སྒང་ཏོ་དམའ་སུ་སྦེ་ཆགས་ཏེ་ཡོད་པའི་ཁར་ ས་བཅུད་ཅན་ཅིག་འབདཝ་ལས་ སོ་ནམ་གྱི་ལཱ་ཚུ་འབད་ཚུགས་ཏེ་ཡོདཔ་ཨིན། གཙང་ཆུ་གཙོ་བོ་ཚུ་གིས་ ནུས་ཤུགས་དང་ སོ་ནམ་ དེ་ལས་ སྐྱེལ་འདྲེན་གྱི་དོན་ལུ་ ཁག་ཆེ་ཏོག་ཏོ་སྦེ་ཕན་ཐོག་དོ་ཡོདཔ་ཨིནམ་དང་ གཙང་ཆུ་འདི་ཚུ་ཡང་ ཨུ་རུ་གུ་ཝའི་གཙང་ཆུ་དང་(Uruguay River) རི་ཡོ་ཌི་ལ་པི་ལ་ཊ་(Rio de la Plata) དེ་ལས་ རི་ཡོ་ནེ་གོརོ་(Rio Negro)ཚུ་ཨིན་པས།

དཔལ་འབྱོར།

ཡུ་རུ་གུ་ཝའི་དཔལ་འབྱོར་འདི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཌོ་ལར་ཐེར་འབུམ་ ༨༠ དེ་ཅིག་དང་ཅིག་ཁར་ སྒྲིང་སྒྲི་དང་ གོ་ཡངས་དྲགས་ཡོདཔ་ཨིན་པས། འདི་ སོ་ནམ་དང་ ཞབས་ཏོག་ དེ་ལས་ འཕྲུལ་རིག་ལས་སྡེ་ཚུ་ལུ་ ཤུགས་སྦེ་ར་བརྟེནམ་ཨིན་པས། ཕྱིར་ཚོང་གཙོ་བོ་ཚུ་ ནོར་ཤ། སྲནམ་ཅུམ། ཆུམ། ཨོ་ཆས་ཐོན་དངོས། ཤིང་གི་རྫས་ཚུ་ཨིན་པས། ནང་འདྲེན་གྱི་གྲངས་སུ་ འཕྲུལ་ཆས། སྣུམ་འཁོར། ས་སྣུམ། ཉོ་སྤྱོད་ཀྱི་ཅ་ཆས་ཚུ་ཚུདཔ་ཨིན་པས། ཨུ་རུ་གུ་ཝའི་འདི་ དཔལ་འབྱོར་གྱི་སྲིད་བྱུས་ཡར་དྲག་ཅན་དང་ ཚོང་ལཱ་འབད་ནི་ལུ་ འཇམ་ཏོང་ཏོ་ཡོད་པའི་ མིང་གཏམ་ཡོདཔ་ཨིན།

ལམ་སྲོལ་དང་གྱོན་ཆས།

ཨུ་རུ་གུ་ཝའི་ལམ་སྲོལ་གྱིས་ ཡུ་རོབ་ཀྱི་སྔར་སྲོལ་ཚུ་ ས་གནས་ཀྱི་ལུགས་སྲོལ་ཚུ་དང་ གཅིག་ཁར་སླ་བསྲེ་ཡོད་པའི་རྟགས་བཏོན་ཨིན་མས། ཊང་གོ་དང་ ཀེན་ཌོམ་བི་སྙན་ཆ་༼ཨཕ་རོ་ཡུ་རུ་གུའི་སྒྲ་སྙན་དང་ཞབས་ཁྲ༽ཚུ་ ལམ་སྲོལ་གྱི་ ངོ་རྟགས་ཨིན་པས། གོ་ལ་འདི་ དེང་སང་གི་གྱོན་ཆས་ལག་ལེན་འཐབ་ཨིན་རུང་ རང་ལུགས་ཀྱི་གྱོན་ཆས་ གའུ་ཆོ་(gaucho attire) འདི་ གྲོང་གསེབ་ཀྱི་དུས་སྟོན་ཚུ་ནང་དང་ སྒོ་ནོར་སེམས་ཅན་གསོ་མི་ཚུ་གིས་ཡང་ གྱོན་དོ་ཡོདཔ་ཨིན་མས།

ལྟ་བཤལ།

ལྟ་བཤལ་འདི་ ཡར་འཕར་འགྱོ་བའི་བཟོ་གྲྭ་ཅིག་ཨིན། བལྟ་བཤལ་པ་ཚུ་གིས་དགའ་མི་ཡང་ ལམ་སྲོལ་ལྡན་པའི་ མོན་ཊི་ཝི་ཌོའི་ཁྲོམ། དབང་འོག་བཙུགས་པའི་ས་གོ་དགའ་ཤོས་ ཀོ་ལོ་ནི་ཡ་ ཌེལ་ སེ་ཀར་མེན་ཊོ་(Colonia del Sacramento)། ཕུན་སུམ་ཚོགས་ཏོག་ཏོ་ཡོད་པའི་ མཚོ་མཐའི་བྱེ་ཐང་དང་ ནུབ་མོའི་སྤྲོ་བ་ཡོད་པའི་ པུན་ཊ་ ཌེལ་ ཨིསི་ཊ་(Punta del Este)། གྲོང་གསེབ་ཀྱི་ལྟ་བཤལ། ཚ་ཆུ། སྐྱེ་ལྡན་རིགས་སྣའི་ལྟ་བཤལ་ཚུ་ཨིནམ་དང་ འདི་ཚུ་རྒྱ་བསྐྱེད་འགྱོ་བའི་བསྒང་ཡོད་པའི་ལས་སྡེ་ཨིན་པས།

རྩེད་རིགས།

རྐང་རྩེད་འདི་ ཡོངས་གྲགས་ཅན་གྱི་རྩེདམོ་ཨིན། ཨུ་རུ་གུ་ཝའི་ལུ་ ཕི་ཕ་འཛམ་གླིང་རྒྱལ་རྟགས་༼༡༩༣༠ དང་ ༡༩༥༠༽ གཉིས་ རྒྱལ་ཁ་ཐོབ་པའི་ དཔའ་རྔམ་ཅན་གྱི་ རྐང་རྩེད་ཀྱི་བྱུང་རབས་ཡོད། རྩེད་རིགས་གཞན་ཚུ་ནང་ དྲྭ་རིལ་དང་ རག་བི་ དེ་ལས་ རྟ་རྒྱུག་ཚུ་ལུ་སྤྲོ་བ་ཡོདཔ་ཨིན་པས། དམིགས་བསལ་གྱིས་ རྒྱལ་སྤྱིའི་འགྲན་བསྡུར་ཚུ་གི་སྐབས་ལུ་ རྩེད་རིགས་ལུ་ རྒྱལ་ཡོངས་ཀྱི་བརྩོན་ཤུགས་འདི་ ཤུགས་ཅན་སྦེ་ར་ཡོདཔ་ཨིན་པས།

བཞེས་སྒོ།

ཨུ་རུ་གུ་ཝའི་གི་བཞེས་སྒོ་འདི་ ཤ་ལུ་ཤུགས་སྦེ་བརྟེན་པའི་བཞེས་སྒོ་ཨིན་པས། ཨ་ས་ཌོ་(Asado)འདི་ རྒྱལ་ཡོངས་ཀྱི་བཞེས་སྒོ་ཨིན། གཞན་མི་བཞེས་སྒོ་ཚུ་ཡང་ ཤ་གི་སེན་ཝིཅ་ ཅི་ཝི་ཊོ་(chivito)། ཨེམ་པ་ན་ཌ(empanadas)། མེ་ལ་ནེ་ཤ(milanesas)། མཱེཊ་(mate)ཇ་ཚུ་ཨིན་པས། ཨི་ཊ་ལིའི་ཤན་ཞུགས་འདི་ པཱས་ཊ་དང་པི་ཛ་ནང་ལུ་གསལ་ཏོག་ཏོ་འདུག།

ཕྱི་འབྲེལ་མཐུན་ལམ།

ཨུ་རུ་གུ་ཝའི་གིས་ བར་གནས་ཀྱི་སྲིད་བྱུས་དང་ ཕྱི་འབྲེལ་མཐུན་ལམ་གི་སྲིད་བྱུས་ཚུ་ གཞི་བཞག་དོ་ཡོདཔ་དང་ འགྲོ་བ་མིའི་ཐོབ་དབང་ལུ་ གཙོ་བོར་བཏོན་ཏེ་ ཞི་བདེ་གི་ཐོག་ལས་ དཀའ་ངལ་བསལ་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན། རྒྱལ་ཁབ་འདི་ མར་ཀོ་སུར་(Mercosur)དང་ འཛམ་གླིང་སྤྱི་ཚོགས་ དེ་ལས་ གཞན་རྒྱལ་སྤྱིའི་ལས་ཚོགས་ཚུ་གིས་ འཐུས་མི་ཅིག་ཨིན། ཨུ་རུ་གུ་ཝའི་ལུ་ ལེ་ཊིན་ཨ་མི་རི་ཀ་གི་ ཁྱིམ་ཚང་རྒྱལ་ཁབ་དང་ ཡུ་ཨེསི་ དེ་ལས་ ཨི་ཡུ་ཚོགས་པ་གཅིག་ཁར་ མཐུན་ལམ་སྒྲིང་སྒྲི་ཡོདཔ་ཨིན་པས།

མཇུག་དོན།

ཨུ་རུ་གུ་ཝའི་འདི་ ལྷོ་ཕྱོགས་ཨ་མི་རི་ཀ་ལུ་ ཡིད་ཆེས་ཏོག་ཏོ་དང་ དམངས་གཙོའི་རིང་ལུགས་ དེ་ལས་ མི་ཚེའི་སྤུས་ཚད་མཐོ་དྲགས་ཡོད་མི་འདི་ལུ་བརྟེན་ ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ ལམ་སྲོལ་ཕྱུགཔོ་དང་ དེང་སང་གི་གཞི་རྟེན་མཁོ་ཆས་ དེ་ལས་ གོང་འཕེལ་གྱི་བརྩི་མཐོང་ཚུ་ལས་བརྟེན་ཏེ་ སྔར་སྲོལ་གྱི་ཁྱད་ཆོས་མ་འདྲཝ་ཅིག་དང་ ཞི་བདེ་ལྡན་པའི་གནས་སྟངས་ནང་ལུ་ ཡར་རྒྱས་གཏང་ཚུགས་ཏེ་འདུག།

རྒྱབ་རྟེན།

https://en.wikipedia.org/wiki/Uruguay

"https://dz.wikipedia.org/w/index.php?title=ཡུ་རུ་གུ་ཝའི།_Uruguay&oldid=39228" ལས་ སླར་འདྲེན་འབད་ཡོདཔ།