ཡོངས་ལ་དཔལ་རི་དགོན་པ
ཡོང་ལ་དཔལ་རི་དགོན་པའི་ཆགས་རབ།
ཤར་ཕྱོགས་པདྨ་དགའ་ཚལ་འདི་འབྲུག་གི་རྫོང་ཁག་༢༠་ཡོད་ས་ལས་གཅིག་ཨིན་མས་ རྫོང་ཁག་དེ་ཤར་ཕྱོགས་པདྨ་དགའ་ཚལ་རྫོང་ཁག་ན་ལུ་ཡོངས་དྲག་གི་ཡོང་ལ་དཔལ་རི་དགོན་པ་ཟེར་མི་འདི་སྤོ་ཏོ་ཅིག་གུ་བསམ་གྲུབ་ལྗོང་མཁར་ལས་བཀྲིས་བསྒང་ལུ་འགྱོ་སའི་གཞུང་ལམ་ཁར་ ས་གནས་ཚེ་གླིང་བསྒོར་ལུ་ལྷདཔ་ད་ པདྨ་དགའ་ཚལ་ལུ་འགྱོ་སར་གྱི་ལམ་ཁ་བྱེལ་ཁར་ལས་ལམ་མཐའ་སྣུམ་འཁོར་ནང་ལུ་འགྱོ་བ་ཅིན་ཆུ་ཚོད་ཀར་མ་༣༠་དེ་ཅིག་འགོར་བའི་ས་ཁར་ཆགས་ཏེ་ཡོདཔ་ཨིན། ས་གནས་དེ་ཧེ་མ་སྙིང་མ་པའི་བླ་ཆེན་མཁས་གྲུབ་འཇིགས་མེད་གླིང་པ་སྐུ་མཚམས་གནང་བཞུགས་སར་དང་སྦྱིན་གིས་རླབས་རླབས་པའི་ས་ཆ་ཅིག་ཨིན་མས། བླམ་དེ་གཤགས་ཞིན་ལས་སྤྱི་ལོ་༡༧༣༦ ལུ་ཡོང་ལ་བླམ་རྡོ་རྗེ་རྒྱ་མཚོ་གིས་དགོན་པ་ཅིག་བཞེངས་བཞེངསམ་ཨིན་མས། དེ་གི་མིང་ཡང་ཡོང་ལ་དཔལ་བར་དར་རྒྱས་ཆོས་གླིང་དགོན་པ་ཟེར་བཞག་ནུག་ཨིན་རུང་དཔལ་རི་དགོན་པ་དེ་ཡོངས་དྲག་ཡར་སོང་ནུག མ་གཞི་བླམ་མཁས་གྲུབ་འཇིགས་མེད་གླིང་པ་དེ་ཐིམ་ཕུག་དབང་དར་ལུང་ཁ་ལས་ཨིན་རུང་ གཏེར་སྟོན་འཇིགས་མེད་གླིང་པ་གིས་ཁོ་ལུ་ས་གནས་ཕུརཔ་འདྲ་བ་ཅིག་ཡོད་དེ་ཁྱོད་ཀྱིས་ངོས་འཛིན་འབད་ཞིག་ག་ཅིག་སྨོ་ཟེ་བ་ཅིན་ཁྱོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ལུ་ཕན་དེ་ཁར་འགྱོ་སྡོད་པ་ཅིན་ཐོག་འོང་ཟེར་གསུངས་ཞིན་བླམ་དེ་བོད་ལུ་ཕྱག་དཔེ་གཟིགས་ཏེ་བཞུགས་བཞུགསཔ་འོང་ནི་འདྲས་ཁོ་ཡར་ལས་མར་བུམ་ཐང་ལུ་བྱོན་དེ་ཁར་ལས་སྦེ་ཤར་ཕྱོགས་ཁ་ཐུག་ལུ་བྱོནམ་ད་ ས་གནས་ད་ལྟོ་དགོན་པ་ཡོད་སར་ལྷོདཔ་ད་ཁོའི་གསང་ཡུམ་མཁའ་འགྲོ་བདེ་ཆེན་རྒྱལམོ་དེ་ལུ་ བླ་མའི་ང་ལུ་གསུང་མིའི་ས་ཁོངས་དེ་འ་ནཱི་མིན་ནམ་སྨོ་ཟེར་དྲིཝ་ད་མོ་གིས་ཡོང་ཡོང་ཟེར་ལེན་གསུངས་གསུངམ་ཨིན་མས། བླ་མའི་ཐུགས་ཁར་ལུང་གསྟན་དེ་ཁར་རང་འོང་ནི་མས་ཟེར་ཐུགས་ཞེ་གནང་སྟེ་དེ་ཁར་མཚམས་ཁང་ཅིག་རྐྱབ་སྟེ་བཞུགས་ཡོདཔ་མ་ཚད་ས་གནས་དེའི་མིང་ཡང་ཡོང་ལ་ཟེར་སླབ་དགོ་མི་དེ་ཡང་དེ་ཨིན་མས། འགྲོས་ཀྱི་སྦེ་མི་མང་སུ་ཅིག་འོང་སྟེ་ཁོ་བཞུགས་སར་མཐའ་བསྐོར་དེ་གཞི་བཅག་ནུག ཤུལ་ལས་ཨ་ནེམ་མའི་གྲྭ་ཚང་ཅིག་ཡང་གཞི་བཙུགས་མཛད་ནུག པདྨ་དགའ་ཚལ་ཟེར་མི་མིང་དེ་ཡང་ཧེ་མ་སྤྱི་ལོ་༡༨༧༠་ལུ་དོ་སྒྲུབ་རིན་པོ་ཆེ་ཕར་ལུ་བྱོན་སྟེ་པདྨ་དགའ་ཚལ་ཟེར་བཏགས་ནུག[༡]
ཡོང་ལ་ཕུར་པའི་སྒྲུབ་ཆེན།
ཡོང་ལ་ཕུར་པའི་སྒྲུབ་ཆེན་དེ་འཇིགས་མེད་ཀུན་འབྲེལ་གྱི་ངོ་སྐབས་ལས་འགོ་བཙུགས་ནུག ཨིན་རུང་བར་སྐབས་ཅིག་ལས་སྲོལ་ཉམས་ཏེ་ཡར་སོང་དེ་སྦེ་རུང་བླམ་བསོད་ནམ་བཟང་པོ་གིས་ལོག་སྟེ་སྲོལ་སྔར་ག་ཨིནམ་སྤྱི་ལོ་༡༩༦༠་ཙམ་ལུ་འགོ་བཙུགས་གནང་ནུག སྤྱི་ལོ་༢༠༠༩་ཟླ་༩་པའི་སྤྱི་ཚེས་༢༡་ལུ་ས་གཡོན་ཤུགས་ཅན་སྦེ་འོང་མིའི་ཚད་ལྷ་ཁང་དེ་ལུ་ཡང་གནོད་སྐྱོད་སྦོམ་སྦེ་རང་བྱུང་ཡོདཔ་ལས་ མི་དབང་མངའ་དག་རིན་པོ་ཆེའི་བཀའ་བཞིན་ ལར་ལོག་ག་ཨིནམ་སྦེ་ཉམས་གསོ་ཞུ་དགོཔ་སྦེ་བཀའ་གནངས་མ་ལས་ སྤྱི་ལོ་༢༠༡༢་ལས་ལཱ་འགོ་བཙུགས་ཏེ་གཟི་བརྗིད་དང་བཅསཔ་སྦེ་གྲུབ་སོ་ནུག[༡]
རྒྱབ་རྟེན་དཔེ་དེབ།
- ↑ ༡.༠ ༡.༡ Pemagatshel dzongkhag administration. (2025, 09 22). Yongla Rew Pelbar Dargeychhoeling Goenpa. Retrieved from Pemagatshel dzongkhag administration: https://pemagatshel.gov.bt/tourism/yongla-riwo-pelbar-dargeychhoeling-goenpa/
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·