རཱ་ཤི་ཡ་རྒྱལ་ཁབ།


༉ རཱ་ཤི་ཡ་རྒྱལ་ཁབ་འདི་ བྱང་དང་ཤར་ཁ་ཐུག་ལུ་ ཨར་ཊིཀ་དང་ པེ་སི་ཕིཀ་རྒྱ་མཚོ་གིས་ མཚམས་གཅད་འབད་དེ་ཡོདཔ་མ་ཚད་ ནུབ་བྱང་ཁ་ཐུག་ལུ་ སེཊ་ པི་ཊཱརསི་བཱརཀ་ལུ་ཡོད་པའི་ བཱལ་ཊིཀ་རྒྱ་མཚོ་དང་ ཀཱ་ལི་ནིང་གཱརཌ་གི་ རཱ་ཤི་ཡ་གི་ལུང་ཕྱོགས་ལུ་ གདོང་ཕྱོགས་ཆུང་ཀུ་ཡོདཔ་ཨིན། དེ་བཟུམ་སྦེ་ ལྷོ་ཕྱོགས་ལུ་ རཱ་ཤི་ཡ་གི་ས་མཚམས་ བྱང་ཀོ་རི་ཡ་དང་ རྒྱ་ནག་ མོང་གོ་ལི་ཡ་ དེ་ལས་ ཀ་ཛག་སི་ཏཱན་ ཨ་ཛར་བཱའི་ཇཱན་དང་ ཇོརཇི་ཡ་ཚུ་ཨིན། ལྷོ་ནུབ་དང་ནུབ་ཁ་ཐུག་ལུ་ ཡུ་ཀེ་རེན་དང་ བེ་ལ་རུས་ ལཱཊ་ཝི་ཡ་ ཨིསི་ཊོ་ནི་ཡ་ དེ་ལས་ ཕིན་ལེནཌ་དང་ ནོར་ཝེ་ཚུ་དང་ ས་མཚམས་ཡོདཔ་ཨིན། དེ་མ་ཚད་ བྱང་ཕྱོགས་འཛམ་གླིང་ཕྱེད་ཀ་དེ་ཅིག་སྐོར་ར་རྐྱབ་སྟེ་ ཤར་ཕྱོགས་དང་བྱང་ཤར་ཡུ་རོབ་དང་ བྱང་ཨེ་ཤི་ཡ་ག་ར་ཁྱབ་སྟེ་ཡོད་མི་ རཱ་ཤི་ཡ་ལུ་ ཤར་ནུབ་ཀྱི་རྒྱ་ཚད་མཐོ་ཤོས་ མའིལ་ ༥༦༠༠ (ཀི་ལོ་མི་ཊར་༩༠༠༠) དང་ བྱང་ལས་ལྷོ་ཕྱོགས་ཀྱི་རྒྱ་ཚད་ མའིལ་༡༥༠༠ ལས་༢༠༠ ཚུན་ཡོདཔ་མ་ཚད་ ཀི་ལོ་མི་ཊར་ ༤༠༠༠ ཡོད། དེ་བཟུམ་སྦེ་ ས་ཆའི་དབྱིབས་དང་ས་ཆའི་གནས་སྟངས་མ་འདྲཝ་སྦོམ་སྦེ་ར་ཡོདཔ་དང་ དེ་ཚུ་ཡང་ གཙོ་བོ་ར་ ལྷོ་བྱང་མཚམས་ཐིག་རྒྱ་ཆེཝ་སྦེ་ཡོདཔ་ཨིན། དེ་ཡང་ ཨར་ཊིཀ་བྱེ་མའི་ཐང་འདི་ བྱང་ཁ་ཐུག་ལུ་ཡོདཔ་ལས་ ལྷོ་ཁ་ཐུག་ལུ་ མཚོ་གླིང་དང་ དེ་ལས་ ནགས་ཚལ་གྱི་ས་ཁོངས་ཚུ་ནང་ ལམ་བྱིན་དོ་ཡོདཔ་དང་ འདི་གིས་ རྒྱལ་ཁབ་ཕྱེད་ཀ་དེ་ཅིག་ ཁྱབ་སྟེ་ཡོདཔ་ལས་ འདི་གི་ཁྱད་ཆོས་མང་ཤོས་ཅིག་ར་ བྱིནམ་ཨིན། ནགས་ཚལ་ས་ཁོངས་ཀྱི་ལྷོ་ཕྱོགས་ལུ་ ནགས་ཚལ་ཡོད་པའི་རྩྭ་ཐང་ཡོདཔ་དང་ དེ་ལས་ལྷག་སྟེ་ ཀེ་སི་པི་ཡཱན་མཚོ་གི་བྱང་ཕྱོགས་མཚོའི་མཐའ་མར་ བྱེ་ཐང་ཕྱེད་ཀ་ཆུང་ཀུ་ཅིག་ཡོདཔ་ཨིན། རཱ་ཤི་ཡགི་ས་གནས་མང་ཤོས་ཅིག་ར་ གནམ་དགུན་གྱི་བསིལ་དྲོད་ཤུགས་ཅན་དང་ རླངམ་འདི་གིས་ རློན་གཤེར་བསྡུ་གསོག་འབད་མི་དང་གཅིག་ཁར་ མཐུན་སྒྲིག་འབད་མ་ཚུགས་པར་ གཙང་ཆུ་དང་མཚོ་ དེ་ལས་ འདམ་རྫབ་ཚུ་ མང་སུ་སྦེ་ཐོན་དོ་ཡོདཔ་ཨིན།
དེ་མ་ཚད་ རཱ་ཤི་ཡ་ཤར་ཕྱོགས་ཡུ་རོབ་དང་ བྱང་ཨེ་ཤི་ཡ་གི་རྒྱ་ཁྱོན་རྒྱ་ཆེ་དྲགས་ལུ་ཁྱབ་པའི་ རྒྱལ་ཁབ་ཅིག་ཨིན། སྤྱི་ལོ་༡༩༩༡ སྤྱི་ཟླ་ ༡༢ པའི་ནང་ རཱ་ཤི་ཡ་འདི་ ཡུ་ནི་ཡན་ཨོཕ་སོ་ཝེཏ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ ཡོངས་གྲགས་ཅན་གྱི་ སྤྱི་མཐུན་རྒྱལ་ཁབ་ཅིག་ལུ་འགྱུར་ནུག། རཱ་ཤི་ཡ་འདི་ མཐོ་རིམ་གྱི་ས་ཆ་ཅིག་ཨིན། འཛམ་གླིང་ནང་རྒྱལ་ཁབ་སྦོམ་ཤོས་ཅིག་ཨིནམ་མ་ཚད་ དེའི་འོག་ལས་ར་ རཱ་ཤི་ཡ་འདི་ རྒྱལ་ཁབ་སྦོམ་ཤོས་གཉིས་པ་ཨིན། དེ་ཡང་ བྱང་ཕྱོགས་ཨེ་ཤི་ཡ་དང་ ཡུ་རོབ་ཀྱི་ཤར་ཕྱོགས་གསུམ་ཆ་མཉམ་ལུ་ ཁྱབ་སྟེ་ཡོདཔ་དང་ དུས་ཚོད་ས་ཁོངས་ ༡༡ ལུ་ཁྱབ་སྟེ་ བྱེ་མའི་ཐང་ལས་ ནགས་ཚལ་སྟུགས་དྲགས་དང་ ཨར་ཊིཀ་ ཏུན་ཌ་ར་ཚུན་ མཐའ་འཁོར་དང་ས་ཆའི་གནས་སྟངས་མ་འདྲཝ་ཚུ་ མཉམ་ཅིག་འབད་དེ་ཡོདཔ་ཨིན། རཱ་ཤི་ཡ་ལུ་ ཡུ་རོབ་ཀྱི་གཙང་ཆུ་རིང་ཤོས་ ཝོལ་ག་དང་ མཚོ་སྦོམ་ཤོས་ ལ་ཌོ་ག་ཡོདཔ་ཨིན། རཱ་ཤི་ཡ་ལུ་ འཛམ་གླིང་ནང་ མཚོ་གཏིང་ཟབ་ཤོས་ བཱའི་ཀཱལ་ཡང་ཡོདཔ་ལས་ རྒྱལ་ཁབ་འདི་གིས་ བྱང་ལྷོ་ཁ་ཐུག་ འཛམ་གླིང་ནང་ དྲོད་ཚད་དམའ་ཤོས་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན།
དེ་མ་ཚད་ རཱ་ཤི་ཡའི་མི་སེར་ཚུ་ ཧ་ཅང་མ་འདྲཝ་སྦེ་ཡོདཔ་ལས་ མང་ཤོས་ཅིག་ར་ རཱ་ཤི་ཡའི་མི་རིགས་ཨིན་རུང་ སྐད་ཡིག་མ་འདྲཝ་སླབ་མི་དང་ ཆོས་ལུགས་དང་ལམ་སྲོལ་མ་འདྲཝ་ཚུ་ བརྩི་སྲུང་འབད་མི་ མི་རིགས་གཞན་ ༡༢༠ ལྷགཔ་ཅིག་ཡོདཔ་ཨིན་པས། རཱ་ཤི་ཡའི་མི་རློབས་མང་ཤོས་ར་ ཡུ་རོབ་ཀྱི་ཆ་ཤས་ནང་ དམིགས་བསལ་གྱིས་ རྒྱལ་ས་ལྟེ་བ་ མོསི་ཀོ་གི་མཐའ་འཁོར་གྱི་ ས་ཞིང་ཅན་གྱི་ལུང་ཕྱོགས་ནང་ཡོདཔ་ཨིན་པས། མོ་སི་ཀོ་དང་ སེནཊ་པི་ཊར་སྦུག་ (ཧེ་མ་ ལེ་ནིང་གཱརཌ་) གཉིས་པ་ རཱ་ཤི་ཡའི་ལམ་སྲོལ་དང་ དངུལ་འབྲེལ་གྱི་ལྟེ་བ་ཁག་ཆེ་ཤོས་གཉིས་ཨིནམ་ལས་ འཛམ་གླིང་ནང་མཛེས་སྡུག་ཅན་གྱི་ ཁྲོམ་ཚོགས་ཚུ་གི་གྲས་ལས་ གཅིག་ཨིན་པས། དེ་མ་ཚད་ རཱ་ཤི་ཡའི་མི་རློབས་ཡང་ ཨེ་ཤི་ཡ་ལུ་ཡོད་རུང་ དུས་རབས་ ༡༧ པ་ལས་འགོ་བཙུགས་ཏེ་ དུས་རབས་ ༢༠ པ་ནང་ དམིགས་བསལ་གྱིས་ རཱ་ཤི་ཡ་གི་མི་རིགས་དང་ རཱ་ཤི་ཡ་གི་ཁ་སླབ་མི་ཚུ་ ཤར་ཁ་ཐུག་ལུ་ སའི་བེ་རི་ཡ་ལུ་འགྱོ་སྟེ་ ད་རེས་ ཝ་ལ་ཌི་ཝོསི་ཊོག་དང་ ཨིར་ཀུཊ་སི་ཀ་བཟུམ་གྱི་ཁྲོམ་ཚོགས་ཚུ་ ཡར་རྒྱས་འགྱོ་སྟེ་ཡོདཔ་ཨིན། དེ་མ་ཚད་ མི་རློབས་འབད་བ་ཅིན་ ༡༤༥,༣༣༥,༠༠༠ དེ་ཅིག་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་སྲིད་འཛིན་འབད་བ་ཅིན་ ཝ་ལཱ་ཌི་མིར་པུ་ཊིན་ཨིན་མས། གཞུང་གི་རིང་ལུགས་འབད་བ་ཅིན་ སྤྱི་མཐུན་ཚོགས་པ་མང་པོའི་སྤྱི་མཐུན་རྒྱལ་ཁབ་དང་ ཁྲིམས་བཟོའི་ཚོགས་པ་གཉིས་ཡོདཔ་ཨིན། དེ་དང་གཅིག་ཁར་ སྤྱི་ལོ་ ༡༩༡༧ ལོའི་ རཱ་ཤི་ཡའི་གཞུང་རྒོལ་གྱི་ཤུལ་ལས་ རཱ་ཤི་ཡའི་སྤྱི་མཐུན་རྒྱལ་ཁབ་འདི་ གཞི་བཙུགས་འབད་དེ་ སྤྱི་ལོ་ ༡༩༢༢ ལུ་ མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཅིག་ལུ་ འགྱུར་ཡོདཔ་ཨིན། སྤྱི་ལོ་༡༩༩༡ ལུ་ སོ་ཝེཏ་ཡུ་ནི་ཡན་འདི་ མེདཔ་བཏང་པའི་ཤུལ་ལས་ རཱ་ཤི་ཡགིས་ ཧེ་མའི་སོ་ཝེཊ་སྤྱི་མཐུན་རྒྱལ་ཁབ་ལེ་ཤ་ཅིག་དང་གཅིག་ཁར་ མཉམ་འབྲེལ་འབད་དེ་ རང་དབང་ཅན་གྱི་རྒྱལ་ཁབ་ སྤྱི་མཐུན་རྒྱལ་ཁབ་ཟེར་མི་འདི་ གཞི་བཙུགས་འབད་ནུག། དེ་ལས་ སོ་ཝེཊ་གི་ལུགས་སྲོལ་གྱི་དམངས་གཙོའི་རིང་ལུགས་མེདཔ་འགྱོ་མི་དང་ དེ་གི་ཤུལ་ལས་ སོ་ཝེཊ ཡུ་ནིཡན་ཧྲམ་འགྱོ་མི་འདི་གིས་ སྲིད་དོན་དང་དཔལ་འབྱོར་གྱི་འགྱུར་བ་སྦོམ་སྦེ་རང་ བྱུང་ནུག། དེ་བཟུམ་མའི་ དཀའ་ངལ་སྦོམ་ཡོད་རུང་ རཱ་ཤི་ཡ་གིས་ དུས་རབས་ ༡༩ པའི་ནང་ ཨཱས་ཊི་ཡན་རྒྱལ་ཁབ་ཀྱི་དཔོན་པོ་ ཀེལཱ་མེནསེ་ དང་ ཕཱརསེ་ཝུན་ མེ་ཊར་ནིཀ་ (Fürst von Metternich) གིས་བཀོད་མི་ནང་ རཱ་ཤི་ཡགིས་ འཛམ་གླིང་སྟོབས་ཆེན་ཅིག་སྦེ་ ལོག་སྟེ་ར་ འོས་འབབ་ཡོདཔ་སྦེ་ ཁས་བླངས་འབད་ནུག།
དེ་བཟུམ་སྦེ་ དེང་སང་དུས་དང་བསྟུན་ རཱ་ཤི་ཡ་གིས་སོ་ཝེཊ་གི་དུས་སྐབས་རྗེས་མའི་ནང་ གདོང་ལེན་དང་ བསྒྱུར་བཅོས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས། བཱོ་རིསེ་ ཡལ་སིན་ (Boris Yeltsin) གི་སྲིད་འཛིན་གྱི་གོ་གནས་འདི་ དཔལ་འབྱོར་གྱི་དཀའ་ངལ་དང་ སྲིད་དོན་གཏན་ཏོག་ཏོ་མེད་མི་ དེ་ལས་ ཚོང་འབྲེལ་གྱི་དཔལ་འབྱོར་ལུ་ འགྱུར་བ་འགྱོ་བའི་སྐབས་ལུ་ འཁྲུག་ཆ་དོད་དྲགས་སྦེ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༠༠ ལུ་ ཝ་ལཱ་ཌི་མིར་པུ་ཊིན་གྱིས་ སྲིད་འཛིན་གྱི་གོ་གནས་བཞེས་ཞིནམ་ལས་ དབང་ཚད་གཅིག་སྒྲིལ་འབད་དེ་ རཱ་ཤི་ཡ་གི་རྒྱལ་རབས་ནང་ དབང་ཚད་ཅན་གྱི་གཞུང་སྐྱོང་དཔེ་སྟོན་ཅིག་སྦེ་ ལམ་སྟོན་འབད་ནུག། ཁོ་གི་འགོ་ཁྲིད་འདི་ དཔལ་འབྱོར་གོང་འཕེལ་དང་ རཱ་ཤི་ཡའི་རྒྱལ་གཅེས་རིང་ལུགས་ དེ་ལས་ ནུབ་ཕྱོགས་རྒྱལ་ཁབ་ཚུ་དང་གཅིག་ཁར་ མ་འགྲིགསཔ་ཡར་སེང་འགྱོ་མི་དང་ དམིགས་བསལ་གྱིས་ སྤྱི་ལོ་༢༠༡༤ ལུ་ ཀིརི་མི་ཡ་ དབང་དུ་བསྡུ་བའི་ཤུལ་ལས་ ངོས་འཛིན་བྱུང་ནུག།
དེ་མ་ཚད་ རཱ་ཤི་ཡའི་བྱུང་རབས་འདི་ ལམ་སྲོལ་གྱི་གྲུབ་འབྲས་དང་ མངའ་ཁོངས་རྒྱ་སྐྱེད་ དེ་ལས་ མི་སྡེའི་འགྱུར་བ་སྦོམ་ཚུ་གི་ བརྡ་མཚོན་ཅིག་ཨིན། ཧེ་མའི་ (ཀི་ཝིན་རཱུསེ) (Kievan Rus)་ ལས་ དེང་སང་གི་ རཱ་ཤི་ཡན་ སྤྱི་མཐུན་ཚོགས་པ་ཚུན་ རྒྱལ་ཁབ་འདི་གིས་ གདོང་ལེན་མགུ་རྙོག་དྲགས་ཚུ་ གདོང་ལེན་འབད་དེ་ ངོ་རྟགས་དང་ ལམ་ཕྱོགས་བཟོ་ཡོདཔ་ཨིན། རཱ་ཤི་ཡ་གི་བྱུང་རབས་འདི་ཧ་གོ་མི་འདི་གིས་ རཱ་ཤི་ཡ་གི་འདས་པའི་ལོ་རྒྱུས་ཚུ་གི་སྐོར་ལས་ ཤེས་རྟོགས་བྱིན་ཚུགསཔ་མ་ཚད་ འཛམ་གླིང་ལས་དོན་ནང་ལུ་ སྲིད་ཀྱི་ལམ་ལུགས་ནང་ལུ་ སྐབས་དོན་དང་འཁྲིལ་ཏེ་ ཧ་གོ་ཚུགསཔ་ཨིན། རཱ་ཤི་ཡ་གིས་ད་ལྟོ་བཟུམ་ཅིག་འབད་བ་ཅིན་ ཡུ་ཀེརན་གྱི་རྒྱལ་ཁབ་དང་གཅིག་ཁར་ དམག་འཁྲུག་ལངས་ཏེ་ ལོ་ ༤ དེ་ཅིག་འགྱོ་སྟེ་ཡོདཔ་མ་ཚད་ མ་འོངས་པ་ལུ་ཡང་ རྒྱལ་ཁབ་ཆུང་ཀུ་ཚུ་ལུ་ རང་དབང་རང་བཙན་དང་འཛམ་གླིང་ཞི་བདེ་གི་ཕན་གྲོགས་ལུ་ གནོད་ཉེན་ཚུབས་དྲགས་འབྱུང་ནི་གི་ཉེན་ཁ་ཡོདཔ་ཨིན་མས།[༡]
རྒྱབ་རྟེན་ཐོ
[ཞུན་དག]- ↑ ༡) རི་ཡཱསེ་ནོབ་སི་ཀི་ ཨེན་ཝི་དང་ ཨིསི་ཊིན་བཱརག་ ཨེམ་ཌི་ (༡༩༦༩) ར་ཤི་ཡའི་ལོ་རྒྱུས། ནིའུ་ཡོརཀ། ཨོཀསི་ཕཱོཌ་གཙུག་ལག་སློབ་སྡེ་གི་གནས་ཚུལ་ལས་ཁང་། ༢) ཧོསི་ཀིང་ ཇི་ཨེ་ (༢༠༠༡) རཱ་་ཤི་ཡ་དང་རཱ་ཤི་ཡན་གྱི་ལོ་རྒྱུས། ཧཱ་ཝཌ་གཙུག་ལག་སློབ་སྡེ་གི་གནས་ཚུལ་ལས་ཁང་། ༣) ཝར་ནཌསི་ཀེ་ ཇི་ (༡༩༧༢) སྤྱི་ལོ་ ༡༩༡༧ ལས་ རཱ་ཤི་ཡའི་རྒྱལ་རབས་ཀྱི་ རྒྱལ་རབས་ཀྱི་ཀི་དེབ། ནིའུ་ ཧཱེ་ཝེན་ སི་ཊི། ཡེལ་གཙུག་ལག་སློབ་སྡེ་གི་གནས་ཚུལ་ལས་ཁང་། ༤) ཟཅ་ཌ་ ཇེ་ དང་ ཟཅ་ཌ་ ཨར་ (༢༠༠༥) རཱ་ཤི་ཡ་ལུ་ སློབ་གྲྭའི་བྱུང་རབས་སློབ་དེབ་གསརཔ། རྒྱལ་སྤྱིའི་འཛམ་གླིང་གཅིག་འགྱུར་དང་ཤེས་རིག་དང་སྲིད་བྱུས་ཞིབ་འཚོལ་གྱི་ལག་དེབ་ནང་ འཛམ་གླིང་སློབ་སྟོན་དང་སྲིད་བྱུས། ཌོར་ཌེརཅ། སྤྲིན་གར་ནེ་དར་ལེནཌསེ། ༥) ཨའུ་ཊི་ཨར་དང་ ཨོ་བོ་ལེན་སི་ཀི་ ཌི་ (༡༩༧༦)། རཱ་ཤི་ཡའི་ལོ་རྒྱུས་ངོ་སྤྲོད། ཀེམ་བཱེརེཇ་གཙུག་ལག་སློབ་སྡེ་གི་གནས་ཚུལ་ལས་ཁང་།