རིགས་གསུམ་མགོན་པོ། Rigsum Goenpo

ངོ་སྤྲོད།
[ཞུན་དག]རིགས་གསུམ་མགོན་པོ་འདི་ནང་པ་སངས་རྒྱས་པའི་བསྟན་པ་ནང་ལུ་གནམ་མེད་ས་མེད་གལ་ཅན་ཅིག་ཨིན།
དེ་ཡང་རིགས་གསུམ་མགོན་པོ་ཟེར་མི་འདི།
[ཞུན་དག]༡༽ སྤྱན་རས་གཟིགས།
[ཞུན་དག]རིགས་གསུམ་མགོན་པོའི་ནང་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་སྙིང་རྗེའི་རང་གཟུགས་ཅིག་ཨིན། འཕགས་པ་སྤྱན་རས་གཟིགས་འདི་སངས་རྒྱས་ག་རའི་ ཐུགས་རྗེའི་རང་བཞིན་སྙིང་རྗེ་གི་རང་གཟུགས་འདི་ཨིནམ་སྦེ་བཤད་ཨིན་མས། དེ་ཡང་འཕགས་པ་སྤྱན་རས་གཟིགས་འདི་སྙིང་རྗེའི་རང་གཟུགས་འབད་ནི་དེ་གིས་ ཕ་མར་གྱུར་པའི་སེམས་ཅན་འཁོར་བ་ནང་ལུ་ཕུད་རྡོག་གཅིག་ར་མེད་པར་ རྫོགས་ཞིནམ་ལས་མཐའ་མཇུག་ལུ་རྐྱངམ་གཅིག་ཁོ་སངས་རྒྱས་ནིའི་དམ་བཅའ་མཛད་དེ་ ད་ལྟོ་སེམས་ཅན་ཚུའི་དོན་ག་ར་སྤྱན་ཨ་ཙི་ཅིག་ཡང་བཙུམ་ནི་མེད་པར་མཛད་དོ་ཡོདཔ་ཨིན་མས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འཁོར་བའི་སེམས་ཅན་ནང་ལུ་ཡོད་པའི་ ཕ་མ་སེམས་ཅན་ཚུའི་དོན་ལུ་ ཕྱག་ལཱ་མཛདཔ་ད་ལུ་ཁོ་རའི་སྤྱན་ཨ་ཙི་ཅིག་ཡང་བཙུམ་ནི་གོ་སྐབས་མེདཔ་ལས་ མཚན་ཡང་སྤྱན་རས་གཟིགས་ཟེར་གསོལ་ཡོདཔ་ཨིན་མས། སྤྱན་རས་གཟིགས་ཀྱི་སྐུའི་རྣམ་པ་འདི་ཞལ་གཅིག་ཕྱག་བཞི་ཡོད་མི་ལས་ ཕྱག་གཉིས་དང་པ་འདི་ཐལ་མོ་སྦྱར་བའི་སྦུག་ན་ལུ་བསམ་དོན་འགྲུབ་པའི་ཡིད་བཞིན་གྱི་ནོར་བུ་བསྣམས་ཡོདཔ་དང་ ཕྱག་གཉིས་པའི་་གཡསཔ་ནང་ལུ་ཕྱག་ཕྲེང་དང་ཕྱག་གཉིས་པའི་གཡོནམ་ནང་ལུ་མེ་ཏོག་བསྣམས་ཏེ་ཡོདཔ་ཨིན། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་འདི་ཡི་གེ་དྲུག་མ་ཨོྃ་མ་ནི་པདྨེ་ཧཱུྃ་ཟེར་མི་འདི་ཨིན།
༢༽ འཇམ་དཔལ་དབྱངས།
[ཞུན་དག]
འཕགས་པ་འཇམ་དཔལ་དབྱངས་འདི་ཤེས་རབ་ཀྱི་རང་བཞིན་ཨིན། འཕགས་པ་འཇམ་དཔལ་དབྱངས་འདི་སྤྱིར་བཏང་ལུ་ སངས་རྒྱས་ག་རའི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་རང་གཟུགས་སྦེ་བཤདཔ་ཨིནམ་མ་ཚད་རིག་པའི་ལྷ་དང་ཤེས་རབ་ཀྱི་ལྷ་ཟེར་ཞུཝ་ཨིན། འཕགས་པ་འཇམ་དཔལ་དབྱངས་འདི་ཕྱག་གཡས་པ་ལུ་ཤེས་རབ་ཀྱི་རལ་གྲི་དང་ཕྱག་གཡོནམ་ནང་ལུ་མེ་ཏོག་གི་ཐོག་ཁར་པོ་ཏི་བསྣམས་ཏེ་ཡོདཔ་ཨིན། དེ་ཡང་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཕྱག་ལུ་ཤེས་རབ་མེ་འབར་བ་གཅིག་ཕྱག་ལུ་བསྣམས་མི་འདི་ འཁོར་བའི་ནང་ལུ་ཡོད་པའི་སེམས་ཅན་ག་ར་གིས་མ་རིག་པའི་རྨོངས་པ་ཚུ་གཅད་དེ་བཅོམ་ཞིན་ན་ ཤེས་རབ་མེ་བཟུམ་འབར་ཏེ་པོ་ཏི་འདི་གིས་ཤེས་རབ་རྒྱས་ནིའི་དོན་ལུ་ཨིན་མས། འཕགས་པ་འཇམ་དཔལ་དབྱངས་འདི་སྒྲུབ་དགོ་པ་ཅིན་དེའི་གཟུངས་སྔགས་འདི་ཨྃ་ཨཱ་ར་པ་ཙཱ་ན་དྡྷི་ཟེར་ཨ་རྟག་ར་བསག་པ་ཅིན་རང་གི་རིག་པ་དྭངས་ཏེ་མཁས་པ་ལུ་འགྱུརཝ་ཨིན།
༣༽ ཕྱག་ན་རྡོ་རྗེ་གསུམ་ལུ་རིགས་གསུམ་མགོན་པོ་ཟེར་སླབ་ཨིན།
[ཞུན་དག]འཕགས་པ་ཕྱག་ན་རྡོ་རྗེ་འདི་མཐུ་སྟོབས་ཀྱི་བདག་པོའི་རང་བཞིན་སྦེ་རྩིཝ་ཨིན། དེ་ལས་ཕྱག་ན་རྡོ་རྗེ་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ག་རའི་མཐུ་སྟོབས་ཀྱི་བདག་པོ་ཨིནམ་ལས་ ཁོ་གིས་སེམས་ཅན་ཚུ་གི་འདོད་ཆགས། ཞེ་སྡང་དང་གཏི་མུག་གི་དགྲ་བོ་ཚུ་བཏུལཝ་ཨིན་མས། ཕྱག་ན་རྡོ་རྗེ་འདི་ཕྱག་གཡསཔ་ལུ་རྡོ་རྗེ་བསྣམས་མི་དེ་གིས་ སངས་རྒྱས་ཀྱི་བསྟན་པ་ལུ་གནོདཔ་བཀལ་མི་ཚུ་བསྒྲལ་ཏེ་བཏངམ་མ་ཚད་ ལྷག་པར་དུ་ཡང་ཀླུ་ཚུ་བཏུལ་དོ་དོ་ཡོདཔ་ཨིན་མས། འ་ནཱི་རིགས་གསུམ་མགོན་པོ་འདི་ནང་པའི་ལྷ་ཁང་ག་ར་ནང་ལུ་མཇལ་ཚུགསཔ་ཨིན།
མཇུག་སྡུད།
[ཞུན་དག]
ཁོང་ཆ་ཁྱབ་ཚེ་རབས་ཐོག་མ་མེད་པའི་དུས་ལས་ར་དང་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལས་འགོ་བཙུགས་ཏེ་ བྱང་ཆུབ་ཀཡི་རིམ་པ་ཚུ་ག་ར་ཕུལ་ཕྱིན་སྦེ་མཛད་ཞིན་ན་སངས་རྒྱས་ཀྱི་གོ་འཕང་དངོས་སུ་ཐོབ་ཚར་རུང་ཡང་ འཁོར་བའི་འདམ་ནང་སྡུག་བསྔལ་མྱོང་སྟེ་ཡོད་མི་ཕ་མ་སེམས་ཅན་ཚུ་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནིའི་དོན་ལུ་ས་བཅུའི་བྱང་ཆུབ་སེམས་དཔའ་གི་ཚུལ་དུ་བཞུགས་ནི་དམ་བཅའ་མཚད་དེ་ ད་ལྟོ་ཡང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད་དོ་ཡོདཔ་ཨིན།
༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽
Source : Department of Culture and Dzongkha Development.
རྒྱབ་རྟེན་དཔེ་ཐོ།
༡. Zachery Collier། གནམོ་ལོ་མེད། སྤྱི་ལོ་ 2019-2020། འབྲུག་གི་སྙིང་རྗེ། ཤེས་རབ་དང་མཐུ་སྟོབས་ཀྱི་བྱང་ཆུབ་སེམས་དཔའ་ཚུ། ཡོངས་འབྲེལ། https://www.nwrafting.com/international/bhutans-bodhisattvas-of-compassion-wisdom-and-power