རོ་ཁྱི།
[༡]རོ་ཁྱི་ (Canis familiaris[༢] ཡང་ན་ Canis lupus familiaris) འདི་ སྤྱང་ཀི་གི་རིགས་བརྒྱུད་ཅིག་ཨིན། ཁྱིམ་ནང་གི་རོ་ཁྱི་ཟེར་ཡང་སླབ་ཨིནམ་ད་ འདི་ཡང་ ཤ་བདའ་མི་ཚུ་གིས་ རབས་ཆད་འགྱོ་མི་ སྤྱང་ཁྱི་ཚུ་ལས་ འདམ་ཁ་རྐྱབ་སྟེ་ གསོ་སྐྱོང་འབད་ནུག རོ་ཁྱི་འདི་ མི་ཚུ་གིས་ ལོ་ངོ་༡༤༠༠༠ ལྷགཔ་ཅིག་གི་ཧེ་མ་དང་ སོ་ནམ་གྱི་ལཱ་ཚུ་ གོང་འཕེལ་མ་འགྱོ་བའི་ཧེ་མ་ ཁྱིམ་ནང་ བདག་འཛིན་འཐབ་མི་ རིགས་སྣ་འགོ་དང་པ་ཅིག་ཨིན་པས། མཁས་མཆོག་ཚུ་གིས་ མི་ཚུ་དང་གཅིག་ཁར་ ཡུན་རིངམོ་སྦེ་ འབྲེལ་བ་འཐབ་མི་ལུ་བརྟེན་ཏེ་ རོ་ཁྱི་ཚུ་གིས་ གཞན་མི་རོ་ཁྱི་ཚུ་ལུ་ ལངམ་སྦེ་མེད་པའི་ སྦྱར་རྫས་མང་བའི་ བཞེས་སྒོ་ཚུ་ ལག་ལེན་འཐབ་སྟེ་ འཚོ་སྡོད་ཚུགས་པའི་ ལྕོགས་གྲུབ་ཐོབ་ཡོདཔ་སྦེ་ ཚོད་དཔག་འབདཝ་ཨིན་མས།[༣]
རོ་ཁྱི་ཚུ་ རེ་འདོད་བསྐྱེད་མི་སྤྱོད་ལམ་དང་ ཚོར་བའི་ནུས་པ་ དེ་ལས་ གཟུགས་ཀྱི་ཁྱད་ཆོས་ཚུ་གི་དོན་ལས་ གསོ་སྐྱོང་འབད་ཡོདཔ་ཨིན། རོ་ཁྱི་གི་རིགས་ཚུ་ དབྱིབས་དང་ཚད་ དེ་ལས་ ཚོས་གཞི་ཚུ་ མ་འདྲཝ་སྦེ་ཡོདཔ་ཨིན། རུ་ཏོ་གི་གྱངས་ཁ་གཅིག་མཚུངས་ཡོདཔ་ཨིན། མི་ཚུ་དང་ཕྱདཔ་ད་ རོ་ཁྱི་ཚུ་ལུ་ མིག་ཏོ་གི་མཐོང་ཤུགས་ དམའ་ཤོས་དང་ དྲི་བཟང་གི་ཚོར་སྣང་ དེ་ལས་ དྲི་བཟང་གི་ མགུ་ཏོ་འདི་ མཐོ་དྲགས་སྦེ་ཡོདཔ་ཨིན། མི་ཚུ་གི་དོན་ལུ་ ཤ་བདའ་ནི་དང་ ཕྱུགས་འཚོ་ནི་ ལྗིད་འཐེན་ནི་ ཉེན་སྲུང་ ཆ་རོགས་ སྨན་བཅོས་ དབང་པོ་སྐྱོན་ཅན་ཚུ་ལུ་ གྲོགས་རམ་འབད་ནི་ དེ་ལས་ ཁྲིམས་སྲུང་འགག་པ་དང་དམག་མི་ཚུ་ལུ་ གྲོགས་རམ་འབད་ནི་ལ་སོགས་པའི་ འགན་ཁུར་ལེ་ཤ་ཅིག་རང་ འབགཔ་ཨིན།
རོ་ཁྱི་ཚུ་གི་བརྡ་སྤྲོད་ནང་ལུ་ མིག་ཏོ་བལྟ་ནི་དང་ གདོང་གི་རྣམ་འགྱུར་ དེ་ལས་ སྐད་རྐྱབ་ནི་ དེ་ལས་ གཟུགས་ཀྱི་གནས་སྟངས་ དེ་ལས་ བྲོཝ་གི་བརྡ་སྤྲོད་ཚུ་ཚུདཔ་ཨིན་མས། དེ་ལས་ ཁོང་གིས་ ཁོང་རའི་ས་ཁོངས་ཚུ་ ཆུ་བཏང་ཐོག་ལས་ རྟགས་བཀལཝ་ཨིནམ་ད་ འདི་ཡང་ མཐའ་འཁོར་གསརཔ་ནང་འཛུལ་བའི་སྐབས་ འབྱུང་སྲིད་ནི་ཨིན་པས། ལོ་སྟོང་ཕྲག་ལས་བཅད་དེ་ རོ་ཁྱི་ཚུ་ མི་གི་སྤྱོད་ལམ་ལུ་ ཁྱད་པར་ཅན་ཅིག་སྦེ་ མཐུན་སྒྲིག་འབད་ཚུགས་ནུག། འདི་ནང་ལུ་ མི་ཚུ་དང་གཅིག་ཁར་ ཧ་གོ་ཚུགས་མི་དང་ བརྡ་སྤྲོད་འབད་ཚུགས་མི་ཚུ་ཚུདཔ་ཨིན། འདི་འབདཝ་ལས་ མི་དང་རོ་ཁྱི་གི་མཐུན་ལམ་འདི་ འཕྲལ་འཕྲལ་རང་ ཞིབ་འཇུག་འབད་བའི་གནད་དོན་ཅིག་ཨིནམ་མ་ཚད་ རོ་ཁྱི་གིས་ མི་སྡེ་ནང་ལུ་ ཤན་ཞུགས་འབད་མི་འདི་གིས་ ཁོང་ལུ་ "མི་གི་ཆ་རོགས་དྲག་ཤོས"ཟེར་བའི་ མིང་གཞན་བྱིན་ནུག
འཛམ་གླིང་ནང་ རོ་ཁྱི་གི་མི་རློབས་འདི་ ས་ཡ་༧༠༠ ལས་ དུང་ཕྱུར་༡ ཚུན་ འཛམ་གླིང་ནང་ བཀྲམ་སྤེལ་འབད་དེ་ཡོདཔ་སྦེ་ ཚོད་དཔག་འབདཝ་ཨིན་པས། རོ་ཁྱི་འདི་ ཡུ་ཨེས་ལུ་ ཁྱིམ་གུང་བརྒྱ་ཆ་༣༤ ལས་༤༠ གི་བར་ན་ ཡོངས་གྲགས་ཅན་གྱི་ སེམས་ཅན་ཅིག་ཨིན། གོང་འཕེལ་འགྱོ་མི་རྒྱལ་ཁབ་ཚུ་ནང་ འཛམ་གླིང་ནང་ རོ་ཁྱི་གི་མི་རློབས་བརྒྱ་ཆ་༢༠ དེ་ཅིག་ཡོདཔ་ད་ རོ་ཁྱི་བརྒྱ་ཆ་༧༥ དེ་ཅིག་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་ནང་ལས་ འོང་དོ་ཡོདཔ་ད་ དེ་ཡང་ གཙོ་བོ་ར་ རི་དྭགས་དང་ མི་སྡེ་གི་རོ་ཁྱི་ཚུ་ཨིན་པས།
Gallery
[ཞུན་དག]རྒྱབ་རྟེན་དཔེ་ཐོ།
[ཞུན་དག]- ↑ https://en.wikipedia.org/wiki/Dog
- ↑ https://www.britannica.com/animal/dog
- ↑ Domestic and Wild dogs