Jump to content

རྒྱ་མའི་ཀ། Jamaica

Wikipedia ལས།

ངོ་སྤྲོད་དང་ཆགས་རབས།

རྒྱ་མའི་ཀ་འདི་ ནུབ་ཕྱོགས་ཀྱི་མཚོ་གླིང་རྒྱལ་ཁབ་ཅིག་ཨིན། ཀེ་རི་བི་ཡཱན་མཚོ་(Caribbean Sea) ནང་ ཀིའུ་བ་(Cuba) དང་ ཧིས་པ་ནིའོ་(Hispaniola) གི་ཤུལ་ལས་ མཚོ་གླིང་སྦོམ་ཤོས་གསུམ་པ་ཨིན་པས། རྒྱ་མའི་ཀ་འདི་ རིང་ཚད་མའིལ་༡༤༦ དེ་ཅིག་ (ཀི་ལོ་མི་ཊར་༢༣༥) དང་ རྒྱ་ཚད་མའིལ་༢༢ ལས་༥༡ གི་བར་ན་ ཡོདཔ་ཨིན། རྒྱལ་ས་ལྟེ་བ་འདི་ ཀིངས་ཊན་ཨིན་པས། སྤྱི་ལོ་༡༩༦༢ ལུ་ རྒྱ་མའི་ཀ་འདི་ ཡུ་ཀེ་(United Kingdom) ལས་ རང་དབང་འཐོབ་ཡོདཔ་ཨིན་པས། []

ས་གཤིས། (Climate)

རྒྱ་མའི་ཀ་ལུ་ ལོ་བསྟར་བཞིན་དུ་ དྲོད་ཤུགས་ཡོདཔ་ལས་ ཚ་དྲོད་ཀྱི་གནམ་གཤིས་ཡོདཔ་ཨིན། ས་སྐམ་གྱི་དུས་ཚོད་འདི་ སྤྱི་ཟླ་༡༢ པ་ལས་ སྤྱི་ཟླ་༥ པ་ཚུན་ཨིནམ་ད་ སྤྱི་ཟླ་༢ པ་འདི་ ཟླཝ་སྐམ་ཤོས་ཅིག་ཨིན་མས། རློན་གཤེར་གྱི་དུས་ཚོད་འདི་ སྤྱི་ཟླ་༦ པ་ལས་ སྤྱི་ཟླ་༡༡ པ་ཚུན་ཨིནམ་ད་ སྤྱི་ཟླ་༨ པ་ཚུན་ རློན་གཤེར་འདི་རྒྱ་ཆེ་ཤོས་ཅིག་ཨིན་པས། རླུང་འཚུབ་ཀྱི་དུས་ཚོད་ནང་ རླུང་འཚུབ་འབྱུང་དོ་ཡོདཔ་ཨིན་པས།[]

མི་རློབས་དང་མི་རིགས།

སྤྱི་ལོ་༢༠༢༥ སྤྱི་ཟླ་༣ པའི་ཚེས་༡༠ ཚུན་ རྒྱ་མའི་ཀ་གི་མི་རློབས་འདི་ ༢,༨༣༧,༧༢༦ ལུ་ལྷོད་ཡོདཔ་ལས་ འཛམ་གླིང་ནང་ལུ་ མི་རློབས་མང་ཤོས་ཡོད་པའི་རྒྱལ་ཁབ་༡༤༡ པ་ཨིན་པས། འདི་གིས་ འཛམ་གླིང་ནང་གི་མི་རློབས་བརྒྱ་ཆ་༠.༠༣ དེ་ཅིག་ ཡོདཔ་སྦེ་བཏོནམ་ཨིན་པས། རྒྱ་མའི་ཀ་གི་མི་རློབས་འདི་ མང་ཤོས་ཅིག་རང་ཨཕ་རི་ཀ་ གི་རིགས་བརྒྱུད་ (བརྒྱ་ཆ་༧༦.༣) གིས་གང་ཡོདཔ་ལས་ མཚོ་གླིང་འདི་ ཟ་བྲན་གྱི་ཚོང་འབྲེལ་ལྟེ་བ་ཅིག་སྦེ་ གསལ་སྟོན་འབདཝ་ཨིན། ཨེཕ་རོ་ཡུ་རོ་པི་ཡཱན་(Afro-European) གི་མི་རློབས་(བརྒྱ་ཆ་༡༥.༡)གིས་ དབང་འོག་བཙུགས་པའི་སྐོར་ལས་ གསལ་སྟོན་འབདཝ་ཨིན་རུང་ ཨིསཊ་ཨིན་ཌི་ཡ་ (East India) དང་ ཨེཕ་རོ་ཨིསཊ་ཨིན་ཌི་ཡཱན་ (Afro-East Indian) གི་མི་སྡེ་(བརྒྱ་ཆ་༣.༤) འདི་ ལས་མི་སྦེ་ལྷོད་ཡོདཔ་ཨིན་པས། རྒྱ་ནག་དང་ མི་རིགས་གཞན་གྱི་སྡེ་ཚན་ཆུང་ཀུ་ཚུ་གིས་ མཚོ་གླིང་འདི་གི་ལམ་སྲོལ་མ་འདྲཝ་ཚུ་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། []

གཞུང་སྐྱོང་ལམ་ལུགས།

རྒྱ་མའི་ཀ་ལུ་ གཞུང་སྐྱོང་ལམ་ལུགས་འདི་ རྩ་ཁྲིམས་ཆེན་མོ་གི་རྒྱལ་བརྒྱུད་ཅིག་ཨིནམ་དང་ རྒྱལ་པོ་འདི་ གཞུང་སྐྱོང་སྤྱི་ཁྱབ་ཀྱིས་ ངོ་ཚབ་འབད་དེ་ རྒྱལ་ཁབ་ཀྱི་འགོ་ཁྲིདཔ་ཨིན།  ལམ་ལུགས་འདི་ བིརི་ཊིཤ་ (British) གི་ལམ་ལུགས་དང་འདྲ་དོ་ཡོདཔ་དང་ འདི་གིས་གཞུང་སྐྱོང་ཡན་ལག་གསུམ་གྱི་ནང་ལུ་ དབང་ཚད་འདྲ་མཉམ་སྦེ་བཞག་ཚུགསཔ་ཨིན་པས།  རྒྱ་མའི་ཀཱན་རྩ་ཁྲིམས་ཆེན་མོ་གིས་ མི་སེར་ཚུ་གི་རང་དབང་དང་ དྲང་བདེན་གྱི་བཙག་འཐུ་ནང་ བཅའ་མར་གཏོགས་ནི་གི་ དབང་ཚད་དང་ གཞུང་གདམ་ཁ་རྐྱབ་ནི་གི་ ཁས་ལེན་འབདཝ་ཨིན་པས།  ཁོང་གི་ མི་མང་ཞབས་ཏོག་ལྷན་ཚོགས་ཚུ་གིས་ ཡན་ལག་འདི་ཚུ་ལུ་ རྒྱབ་སྐྱོར་འབད་དེ་ མི་མང་འགོ་དཔོན་ཚུ་ བསྐོ་བཞག་དང་ ཆ་མེད་བཏང་ནི་ལུ་ ལྟ་རྟོག་འབདཝ་ཨིན་པས། གཞུང་གི་མངའ་འོག་ལུ་ ཕན་ཚུན་འབྲེལ་མཐུན་འབད་མི་དམག་མི་ཚུ་གིས་ རྒྱལ་ཁབ་ནང་ བརྟན་ཏོག་ཏོ་སྦེ་བཞག་ནི་གི་དོན་ལུ་ ལས་སྡེ་དང་ ལས་ཁུངས་ དེ་ལས་ ལྷན་ཁག་ཚུ་བརྒྱུད་དེ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དོ་ཡོདཔ་ཨིན་པས། []

སྐད་ཡིག་དང་ལམ་སྲོལ།

རྒྱ་མའི་ཀ་གི་གཞུང་འབྲེལ་སྐད་ཡིག་འདི་ ཨིང་ལིཤ་ཨིན་རུང་ རྒྱ་མའི་ཀཱན་པ་ཏོཡིས་ (Jamaican Patois) འདི་ ཁོང་རའི་སྐད་ཡིག་ཨིན་པས།  འཕྲལ་འཕྲལ་སྐབས་ ཨིང་སྐད་ཀྱི་སྐད་ཡིག་ཅིག་སྦེ་ ཆ་བཞགཔ་ཨིན་རུང་ "pure" Patois འདི་ ཨིང་སྐད་ཀྱི་གནས་ཚད་དང་ལྡན་པའི་ ཤེས་རྟོགས་མེདཔ་ལས་ སྐད་ཡིག་སོ་སོ་ཅིག་སྦེ་ བརྩི་དོ་ཡོདཔ་ཨིན།  སྐད་ཡིག་གཉིས་འདི་ གཅིག་ཁར་སྦེ་ལག་ལེན་འཐབ་དོ་ཡོད་རུང་ གསལ་བཤད་པ་ཚུ་གིས་ སྐབས་དོན་དང་ ལྟདམོ་ལྟ་མི་ཚུ་ལུ་གཞི་བཞག་སྟེ་ ག་འདི་མངམ་ལག་ལེན་འཐབ་ནི་ཨིན་ན་ བདེ་སྒྲིག་འབད་དོ་ཡོདཔ་ཨིན་པས།

རྒྱ་མའི་ཀ་འདི་ མང་ཤོས་ར་ ཡེ་ཤུ་པ་ཨིནམ་དང་ ཡེ་ཤུའི་ལྷ་ཁང་མ་འདྲཝ་ ཨེང་ལི་ཀེན་ (Anglican) དང་ ཀེ་ཐོ་ལིག་དང་ བེབ་ཊིས་ (Baptist) ཚུ་ཡོདཔ་ཨིན། རྒྱ་མའི་ཀ་ལས་འགོ་བཙུགས་མི་ རཱས་ཊ་ཕ་རིཡ་ནི་ཟམ་(Rastafarianism) འདི་ཡང་ རྒྱ་མའི་ཀ་གི་ལམ་སྲོལ་ལུ་ གནམ་མེད་ས་མེད་ཁག་ཆེ་དོ་ཡོདཔ་ཨིན། དེ་མ་ཚད་ རྒྱ་མའི་ཀ་ལུ་ ཇིའུ་དང་ མུས་ལིམ་ དེ་ལས་ ཧིན་དུའི་མི་ཚུ་ཡང་ཡོདཔ་ཨིན་པས།

བཟའ་ཚང་འདི་ རྒྱ་མའི་ཀ་ལུ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ བཟའ་ཚང་སྦོམ་ཚུ་ འཕྲལ་འཕྲལ་རང་ གཅིག་ཁར་སྡོད་ཞིནམ་ལས་ གཅིག་གིས་གཅིག་ལུ་ གྲོགས་རམ་འབད་དོ་ཡོདཔ་ཨིན།  རྒྱ་མའི་ཀཱན་ཚུ་གིས་ ཁོང་རའི་བཟའ་ཚང་ནང་གི་ རྒས་ཤོས་ཚུ་ལུ་ ཨ་ཞེམོ་དང་ཨ་ཞང་ དེ་ལས་ ཨའི་ཚུ་བཟུམ་སྦེ་ གུས་ཞབས་འབདཝ་ཨིན།  རྒྱ་མའི་ཀཱན་གྱི་ རང་ལུགས་ཀྱི་ མཛད་སྒོ་ ཀུ་མི་ན་(Kumina) བཟུམ་གྱི་ མཛད་སྒོ་ཚུ་ཨིནམ་ད་ དེ་ནང་ སྙན་ཆ་དང་ཞབས་ཁྲ་རྐྱབ་ནི་ དེ་ལས་ མི་ཚུ་གིས་རང་ལུགས་ཀྱི་ མཆོད་འབུལ་ཕུལ་ནི་གི་ མཛད

དཔལ་འབྱོར།

རྒྱ་མའི་ཀ་གི་དཔལ་འབྱོར་འདི་ སླ་བསྲེ་རྐྱབ་སྟེ་ཡོད་རུང་ ཞབས་ཏོག་དང་ དམིགས་བསལ་དུ་ ལྟ་བཤལ་ དེ་ལས་ མ་དངུལ་གཞི་བཙུགས་ཚུ་ལུ་གཞི་བཞག་སྟེ་ཨིན་མས། སྤྱི་ལོ་༡༩༦༢ ལུ་ རང་དབང་ཐོབ་ཞིནམ་ལས་ རྒྱལ་ཁབ་འདི་ གོང་འཕེལ་འགྱོ་སྟེ་ཡོད་རུང་ འདྲ་མཉམ་མེད་པའི་དཀའ་ངལ་ཡོདཔ་ཨིན་པས། དུས་རབས་༢༠ པའི་མཇུག་ལུ་ ས་གཏེར་དང་བཟོ་སྐྲུན་འབད་ནི་འདི་ དཔལ་འབྱོར་ལུ་ ཁག་ཆེཝ་སྦེ་ཐོན་ཡོདཔ་ད་ སོ་ནམ་གྱི་ཅ་ཆས་ཚུ་ ཕྱིར་ཚོང་འཐབ་ནི་འདི་ བཀག་ཆ་འབད་ཡོདཔ་ཨིན། སྤྱི་ལོ་༡༩༨༠ ལོ་གྲངས་ལས་ མངའ་སྡེ་གིས་དཔལ་འབྱོར་གྱི་ནང་ལུ་ གཙོ་བོ་ཅིག་སྦེ་འགན་ཁུར་འབག་མི་ལས་སྡེ་ཚུ་ མར་ཕབ་འབད་ཡོདཔ་ཨིན་པས། འདི་ཡང་ བཟོ་བཀོད་བདེ་སྒྲིག་དང་ དཔལ་འབྱོར་གྱི་རང་དབང་བྱིན་ནི་དེ་གིས་ སྒེར་གྱི་ཚོང་འབྲེལ་པ་ཚུ་གིས་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ཏེ་ཨིན་མས། ཨིན་རུང་ སྤྱི་ལོ་༡༩༩༠ ལོ་གྲངས་ལུ་ དངུལ་འབྲེལ་གྱི་དཀའ་ངལ་འདི་ གཞུང་གིས་ བཟོ་གྲྭ་དང་དངུལ་འབྲེལ་ལས་སྡེ་ལ་ལུ་ཅིག་ལུ་ ཉེས་ཁྲིམས་བཀལ་དགོཔ་ཐོན་ནུག []

ཚོང་འབྲེལ།

ཚོང་འབྲེལ་འདི་ རྒྱལ་ཡོངས་ནང་འདྲེན་གྱི་ བཞི་ཆ་གཅིག་དང་ ལས་མི་དྲུག་ཆ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ཨིན། ཕྱིར་ཚོང་གཙོ་བོ་ཚུ་གིས་ ཕྱིར་ཚོང་གི་འོང་འབབ་ གསུམ་དཔྱ་གཅིག་དེ་ཅིག་འོང་མི་འདི་ཡང་ གཙོ་བོ་ར་ aluminum དང་ bauxite ཚུ་ལས་ཨིན་པས། གུ་རམ་དང་ ངང་ལག་ ཀོ་ཕི་ དེ་ལས་ གཞན་མི་སོ་ནམ་ཐོན་སྐྱེད་ འཐུང་ཆུ་དང་ ཏམ་ཁུ་ དེ་ལས་ ལྷག་ལུས་ཚུ་ མང་ཤོས་ཅིག་ར་ རྫས་སྦྱོར་ཚུ་ལས་བརྟེན་ཨིན་པས། ཡུ་ཨེས་ (United States) འདི་ རྒྱ་མའི་ཀ་གི་ཚོང་འབྲེལ་མཉམ་འབྲེལ་པ་ངོ་མ་ཅིག་ཨིན། རྒྱ་མའི་ཀ་འདི་ ཀེ་རི་བི་ཡཱན་ (Caribbean) མི་སྡེ་ ཀ་རི་ཀཱོམ་(CARICOM) རྩིས་ཏེ་ ཚོང་འབྲེལ་ལས་སྡེ་ལེ་ཤ་ཅིག་གི་ནང་ བཅའ་མར་གཏོགས་མི་འཐུས་མི་ཅིག་ཨིན། []

དཀའ་ངལ་དང་གདོང་ལེན།

རྒྱ་མའི་ཀ་ལུ་ ལྟ་བཤལ་ལུ་བརྟེན་སྡོད་མི་དང་ མི་མང་གི་བུ་ལོན་མཐོ་དྲགས་དང་ བྱ་ངན་ ངན་ལྷད་ དེ་ལས་ གནམ་གཤིས་འགྱུར་བགྲོད་ཀྱི་ ཉེན་ཁ་ཚུ་རྩིས་ཏེ་ གདོང་ལེན་ལེ་ཤ་ཅིག་ར་ ཐོན་དོ་ཡོདཔ་ཨིན་པས།  ཁོང་གིས་ དཔལ་འབྱོར་སྣ་མང་བཟོ་ནི་དང་ གཞུང་སྐྱོང་སྒྲིང་སྒྲི་བཟོ་ནི་ འཕྲུལ་རིག་མཐུན་རྐྱེན་ནང་ མ་རྩ་བཙུགས་ནི་ ཉེས་ལས་དང་འཐབ་འཛིང་མར་ཕབ་འབད་ནི་ དེ་ལས་ མི་སྟོབས་གོང་འཕེལ་ལུ་ གཙོ་རིམ་བཟུང་ནི་གི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། སྲིད་བྱུས་ཚུ་ལག་ལེན་འཐབ་ཏེ་ གསར་བཏོད་དང་ མི་སྡེ་གོང་འཕེལ་ལས་རིམ་ཚུ་ ཁྱབ་སྤེལ་འབད་དེ་ རྒྱ་མའི་ཀ་གིས་ ཡུན་བརྟན་དང་ འདྲ་མཉམ་གྱི་གོང་འཕེལ་ཚུ་ ཡར་རྒྱས་གཏང་དོ་ཡོདཔ་ཨིན། []

རྒྱ་མའི་ཀ་གི་མངའ་སྡེ།

རྒྱ་མའི་ཀ་འདི་ མངའ་སྡེ་ལུ་དབྱེ་བ་ཕྱེ་སྟེ་མེན་པར་ ཆོས་སྡེ་༡༤ ཡོད་པའི་རྒྱལ་ཁབ་གཅིག་ཨིན། ཀིངས་ཊན་འདི་ རྒྱ་མའི་ཀ་གི་རྒྱལ་ས་ལྟེ་བ་ཨིནམ་ལས་ མཚོ་གླིང་འདི་གི་ཤར་ལྷོ་མཚོའི་མཐའ་མར་ ཆགས་ཡོདཔ་ཨིན། དེ་ནང་ལུ་ རང་བཞིན་གྱི་མཚོ་འགྲམ་ཅིག་ཡོདཔ་ད་ དེ་ཡང་ བྱེམ་བླུག་སའི་ བྱེམ་རིངམོ་ པེ་ལི་ས་ཌོས་(Palisadoes) ཟེར་མི་གིས་ ཉེན་སྲུང་འབད་དེ་ཡོདཔ་ཨིན། ཀིངས་ཊན་འདི་ ནུབ་ཕྱོགས་འཛམ་གླིང་ནང་ ཨིང་སྐད་སླབ་མི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་པས། []

མཇུག་དོན།

རྒྱ་མའི་ཀ་འདི་ མཚོ་གླིང་རྒྱལ་ཁབ་ཅིག་ཨིནམ་ད་ ལོ་རྒྱུས་ཚུ་ཕྱུགཔོ་སྦེ་ཡོདཔ་དང་ མཚོའི་མཐའ་མ་ དེ་ལས་ ལམ་སྲོལ་གཞན་དང་མ་འདྲཝ་ཅིག་ཡོདཔ་ཨིན་པས། ཁོང་ལུ་གདོང་ལེན་ཚུ་བྱུང་སྟེ་ར་ཡོད་རུ་ ཡུན་བརྟན་དང་འདྲ་མཉམ་གྱི་གོང་འཕེལ་བཏང་ཐོག་ལས་ མ་འོངས་པའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།

རྒྱབ་རྟེན།

[ཞུན་དག]
  1. ༡.༠ ༡.༡ https://www.britannica.com/place/Jamaica
  2. https://www.uwi.edu/jamaica.php#:~:text=Ethnic%20Make%2DUp%3A%2076.3%25,%25%20Chinese%20and%200.8%25%20Other.&text=History%3A%20When%20Christopher%20Columbus%20first,by%20Arawak%20(Taino)%20Indians.
  3. https://jis.gov.jm/government/overview-government-jamaica/
  4. https://en.m.wikipedia.org/wiki/Economy_of_Jamaica
  5. ༥.༠ ༥.༡ ༥.༢ https://www.trade.gov/country-commercial-guides/jamaica-market-challenges
"https://dz.wikipedia.org/w/index.php?title=རྒྱ་མའི་ཀ།_Jamaica&oldid=38474" ལས་ སླར་འདྲེན་འབད་ཡོདཔ།