Jump to content

རྒྱལ་སྲས་བསྟན་འཛིན་རབ་རྒྱས

Wikipedia ལས།
རྒྱལ་སྲས་བསྟན་འཛིན་རབ་རྒྱས།

སྐུ་འཁྲུངས་པ།

རྒྱལ་སྲས་མཆོག་ཡབ་ཚེ་དབང་བསྟན་འཛིན་དང་ཡུམ་དམ་ཆོས་བསྟན་འཛིན་གྱི་སྲས་སྦེ་རབ་བྱུང་༡༡་པའི་ས་ཕོ་སྟག་ལོ་ཟླ་༡༡་པའི་ཚེས་༡་གཟའ་ཉི་མའི་དྲོ་པ་ཉི་ཤར་དཀརཝ་ཅིག་གདན་ས་རྟ་མགོ་ལུ་སྐུ་འཁྲུངས་ནུག དེ་སྤྱི་ལོ་འབད་བ་ཅིན་སྤྱི་ལོ་༡༦༣༨་ལུ་ཨིན་མས། ཡབ་ཚེ་དབང་བསྟན་འཛིན་དེ་བླ་མ་འབྲུག་པ་ཀུན་ལེགས་ཀྱི་སྐུ་ཚ་བོ་དང་ཡུམ་དེ་བླམ་ཕ་ཇོ་འབྲུག་སྒོམ་ཞིག་པོ་གི་སྲས་ཉི་མ་ལས་ཆད་པའི་ལྕང་སྒང་ཁ་ཆོས་རྗེའི་བརྒྱུད་པ་ཨིན་མས། ཁོ་སྐུ་འཁྲུངསམ་ད་ཡབ་ཚེ་དབང་བསྟན་འཛིན་དང་ཞབས་དྲུང་རིན་པོ་ཆེ་སྒར་སྐོར་ལུ་ཕེབས་ཏེ་གདན་སར་མ་བཞུགས་པ་ལས་ལྕགས་རི་ལུ་རྒྱལ་སྲས་འཇམ་དཔལ་རྡོ་རྗེ་བཞུགས་སར་སྲས་ཀྱི་མཚན་ཞུ་བ་བཏང་ནུག། རྒྱལ་སྲས་ཀྱིས་མཚན་ཞུ་བར་འགྱོ་མི་དེ་ཆང་གིས་འགྲངས་སོང་པ་ལས་བསྟན་འཛིན་རྐྱངམ་ཅིག་མ་གཏོགས་མ་དྲནམ་ལས་བསྟན་འཛིན་ཟེར་ཞུ་ནུག[]

སྐུ་ན་ཆུང་དུས་ཀྱི་གནས་སྐབས།

རྒྱལ་སྲས་དགུང་ལོ་བཞི་ལངམ་ཅིན་ཁོ་རའི་ཡུམ་ལས་ཀ་ཀུ་ལས་འགོ་བཙུགས་གཞན་ལྷ་ནི་དང་བྲིས་ནི་ཚུ་ལྷབ་སྦྱང་མཛད་ནུག ཨ་ལོ་གཞན་མི་དང་འཕྱདཔ་ད་མགྱོགས་པར་ར་མཁྱེན་ཚུགས་དོ་ཡོདཔ་མ་ཚད་ རྗེ་སྐུ་ན་ཆུ་ཀུའི་བསྒང་ལས་རང་བླམ་ཅིག་གི་སྐུ་སྐྱེ་བཤད་དེ་འབད་རུང་ ཞབས་དྲུང་མཆོག་གིས་འབྲུག་པའི་གདུང་ཨིནམ་ཙམ་ཅིག་གི་ཆོག་པའི་སྤྲུལ་སྐུ་མི་འོང་ཟེར་ངོས་འཛིན་མ་པ་ལས་རང་མཛད་མ་བཏུབ་པས། དགུང་ལོ་ལྔ་བཞེསཔ་ད་ ཁོ་རའི་ཡབ་ལས་ནཱ་རོ་ཆོས་དྲུག་དང་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི་མདོ་ཚུ་གི་བཀའ་ཆོས་ཡང་གསན་ནུག རྗེ་དགུང་ལོ་༧་བཞེསཔ་ཅིན་ཁོ་རའི་ཡབ་གཤགས་སོ་ནུག དེ་ལས་ཚུར་ཁོང་ཡུམ་སྲས་ལྕམ་སྲིང་ཚུ་གི་འཚོ་བའི་ཆ་རྐྱེན་ཆ་ཉམས་ཞབས་དྲུང་གི་ཕྱག་མཛོད་ནང་ལས་གནང་ནུག

དེ་ལས་དགུང་ལོ་༨་བཞེསཔ་ཅིན་དགེ་འདུན་པའི་སྡེར་བཞུགས་ཞིན་ན་ཞབས་དྲུང་རིན་པོ་ཆེ་རང་ཉིད་ཀྱིས་གཙུག་ཕུད་བཞེས་ཏེ་མཚན་ཡང་ངག་དབང་བསྟན་འཛིན་རབ་རྒྱས་ཟེར་གནང་མ་གི་མ་ཚད་པ་ གནས་བརྟན་པད་དཀར་འབྱུང་གནས་དང་བསྟན་འཛིན་ལྷུན་གྲུབ་སློབ་དཔོན་སྦེ་བསྟེན་ནུག དེ་གི་མ་དོ་བ་ཉེར་བ་མཁོའི་ཕྱག་གཡོག་ཡང་དེ་ལས་ཚུར་བཅོལ་གནང་ནུག། ཞབས་དྲུང་རིན་པོ་ཆེ་མཆོག་གིས་སྡེཔ་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་ལུ་རྒྱལ་སྲས་བདག་འཛིན་མཛད་དགོཔ་པའི་བཀའ་ཡང་ལོག་སུ་སྦེ་འབད་རང་གནང་ནུག

འབྲུག་སྡེ་སྲིད་བཞི་པའི་ཁྲི་ཐོག་ལུ་བྱོན་པ།

སྤྱི་ལོ་༡༦༨༠་ལུ་སྤུ་ན་ཁའི་རྫོང་དཔོན་དགེ་འདུན་ཆོས་འཕེལ་གྱིས་ངོ་རྒོལ་སྐབས་ ཆོས་རྒྱལ་མི་འགྱུར་བསྟན་པ་སྡེ་པའི་ཁྲི་ཐོག་ལས་དགོངས་ཞུ་མཛད་དེ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་རྒྱལ་ཚབ་སྦེ་བསྐོ་བཞག་མཛད་ནུག དེ་ལས་ཚུར་འགྲོས་ཀྱིས་སྦེ་སྡེཔ་བཞི་པའི་ཁྲི་ཐོག་ཁོ་རང་ར་བཞུགས་ནུག རྒྱས་སྲས་མཆོག་གིས་ཐིམ་ཕུག་དཀར་སྦི་ས་ལས་ལྷ་ལྕམ་ཅིག་ཡང་བཞེས་ཏེ་ སྤྱི་ལོ་༡༦༩༡་ལུ་སྲསམོ་ཀུན་ལེགས་སྐུ་འཁྲུངས་ནུག རྒྱལ་སྲས་ཀྱི་ཕྱག་ལཱ་སྲོད་དོན་གྱི་བདག་སྐྱོང་མ་དོ་བ་བསྟེན་པའི་ཞབས་ཏོ་ ལྷ་ཁང་དང་དགེ་འདུན་་ཉམས་གསོ་དང་་གསར་གཞེངས་མཛད་ནི། སྐུ་རྟེན་གསུང་རྟེན་བསྒྲུབ་ནི་ཚུ་ལུ་བརྩོན་དེ་བཞུགས་ནུག དེ་ནང་ལས་གཙོ་བོ་གཅིགཔོ་དེ་ སྤྱི་ལོ་༡༦༨༡་ལས་འགོ་བཙུགས་ཏེ་བཙུན་ཁྲལ་བཀལ་ནི་དེ་་ཨིན་མས། དེ་ཡང་གུང་པ་རེ་ལས་བུ་སྤུན་གསུམ་ཡང་ན་དེ་ལས་ལྷག་སྟེ་ཡོད་པ་ཅིན་གཅིག་ཨིན་ཅི་མིན་ཅི་དགེ་སློང་ནང་གཏང་དགོཔ་པའི་བཀའ་རྒྱ་གནང་ནུག དེ་གི་སྦེ་་དགེ་སློང་ཞལ་གྲང་༥༠༠་དེ་ཅིག་ལས་མེད་མི་ལས་་༨༠༠་ལྷག་ཙམ་ཅིག་ལུ་ཡར་སེང་སོང་ནུག ནེ་སྦེ་བསྟེན་པའི་འགྲོ་དོན་མཛད་བཞུགས་བཞུགས་བར་དགུང་ལོ་༥༨་བཞེསཔ་ཅིན་རྟ་མགོ་ལུ་སྦེ་གཤགས་སོང་ནུག []

ཁུངས་གཏུགས་དཔེ་ཆ

[ཞུན་དག]
  1. BHUTAN Mountain Fortress of the Gods. (1997). The birth of the Nation. In F. Pommaret, BHUTAN Mountain Fortress of the Gods (pp. 203-206). New Delhi: Bookwise (India) pvt.Ltd. Retrieved 09 23, 2025
  2. wordpress.com. (2017, 09 28). རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་རྣམ་ཐར་བསྡུས་དོན།. Retrieved 10 02, 2025, from Wordpress.com: https://riggzhung.wordpress.com/2017/09/28/