རྟ་མགོ་དགོན་པ
རྟ་མགོ་ཆོས་དབྱིངས་ཕོ་བྲང་།
[ཞུན་དག]
ཕ་ཇ་འབྲུག་སྒོམ་ཞིག་པོ་གི་ཕྱག་བཏབ་གནང་བ།
སྤྱིར་གཏང་གི་རྟ་མགོ་ཆོས་དབྱིངས་ཕོ་བྲང་དེ་ རྒྱལ་ས་ལྟེ་བ་ཐིམ་ཕུག་ལས་བྱང་ཁ་ཐུག་ཀོ་ལོ་མི་ཊར་༡༤་དེ་ཅིག་གི་ས་ཁར་ ས་ཆ་ཉམས་དགའ་ཏོག་ཏོ་ཅིག་གུ་ཆགས་ཏེ་ཡོདཔ་ཨིན། རྟ་མགོ་ཆོས་དབྱིངས་ཕོ་བྲང་དེ་ཡང་བླ་མ་ཕ་ཇོ་འབྲུག་སྒོམ་ཞིག་པོ་གིས་དུས་རབས་༡༣་ན་ལུ་ཕྱག་བཏབ་གནང་ནུག། དེ་གི་ཤུལ་ལས་འབྲུག་གི་སྡེ་སྲིད་བཞི་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་རྒྱ་བསྐྱེད་མ་བཏུབ་བཏུབ་སྦེ་མཛད་གནང་ནུག[༡]
བླམ་ཕ་ཇོ་འབྲུག་སྒོམ་ཞིག་པོ་གུ་རུ་རིན་པོ་ཆེའི་ལུང་བསྟན་དང་འཁྲིལ་འབྲུག་ལུ་བྱོན་པའི་ཤུལ་ལུ་དབང་སིན་མོ་ལས་མཁའ་འགྲོ་བསོད་ནམ་དཔལ་སྒྲོན་དེ་ཁོ་རའི་གསང་ཡུམ་སྦེ་བཞེས་སྦེ་ རྡོ་ལྡེན་ལུ་ཆུའི་མཐའ་མ་ཅིག་ཁར་མཚམས་ཁང་ཆུང་ཀུ་ཅིག་རྐྱབ་སྟེ་ཐུགས་དམ་གནང་བཞུགས་ཏེ་ཟླཝ་གཅིག་དེ་ཅིག་འགྱོཝ་ད་ ཉིནམ་ཅིག་གི་ཚེ་ནམ་ཡང་མ་གོ་བའི་རྟ་གི་སྐད་ཅིག་ཤུགས་སྦེ་རང་རྐྱབ་གསན་ཏེ་ ག་ཅིག་ཨིན་ན་ཟེར་ཐུགས་ཞེས་གནང་དེ་ཕར་ཁར་གཟིགསཔ་ད་ བྲག་རི་མེ་འབར་འབརཝ་སྦེ་གཟིགསཔ་མ་ཚད་དེའི་སྦུག་ལུ་རང་སྤྱན་རས་གཟིགས་ཀྱི་ཁྲོ་བའི་རྣམ་པ་རྟ་མགྲིན་དེ་མེའི་སྦུག་ལུ་བཞུགས་ཡོདཔ་སྦེ་གཟིགས་ནུག། དེ་གཟིགས་ཞིམ་ལས་ཚུར་ དེ་ཁར་འཚམས་ཁང་ཆུང་ཀུ་ཅིག་རྐྱབ་སྟེ་ཐུགས་དམ་གནང་བཞུགས་ནུག[༢]
ཤུལ་ལས་ཞབས་དྲུང་ངག་དབང་རྣམ་རྒྱལ་བོད་ལས་ སྤྱོ་ལོ་༡༦༡༦་ལུ་འབྲུག་ལུ་བྱོན་ དེ་ལས་སྤ་རོ་ལུ་བྱོན་དེ་པ་འབྲུག་ཆོས་སྡིངས་ལྷ་ཁང་ནང་ལུ་སྐུ་རིམ་ཅིག་གནང་བཞུགས་པའི་བར་ན་ གཙང་སྡེཔ་དེ་གིས་བོད་དམའ་བཏང་སྟེ་ ཞབས་དྲུང་དེ་ཁར་ལས་བྱོགས་བྱོན་དེ་རྟ་མགོ་ལུ་ཐུགས་དམ་གནང་བཞུགས་པ་གིས་མ་ཚད་ ཆོས་སྲུང་གིས་རྒྱབ་སྐྱོར་དང་ཞབས་དྲུང་ཁོ་རའི་ཐུགས་སྟོབས་གིས་སྦེ་ བོད་དམའ་ཐེངས་མང་རབ་ཅིག་འོང་རུང་ཙ་ལས་འབད་མ་ཚུགསཔ་ལས་ གནས་བདག་ཚུ་ལུ་གཏང་རག་ཕུལ་བའི་མ་ཚད་ཞབས་དྲུང་གིས་ང་བཅུ་དྲུག་མའི་ཕྱག་ཐམ་ཆེན་པོ་དེ་ཡང་རྩོམ་གནང་ནུག[༡]
ནང་རྟེན།
རྫོང་དེ་ནང་ལུ་ལྷ་ཁང་སྡོམས་དྲུག་ཡོདཔ་ཨིན་ དེ་ཡང་ སྤྲུལ་སྐུ་ལྷ་ཁང་ ལོང་སྐུ་ལྷ་ཁང་ ཆོས་སྐུ་ལྷ་ཁང་ གུ་རུ་ལྷ་ཁང་ རྣམ་སྲས་ལྷ་ཁང་ དེ་ལས་མགོན་ཁང་ཚུ་ཨིན་མས། ཐོག་གསུམ་པའི་ནང་ཡོད་མི་དེ་ཆོས་སྐུ་ལྷ་ཁང་དང་ཐོག་གཉིས་པ་ནང་ཡོད་མི་དེ་ལོང་སྐུ་དང་ཐོག་དང་པ་ནང་ཡོད་མི་དེ་སྤྲུལ་སྐུ་ལྷ་ཁང་ཨིན་མས། ཐོག་དང་པ་ཆོས་སྐུ་ལྷ་ཁང་གི་ནང་རྟེན་གཙོ་བོ་རང་ དཔན་ཆེན་དེ་ཝ་གིས་བཞེངས་ཡོད་མི་སྐུ་སངས་རྒྱས་ཚེ་དཔག་མེད་དང་གཞན་སྨན་དམ་ལས་བསྒྲུབས་ཡོད་པའི་ཞབས་དྲུང་ངག་དབང་རྣམ་རྒྱལ་དང་རྒྱས་སྲས་བསྟན་འཛིན་རབ་རྒྱས་ཚུ་ཨིན་མས། རྒྱས་སྲས་རིན་པོ་ཆེ་མཆོག་གི་གཟིམ་ཁང་དེ་ཡང་ལྷ་ཁང་དེའི་གཡས་ལུ་ཡོདཔ་ཨིན། སྤྲུང་སྐུ་ལྷ་ཁང་ནང་གི་ནང་རྟེན་བཙོ་བོ་བལ་བུ་ལས་སྤྲོས་བཟོཝ་ཡོངས་དྲགས་ཀྱི་པན་ཆེན་དེ་ཝ་ཟེར་མི་དེ་གིས་བཞེངས་ཡོད་པའི་སྟོན་པའི་སེར་སྐུ་མི་གཟུགས་གསུམ་སྦེ་མི་གཅིགཔ་དེ་ཨིན་མས། དེའི་ཟུར་ཁ་ལས སྨན་དམ་གྱི་བཞེགས་ཡོད་པའི་སངས་རྒྱས་མར་མེ་མཛད་དང་བྱོ་བོ་འཇམ་པ་གིས་གཙོས་བྱང་སེམས་ཆེ་བའི་སྲས་ཆེན་བརྒྱད་ཚུ་ཡང་འདུག། སྤྲུལ་སྐུ་ཟིང་དང་འབྲུག་ཆོས་འཕེལ་གྱིས་བཞེངས་ཡོད་པའི་སྨན་སྐུ་མང་རབ་ཅིག་ཡང་དེ་ཁར་མཇལ་ཚུགས་པས། ནང་རྟེན་ཚུ་གི་གྲལ་ལས་གཞན་ རྡོ་གུ་རྟ་ར་ལུག་རང་བྱོན་ཚུ་ཡང་མཇལ་ནི་འདུག།[༡]
རྫོང་རྒྱབསྐྱེད་མཛད་རིམ།
ཤུལ་ལས་བླ་མ་འབྲུག་པ་ཀུན་ལེགས་ཀྱི་གདུང་བརྒྱུད་མི་ཕམ་ཚེ་དབང་བསྟན་འཛིན་གྱིས་སྲས་རྒྱལ་སྲས་བསྟན་འཛིན་རབ་རྒྱས་གོང་ལོ་༣༡་བཞེསཔ་ཅིན་ འབྲུག་སྡེ་སྲིད་བཞི་པའི་ཁྲི་མངའ་སྲོལ་འབད་ནུག དེ་ལས་སྡེ་སྲིད་མཛད་པའི་ཤུལ་ལས་རང་སྤྱི་ལོ་༡༦༨༨་ལུ་ རྟ་མགོ་རྫོང་ཆོས་དབྱིངས་ཕོ་བྲང་འདེ་རྒྱ་བསྐྱེད་མཛད་ནིའི་ཕྱག་ལཱ་འགོ་བཙུགས་ཏེ་ལོ་གཉིས་ཀྱི་ནང་ཁོད་རང་ དབུ་རྩེ་ཐོག་གསུམ་དང་བཅས་པའི་ཤགས་སྐོར་གི་མ་དོ་བ་གཞན་དང་གཞན་ཡང་སྔར་ལས་ལོག་བཏབ་གྱི་ལྷགཔ་སྦེ་མ་བཏུབ་བཏུབ་སྦེ་བཞེངས་གནང་ནུག [༡]
ཤུལ་ལས་ཞབས་དྲུག་འཇིགས་མེད་ཆོས་རྒྱལ་གྱིས་ཡང་གྲོགས་རམ་མཛད་དེ་དབུ་རྩེ་གུ་གསེར་ཏོག་ཅིག་ཡང་བཀལ་ནུག དེ་ཁར་ ཤུལ་ལས་སྤྱི་ལོ་༡༩༦༦ ལོ་ལུ་རྗེ་མཁན་ཁྲི་རབས་༦༤ པ་རྗེ་འཇམ་དབྱངས་ཡེ་ཤེ་སེང་གེ་དང་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་ལྷན་རྒྱས་གིས་བཀའ་བགྲོས་ཐོན་ལས་སྒྲུབ་སྡེ་ཅིག་གཞི་བཙུགས་གནང་མའི་མ་ཚད་ དེའི་དབུ་འཛིན་སྦེ་རྗེ་མཁན་ཁྲི་རབས་༦༩་པ་དགེ་འདུན་རིན་ཆེན་བསྐོ་བཞག་གནང་ནུག ཤུལ་ལས་གཙུག་ལག་ཁང་དབུ་རྩེ་ཆེན་མོ་དེ་ ཞིག་རལ་སོང་སྟེ་ སྤྱི་ལོ་༡༩༧༧་ལུ་རྒྱལ་ཡུམ་སྐལ་བཟང་ཆོས་སྒྲོན་མཆོག་ལུ་སྙན་གསན་ཕབ་སྟེ་ ལོ་དེ་ན་རང་ཉམས་གསོ་ཞུ་ཡོད། བཀྲིས་རབ་གནས་ཡང་ དིལ་མགོ་མཁྱེན་བརྩེ་དབུ་བཞུགས་ཐོག ཉིན་ཞག་གསུམ་གྱི་རིང་གནང་ནུག།[༣]
སྤྱི་ལོ་༡༩༨༦་ལུ་འབྲུག་རྒྱལ་བཞི་པ་དཔལ་མི་དབང་འཇིགས་མེད་སེང་གེ་དབང་ཕྱུག་གི་བཀའ་བཞིན་ རྫོང་རྙིངམ་དེ་བརྡལ་སྟེ་ ལོག་གསར་བཞེངས་ཀྱི་ལཱ་འགོ་བཙུགས་ཏེ་ སྤྱི་ལོ་༡༩༩༦ ལུ་སྔར་བ་ལྷགཔ་སྦེ་མ་བཏུབ་བཏུབ་བསྒྲུབས་ནུག ད་རེ་གཞུང་གྲྭ་ཚང་གི་དགེ་སློང་ཚུ་སྐུ་ཡོན་བྱང་སའི་ཤེས་གྲྭ་ཅིག་སྦེ་ཡོདཔ་ཨིན།[༡]
ཁུངས་གཏུགས།
[ཞུན་དག]- ↑ ༡.༠ ༡.༡ ༡.༢ ༡.༣ ༡.༤ https:// en.wikipedia.org. retrieved 2025-09-12
- ↑ The National Library.(2001). Y.D.P.K. Sorenson, The Biography of Pha’Brug – Sgom – Zhig – Po called the Current Compassion.
- ↑ རྒྱལ་ཡོངས་འགྲེམས་སྟོན་ཁང་།༢༠༠༩།རྟ་མགོའི་གནས་དང་རྫོང་གི་ཆགས་ཚུལ། སློབ་དཔོན་ཀུན་བཟང་བསྟན་འཛིན། ནུབ་རྫོང་དཔའ་བོའི་གད་རྒྱང་།
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·