Jump to content

རྡོ་བགྲེད་རྫོང་།

Wikipedia ལས།

རྡོ་བགྲེད་རྫོང་གི་ཆགས་རབས་མདོར་བསྡུས།

རིན་སྤུངས་ཆ་འདུས་ རྡོ་དཀར་རྒེད་འོག་ལུ་ཆགས་ཡོད་མི་རྡོག་བགྲེད་རྗོང་འདི་ ཆུ་འཛོམས་ལས་ཀི་ལོ་མི་ཀྲར་༥ དེམ་ཅིག་སྣུམ་འཁོར་ནང་འགྱོ་བའི་ས་ཁར་ཆགས་ཏེ་ཡོདཔ་ཨིན་ རྫོང་གཞི་དེའི་ཆགས་ཚུལ་ཚུ་ ས་ཆ་ག་ནི་བ་མཛེས་ཏོག་ཏོ་དང་དགའ་ཏོག་ཏོ་སྦེ་མཇལ་ཚུགསཔ་ཨིན། རྡོ་དཀར་འམ་རྡོ་སྒར་ཟེར་སླབ་དགོ་མི་དེ་ཡང་གཡུས་དེ་གི་དྭངས་ར་གི་སྦུག་ལུ་རང་རྡོ་ཕུག་ནོར་བཟུམ་ལྔ་ཡོད་པ་ལས་རྡོ་སྒར་ཟེར་དར་ཡོདཔ་ཨིན་མས། སྔོན་དུས་རབས་༡༣ པའི་ནང་ བླམ་ངག་དབང་ཆོས་རྒྱལ་མཆོག་གིས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས་གནང་བར་ མ་ཚད་ ཕྱིའི་གཙུག་ལག་ཁང་དང་ ནང་དུ་རྟེན་གྱི་གཙོ་བོ་གུ་རུ་གླང་དར་མས་གཙོས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་བཅས་པའི་ རྫོང་གཞི་བྱིན་རླབས་ཅན་ཅིག་སྦེ་ ཕྱག་བཏབ་གནང་ནུག། དེ་ལས་ཤུལ་མ་ མཚམས་བྲག་བླམ་རྗེ་བཙུན་ངག་དབང་འབྲུག་པ་མཆོག་གིས་བོད་གངས་ཅན་གྱི་ལྗོངས་ལས་ རྗེ་བཙུན་མི་ལ་རས་པའི་སྐུ་བརྙན་བྱིན་ཅན་མ་འདི་མཚམས་བྲག་དགོན་པ་ལུ་གདན་དྲངས་ནི་འབད་ སྐུ་ཞུ་སྟེ་བྱོན་པའི་ལམ་ཁར་དགུང་ཞག་གཅིག་རྡོ་དཀར་ཆོས་འཁོར་སྒང་བཞུགས་ཡོདཔ་ལས་ དེའི་དྲོ་པ་སྐུ་འདི་ཞུ་ནི་འབདཝ་ད་ སྐུའི་ཞལ་ལས་ ང་ལུང་སྟན་འདི་ ས་གནས་འདི་ཁར་ཨིན་ ང་ནང་ལུ་བཞག་གནང་ཟེར་གསུང་བྱོན་ཏེ་ ས་གནས་འདི་ཁར་རྡོག་བགྲེད་དེ་བཞུགས་དཔ་ལས་ བླམ་གྱིས་ས་གནས་འདིའི་མཚན་ཡང་རྡོག་བགྲེད་རྫོང་ཟེར་བཏགས་གནང་ཡོདཔ་ལས་ རྗེ་བཙུན་མི་ལ་རས་པའི་སྐུ་འདྲ་གསུངས་བྱོནམ་འདི་ཡང་གཙུག་ལག་ཁང་དེ་ནང་གི་ རྟེན་གཙོ་བོ་འབད་བཞུགས་སུ་གསོལ་ནུག་ཟེར་ཞུ་ནི། དེ་ལས་གཞན་ཡང་གུ་རུ་རིན་པོ་ཆེའི་སྐུ་འདྲ་དང་ བླམ་ངག་དབང་རྣམ་རྒྱལ་ ངག་དབང་ཆོས་རྒྱལ་ འཕགས་པ་བཅུ་གཅིག་ཞལ་ལ་སོགས་པ་བྱིན་ཅན་མང་རབས་ཅིག་བཞུགས་ཡོད་ཟེར་ཞུ་ནི་དང་ རྫོང་འདི་ནང་གཞུང་གྲྭ་ཚང་གི་ཧོང་ལས་ དགེ་འདུན་སློབ་གྲྭའི་སྡེ་ གཞི་བཙུགས་མཛད་གནང་འདི་ ལོ་ངོ་མང་རབས་ཅིག་སོང་ཡོདཔ་ལས་ ད་རེས་ནངས་པ་ཡང་ དགེ་སློང་ཞལ་གྲངས་༢༧ དང་ བླམ་ སློབ་དཔོན་བཅས་ཞལ་གྲངས་ ༣༡ དེམ་ཅིག་ཡོདཔ་ཨིན། བྱག་དེ་ག་རྩ་བ་ལུ་ཡང་གྲུབ་ཆུ་གཅིག་ཡོདཔ་ཨིན་གྲུབ་ཆུ་དེ་མི་མང་གི་ནད་གཞི་ག་ཅི་ལུ་ཡང་ཕན་པའི་ལོ་རྒྱུས་ཡང་བཤདཔ་ཨིན་མས།[]

ཁུངས་གཏུགས།

  1. རྒྱལ་ཁོངས་འགྲེགས་སྟོན་ཁང་།. (༢༠༠༩). རྡོ་སྦྱིས་རྫོང་གི་གཞི་རྟེན་འབྱུང་རབས་མདོར་བསྡུས།. ནུབ་རྫོང་དཔའ་བོའི་གད་རྒྱང་།་ཞིབ་འཚོལ་གོ་རིམ་བཞི་པ་ཁ། ཤོག་གྲང་༡༤༧


འབྲུག་གི་དགོན་སྡེ་དང་ལྷ་ཁང།

སྦོ་ཁ་རྫོང་།  · མཆོད་རྟེན་སྐོར་ར།  · ལྷ་ཁང་དཀར་པོ།  · ཡོངས་ལ་དཔལ་རི་དགོན་པ།  · སྐྱིད་ཆུ་ལྷ་ཁང་།  · རྡོ་ལུང་ དགོན་པ།  · བྱམས་པ་ལྷ་ཁང་།  · སྟག་ཚང་།  · མཚམས་བྲག་དགོན་པ།  · སྒང་སྟེང་གསང་སྔགས་ཆོས་གླིང་།  · སྐུ་རྗེས་ ལྷ་ཁང་།  · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།  · རྡོ་བགྲེད་རྫོང་།  · སྒོམ་ཕུག་སྐོར་ར།   · རྟ་མགོ་དགོན་པ།  · བུ་ལི་ ཁི་ལམ་ ལྷ་ཁང་།  · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།།  · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།།  · ཟུར་རི་ལྷ་ཁང་།  · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།།  · དགོན་གསར་ཁ་ལྷ་ཁང་།  · མཆོད་རྟེན་སྙིང་པོ།  · རྫོང་བྲག་ཁ།།  · བདེ་ཆེན་ཕུག་ལྷ་ཁང་།།  · ལྕང་གང་ཁ་ལྷ་ཁང་།།  · དབང་འདུས་རྩེ་ལྷ་ཁང་།།  · ཕ་ཇོ་སྡིངས།།  · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།།  · གསེར་ལུང་དགོན་འཛིན་གྲྭ་ཚང་།།  · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།།  · ཀུན་བཟང་བྲག།  · ཁྱི་མེད་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  · དཀོན་མཆོག་གསུམ་ལྷ་ཁང་།།  · དགྲ་མེད་རྩེ་ལྷ་ཁང་།།  · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།།  · ཕྱག་རྡོར་ལྷ་ཁང་།།  · ལྩང་སྒང་ཁ་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  ·

"https://dz.wikipedia.org/w/index.php?title=རྡོ་བགྲེད་རྫོང་།&oldid=37553" ལས་ སླར་འདྲེན་འབད་ཡོདཔ།