Jump to content

རྡོ་ལུང་ དགོན་པ

Wikipedia ལས།
ཤར་ཁོ་ཐང་ཁ་ལུ་ཡོད་མི་རྡོ་ལུང་དགོན་པ།

རྡོ་ལུང་དགོན་པ་དེ་ དབང་འདུས་ཕོ་བྲང་རྫོང་ནང་ལས་ཀི་ལོ་མི་ཊར་༣༢་དེ་ཅིག་གི་ས་ཁར་ ཤར་ཁོ་ཐང་ཁ་ རྒྱ་མཚོའི་མཐའ་མ་ལས་མཐོ་ཚད་མི་ཊར་༢༧༧༠་ཅིག་གི་ས་ཁར་ཆགས་ཏེ་ཡོདཔ་ཨིན། དེ་ཡང་ཧེ་མ་རྗེ་མཁན་ཁྲི་རབས་གཉིས་པ་བསོད་ནམ་འོད་ཟེར་གྱི་དགོན་པ་བཞེང་ནིའི་དོན་ལུ་ས་བསླང་རྟེན་འབྲེལ་གྱི་སྐབས་ རྗེ་གི་སངས་རྒྱས་ཀྱི་ཞབས་རྗེས་ཡོད་པའི་རྡོ་ལུང་ཅནམ་ཅིག་ཐོབ་ཡོད་པ་ལས་ལྷ་ཁང་དེ་གི་མིང་དེ་ཡང་རྡོ་ལུང་དགོན་པ་ཟེར་དར་ནུག་ཟེར་བཤདཔ་ཨིན་མས། རྡོ་ལུང་མགོན་པ་དེ་ནང་ལུ་ནང་རྟེན་གཙོ་བོ་སྟོན་པའི་ཞབས་རྗེས་དེ་དང་རྗེ་བསོད་ནམ་འོད་ཟེར་གྱི་སློབ་མ་འཇམ་དགོན་ངག་དབང་རྒྱལ་མཚན་གྱིས་དུས་རབས་༡༧པ་གི་ནང་གཏེར་སྦེ་བཞེས་མི་རཀ་ཤ་གླང་མགོ་གི་ཞལ་འབགཔ་གཅིག་དང་བཀའ་འགྱུར་བསྟན་འགྱུར་ཆོས་གི་པོ་ཏི་དང་གུ་རུ་མཚན་བརྒྱད་ཀྱི་སྐུ་འདྲ་ཚུ་ཨིན་མས། རཀ་ཤ་གླང་མགོ་གི་ཞལ་འབགཔ་དེ་དབང་འདུས་རྫོང་ན་ཚེས་བཅུའི་སྐབས་ལུ་ཡང་ཞུ་འབག་སྲོལ་ཡོདཔ་ཨིན་མས། རྡོ་ལུང་དགོན་པ་ལུ་ལོ་ཨ་རྟག་རང་ ཟླཝ་བརྒྱད་པའི་ནང་རྡོ་ལུང་མ་ཎི་ཟེར་ཚེ་བཅུ་ཉིནམ་གཉིས་སྦེ་མི་ཅིག་བཟུང་སྲོལ་འདུག དེ་སྐབས་བྱེ་ན་དང་རུ་བི་ས་ཀྱི་མི་སེར་ཚུ་ཆ་མཉམ་དེ་ཁར་འཛོམས་སྲོལ་འདུག། རྡོ་ལུང་དགོན་པ་གིས་བླམ་སྦེ་མཛད་མི་ལེ་ཤ་ཅིག་གི་རང་རྡོ་སླབ་དང་རྗེ་མཁན་པོ་མཛད་ནུག། རྗེ་མཁན་ཁྲི་རབས་བདུན་པ་རྗེ་ངག་དབང་འཕྲིན་ལས་དང་རྗེ་མཁན་ཁྲི་རབས་ལྔ་པ་རྗེ་སཀྱ་རིན་ཆེན་གཉིས་ཆ་ར་རྡོ་ལུང་དགོན་པ་གི་བླམ་སྦེ་བཞུགས་ནུག []

ཁུངས་གཏུགས།

[ཞུན་དག]
  1. Asian Historical Architecture. https://www.orientalarchitecture.com/sid/1701/bhutan/wangdue-phodrang/dolung-goemba


འབྲུག་གི་དགོན་སྡེ་དང་ལྷ་ཁང།

སྦོ་ཁ་རྫོང་།  · མཆོད་རྟེན་སྐོར་ར།  · ལྷ་ཁང་དཀར་པོ།  · ཡོངས་ལ་དཔལ་རི་དགོན་པ།  · སྐྱིད་ཆུ་ལྷ་ཁང་།  · རྡོ་ལུང་ དགོན་པ།  · བྱམས་པ་ལྷ་ཁང་།  · སྟག་ཚང་།  · མཚམས་བྲག་དགོན་པ།  · སྒང་སྟེང་གསང་སྔགས་ཆོས་གླིང་།  · སྐུ་རྗེས་ ལྷ་ཁང་།  · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།  · རྡོ་བགྲེད་རྫོང་།  · སྒོམ་ཕུག་སྐོར་ར།   · རྟ་མགོ་དགོན་པ།  · བུ་ལི་ ཁི་ལམ་ ལྷ་ཁང་།  · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།།  · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།།  · ཟུར་རི་ལྷ་ཁང་།  · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།།  · དགོན་གསར་ཁ་ལྷ་ཁང་།  · མཆོད་རྟེན་སྙིང་པོ།  · རྫོང་བྲག་ཁ།།  · བདེ་ཆེན་ཕུག་ལྷ་ཁང་།།  · ལྕང་གང་ཁ་ལྷ་ཁང་།།  · དབང་འདུས་རྩེ་ལྷ་ཁང་།།  · ཕ་ཇོ་སྡིངས།།  · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།།  · གསེར་ལུང་དགོན་འཛིན་གྲྭ་ཚང་།།  · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།།  · ཀུན་བཟང་བྲག།  · ཁྱི་མེད་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  · དཀོན་མཆོག་གསུམ་ལྷ་ཁང་།།  · དགྲ་མེད་རྩེ་ལྷ་ཁང་།།  · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།།  · ཕྱག་རྡོར་ལྷ་ཁང་།།  · ལྩང་སྒང་ཁ་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  ·

"https://dz.wikipedia.org/w/index.php?title=རྡོ་ལུང་_དགོན་པ&oldid=37563" ལས་ སླར་འདྲེན་འབད་ཡོདཔ།