Jump to content

རྫོང་བྲག་ཁ།

Wikipedia ལས།
རྫོང་བྲག་ཁ།

རྒྱབ་ཁུངས།

རྫོང་བྲག་ཁ་འདི་དུས་རབས་༨ པའི་ནང་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ཞབས་ཀྱི་བཅག་སྟེ་ བྱིན་གྱི་བརླབས་པའི་གནས་རྩ་ཅན་ཅིག་ཨིན། གནས་འདི་སྤ་རོ་བོང་སྡེ་དང་དགྱེསཔ་བྱག་ནང་གི་གཡུས་ཀྱི་མགོ་ལུ་ བྱག་སྦོམ་གཅིག་གི་སྐེད་པ་ལུ་ཆགས་ཡོདཔ་ཨིན། བྲག་ནགཔོ་མེ་ལོང་བཟུམ་ཅིག་སྐེད་པ་ལུ་དགོ་པ་ཚུ་གྱལ་སྦེ་མཇལ་ཚུགསཔ་ཨིན། ཧེམ་མ་དུས་རབས་༡༤་པའི་མཇུག་ཙམ་ལུ་བླམ་གནས་རྙིང་པ་ཀ་བཞི་བཞི་རིན་ཆེན་དཔལ་བཟང་གྱི་ནས་ལམ་ནང་ལུ་མོན་སྤ་གྲོ་རྫོང་བྲག་ཁ་ལུ་ཨོ་རྒྱན་གུ་རུ་རིན་པོ་ཆེའི་ཟབ་གཏེར་ཡོད་ཚུལ་གྱི་མཁའ་འགྲོ་མའི་ལུང་བསྟན་བྱུང་ ནུག། བླམ་དེ་གིས་བོད་བྱང་འབྲོག་སྟག་རྩེ་དགོན་པ་སྐུ་འཁྲུངས་མི་གྲུབ་ཐོབ་མགོན་པོ་རྡོ་རྗེ་ལུ་ གནས་དེ་གལ་ཆེ་བའི་སྐོར་ལས་གསུང་སྟེ་གྲུབ་ཐོབ་དེ་སྤ་རོ་ལུ་གནས་འཚོལ་བར་བྱོནམ་ད་ སྤ་རོ་ཇིཝ་གཡུས་ལས་མར་འབབ་ད་འམོ་གཅིག་འཕྱད་དེ་དའི་རྟིང་བདའ་བྱོན་ཡོདཔ་མ་ཚད་ དེ་ཁར་གྱི་གཡུས་ཚན་གཅིག་གི་མིང་ཡང་དེ་བརྟེན་ཝ་ཆུ་ཟེར་བཏགས་དགོ་པའི་རྒྱུ་མཚན་དེ་སྦེ་བཤདཔ་ཨིན་མས། འུ་ཆུ་གི་གཡས་ལུ་གཡས་ཚན་གཅིག་ན་ལྷོདཔ་ད་ཨ་ལོ་ཧེ་མ་ཁ་མ་པ་ལ་རང་སླབ་ནི་མེད་མི་གླེང་གོ་གཅིག་གི་ གྲུབ་ཐོབ་དང་མཇལཝ་ཅིན་ཨ་ལོ་དེ་གིས་ཨ་མ་མགྱོནམ་འོང་དོ། རི་ཁ་ལས་ཆརཔ་འོང་དོ། རྒྱ་རེད་ཉི་མར་བསྐམ་ཟེརཝ་ལེ་ཤ་སླབ་ད་ ཨའི་དེ་སེམས་ན་མེད་ས་མེད་དགའ་བ་ལུ་བརྟེན་གཡས་ཀྱི་མིང་ཡང་དགའ་དྲག་ན་ཟེར་བཏགས་ནུག དེ་ཁར་ལུ་བཞུགས་སྦེ་ལྷ་ཁང་གཅིག་ཡང་བཞེགས་ནུག[]

མཆོད་རྟེན་མ་ཎི་དང་ར་མོའི་ལོ་རྒྱུས།

གྲུབ་ཐོབ་དེ་རྫོང་བྲག་གི་བྱག་གི་འོག་ལུ་ཐང་ཅུང་གཅིག་ཡོད་མི་དེ་ཁར་ཕེབས་ད་ ར་མོ་གཅིག་འཐོན་འོང་སྟེ་རྡོ་ལེབ་གཅིག་གི་གུ་ལུ་ཨོམ་རང་བཞིན་འཐོན་འགྱོ་སྟེ་ གྲུབ་ཐོབ་ཀྱི་ཐུགས་ལུ་ར་མོ་འདི་གནས་བདག་དམ་ཅན་རྡོ་རྗེ་ལེགས་པ་གི་ཆིབས་ཨིནམ་ལས་ གནས་བདག་དེ་གིས་ཁོ་ལུ་བསུ་བ་སྦེ་བཏང་བཏངམ་ཨིནམ་འོང་ནི་མས་མནི་ཐུགས་འགྱེས་ཏེ་རྡོ་དེ་ཡར་འཐུ་ཞིནམ་ལས་ཕྱག་ལུ་གསྣམ་ཞིནམ་ལས་དེའི་གུ་ལ་ཕྱག་མཛུབ་ཀྱིས་ཨོྃ་མ་ཎི་པདྨེ་ཧཱུྃཧ་ བྲིས་ཏེ་ དེ་ནང་གཟུངས་སྦེ་བཙུགས་ཏེ་དེ་ཁར་མཆོད་རྟེན་གཅིག་ཡང་བཞེངས་ཏེ་ དེའི་མིང་ཡང་མཆོད་རྟེན་མ་ཎི་ཟེར་བཏགས་མི་ད་ལྟོ་ཡང་མཇལ་སར་ཡོད། སྣུམ་འཁོར་ལམ་དེ་མཆོད་རྟེན་དེ་ཁར་ཚུན་ཚོད་རང་ཨིན་མས།[]

མཆོད་རྟེན་འགུལ་ཤེས་དཀརམོ་བཞེངས་ཚུལ།

དེ་ལས་མཆོད་རྟེན་དེ་ལས་ཡར་བྱག་གུ་མཛེག་སྟེ་ བྱག་གི་སྐེད་པར་གྲུབ་ཐོབ་སྒོམ་གནང་བཞུགསཔ་ད་ ཉམས་སྣང་གཅིག་ན་ལུ་གུ་རུ་རིན་པོ་ཆེ་བྱོན་ཏེ་ གྲུབ་ཐོབ་ལུ་ཤེལ་གྱི་རལ་གྲི་གཅིག་གནང་ནུག དེ་བཞེས་ཏེ་བྱག་གུ་ལུ་གདབ་ཅིག་རྡོ་སྦོམ་གཅིག་ཁོ་གི་གདོང་ཁར་འབད་སོ་ནུག དེ་ཕྱག་ལུ་བཞེས་ཞིན་ལས་བཀག་བལྟཝ་ད་ནང་ན་ལས་ཤེལ་གྱི་མཆོད་རྟེན་གཅིག་དང་སངས་རྒྱས་འོད་སྲུང་གི་སྐུ་ཅིག་འཐོན་ནུག ཁོ་གི་ཐུགས་ཁར་ད་འབད་ང་རང་དགོ་མི་འདི་ཐོབ་ཅི་མནོ་ དེ་དྲྭ་ཕད་ནང་ལུ་བཙུགས་འབག་སྦེ་ད་རེ་བོང་སྡེ་ཡོད་སར་བྱོན་ཏེ་ ཁྱིམ་གཅིག་གི་ནང་སྐུ་ངལ་གནང་བཞུགསཔ་ད་ མི་ཚུ་གིས་གཏེར་དེ་ཚུ་མཐོང་སྟེ་ དེ་ཁོང་གིས་འབངས་ཟེར་སླབ་པ་ལས་ས་གནས་ཀྱིས་མིང་ཡང་འབངས་སྡེ་ཟེར་དར་ནུག དེ་ལས་ལོག་ཡར་བྱོན་ཏེ་ བྱག་དེའི་སྐེད་པ་ཧེ་མ་གཏེར་བཞེས་སར་རང་ཁོང་བོང་སྡེའི་མི་ཚུ་གིས་སྦྱིན་བདག་འཐོན་ཐོག་མཆོད་རྟེན་ཅིག་བཞེངས་འདི་གི་ནང་གཟུངས་ཡང་གཏེར་ཚུ་བཙུགས་ཏེ་མིང་ཡང་མཆོད་རྟེན་འགུལ་ཤེལ་དཀར་མོ་ཟེར་བཏགས་ནུག།[]

ལྷ་ཁང་གཞན་མི་ཚུ་བཞེགས་ཚུལ།

གྲུབ་ཐོབ་ཁོ་རང་ལས་འདི་གདུང་སྲས་མེད་རུང་ ཤུལ་ལས་ཁོའི་ཡང་སྲིད་སྤྲུལ་སྐུ་རིམ་བྱོན་འོང་དེ་ཁོ་ལས་བརྒྱུད་མི་དེ་ལུ་རྫོང་བྲག་ཆོས་རྗེས་ཟེར་ཞུ་དོ་ཡོདཔ་དང་དེ་ཚུ་གིས་མཆོད་རྟེན་འདི་ལས་ཕར་གྱལ་སྦེ་སྷ་ཁང་དང་དགོན་སྡེ་མང་རབས་ཅིག་བཞེངས་ནུག དེ་ཁར་གྱི་བླམ་ཆོསཔ་ཚུ་ཆོས་ལྷག་ནི་ན་ལུ་ག་གི་ཡང་འབད་མི་ཚུ་ཟེར་བཤདཔ་ཨིན་མས། རྫོང་བྲག་ཆོས་རྗེས་གིས་དུས་རབས་༡༥་ལུ་མཆོད་རྟེན་འགུལ་ཤེས་དཀར་མོ་ཉམས་གསོ་ཞུཝ་དང་འབྲེལ་ དེའི་མདུན་ཕྱོགས་ལུ་གུ་རའི་ལྷ་ཁང་དེ་ཡང་མོ་གིས་བཞེངས་གནང་གནངམ་ཨིན་མས། དེ་ནང་གི་ནང་རྟེན་གཙོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེས་དང་གཡས་གཡོན་གཉིགས་ལས་མཁའ་འགྲོ་མ་གཉིས་དང་གཞན་གུ་རུ་མཚན་བརྒྱད་ཀྱི་སྐུ་འདྲ་ཚུ་ཡང་ཡོདཔ་ཨིན། ད་ལས་ཕར་ཨ་ཙི་ཅིག་འགྱོཝ་ཅིན་རྫོང་བྲག་ཆོས་རྗེས་བླ་མ་ཕན་ཐོགས་ཀྱིས་བཞེངས་མི་དུས་གསུམ་ལྷ་ཁང་དང་བཀྲིས་ཚེ་རིང་མའི་ལྷ་ཁང་དང་བླམ་རབ་བརྟན་གྱིས་བཞེངས་པའི་སངས་རྒྱས་མི་འཁྲུགས་པའི་ལྷ་ཁང་ཚུ་ཨིན་མས།[]

རྫོང་བྲག་ཁ་གི་ཚེ་བཅུ།

རྫོང་བྲག་ཁ་གི་ཚེ་བཅུ་དེ་ཡོངས་བྲག་ཡོད་པའི་སྤ་རོ་ཚེ་བཅུའི་འགོ་དང་མཇུག་སྦེ་རྩིཝ་ཨིན། དེ་ཡང་རྗོང་བྲག་ཁར་གྱི་ཚེ་བཅུ་ཟླཝ་༢་པའི་ཚེས་༨་ལས་ཚེས་༡༠་ཚུན་ཚོད་ཨིནམ་ད་སྤ་སྤ་རོ་ཚེས་བཅུ་འདི་ཚེས་༡༡་ལས་༡༥་ཚུན། སྤ་རོ་མཐོང་གྲོལ་འདི་ཚེས་༡༥་ལུ་མི་མང་ལུ་མཇལ་ཁ་གནང་ཚར་ཞིནམ་ལས་མཇུག་རྫོང་བྲག་ཁ་ལུ་བསྡུ་སྲོལ་ཡོདཔ་ཨིན།[]

ཁུངས་གཏུགས

  1. ༡.༠ ༡.༡ ༡.༢ ༡.༣ ༡.༤ འབྲུག་རྒྱལ་ཡོངས་འགྲེམས་སྟོན་ཁང། (༢༠༠༩) ལམ་སྲོལ་ཉི་མའི་འོད་ཟེར། སྤ་རོ།


འབྲུག་གི་དགོན་སྡེ་དང་ལྷ་ཁང།

སྦོ་ཁ་རྫོང་།  · མཆོད་རྟེན་སྐོར་ར།  · ལྷ་ཁང་དཀར་པོ།  · ཡོངས་ལ་དཔལ་རི་དགོན་པ།  · སྐྱིད་ཆུ་ལྷ་ཁང་།  · རྡོ་ལུང་ དགོན་པ།  · བྱམས་པ་ལྷ་ཁང་།  · སྟག་ཚང་།  · མཚམས་བྲག་དགོན་པ།  · སྒང་སྟེང་གསང་སྔགས་ཆོས་གླིང་།  · སྐུ་རྗེས་ ལྷ་ཁང་།  · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན།  · རྡོ་བགྲེད་རྫོང་།  · སྒོམ་ཕུག་སྐོར་ར།   · རྟ་མགོ་དགོན་པ།  · བུ་ལི་ ཁི་ལམ་ ལྷ་ཁང་།  · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།།  · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།།  · ཟུར་རི་ལྷ་ཁང་།  · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།།  · དགོན་གསར་ཁ་ལྷ་ཁང་།  · མཆོད་རྟེན་སྙིང་པོ།  · རྫོང་བྲག་ཁ།།  · བདེ་ཆེན་ཕུག་ལྷ་ཁང་།།  · ལྕང་གང་ཁ་ལྷ་ཁང་།།  · དབང་འདུས་རྩེ་ལྷ་ཁང་།།  · ཕ་ཇོ་སྡིངས།།  · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།།  · གསེར་ལུང་དགོན་འཛིན་གྲྭ་ཚང་།།  · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།།  · ཀུན་བཟང་བྲག།  · ཁྱི་མེད་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  · དཀོན་མཆོག་གསུམ་ལྷ་ཁང་།།  · དགྲ་མེད་རྩེ་ལྷ་ཁང་།།  · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།།  · ཕྱག་རྡོར་ལྷ་ཁང་།།  · ལྩང་སྒང་ཁ་ལྷ་ཁང་།།  · ཉི་མ་ལུང་གྲྭ་ཚང་།།  ·

"https://dz.wikipedia.org/w/index.php?title=རྫོང་བྲག་ཁ།&oldid=37141" ལས་ སླར་འདྲེན་འབད་ཡོདཔ།