Jump to content

ལིའོན།

Wikipedia ལས།

ལིའོན་གྱི་སྐོར།

ལིའོན་འདི་ བཱ་ཇིའོ་ལུང་ཕྱོགས་ཀྱི་ མེག་སི་ཀོ་ལྟེ་བ་ནང་ཡོདཔ་ཨིན། རྒྱལ་ས་ལྟེ་བ་ལས་ ཀི་ལོ་མི་ཊར་ ༣༨༤ གི་ས་ཁར་ གུ་ན་ཇུ་ཡུ་ཊོ་ (Guanajuato) ལུ་ མི་རློབས་མང་ཤོས་ཡོད་པའི་ཁྲོམ་ཅིག་ཨིན། མཐོ་ཚད་མི་ཊར་༡༨༡༥ ཡོད་པའི་ ལིའོ་འདི་ སྤྱི་ལོ་ ༡༥༧༦ སྤྱི་ཟླ་ ༡ པའི་ཚེས་ ༢༠ ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་ཡང་ ལོ་ངོ་ ༤༤༩ གི་ཧེ་མ་ཨིན་པས། ལིའོན་ལུ་གནམ་གཤིས་དྲོ་ཏོག་ཏོ་ཡོདཔ་ཨིན། ལིའོན་ ལུ་ དམིགས་ཡུལ་འདི་ རླུང་གི་སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ གོ་རིམ་ཅན་དང་ བསྡམ་བཞག་ཚུགས་ དེ་ལས་ བརྟན་བཞུགས་ཅན་གྱི་ཁྲོམ་ཚོགས་ཚུ་ འབད་ཚུགས་པའི་ བསྒྱུར་བཅོས་ཅིག་ ཡར་དྲག་གཏང་ནི་འདི་ཨིན། མཐོང་ཚུལ་འདི་ མི་མང་གི་ས་སྒོ་ནང་ སྣུམ་འཁོར་གྱི་སྐྱེལ་འདྲེན་དམའ་ཤོས་དང་ ཧོནམ་ལྗང་ཁུ་གི་མཐུན་རྐྱེན་ ནུས་ཤུགས་ལྡན་པའི་སྒྲིང་ཁྱིམ་ དེ་ལས་ སྒོར་སྒོར་དང་ ས་གནས་ཀྱི་དཔལ་འབྱོར་ དེ་ལས་ མི་སེར་ལུ་ཕན་ཐོགས་པའི་ཁར་ མི་སྡེ་དང་ངོ་རྟགས་ཀྱི་ འཚོར་སྣང་ཡང་ བཏོནམ་ཨིན།[]

མི་རློབས་དང་མིའི་རིགས།

ལིའོན་ལུ་མི་ ༡༡༥༠༠༠༠ ཙམ་ཡོད། འདི་གིས་ མེག་སི་ཀོ་ལུ་ཡོད་པའི་ ཁྲོམ་ཚོགས་སྦོམ་ཤོས་༧ པ་དང་ གུ་ཝ་ན་ཇུ་ཊོ་ལུ་ཡོད་པའི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ལུ་འགྱུརཝ་ཨིན། ལིའོན་ལུ་ མི་མང་ཤོས་ཅིག་རང་ མི་རིགས་སླ་བསྲེ་སྟེ་ཡོདཔ་ད་ འདི་ཡང་ mestizos ཟེར་མི་དང་ ཡུ་རོབ་(Europe) གི་སྲོལ་རྒྱུན་ཚུ་ཡོདཔ་ཨིན་པས། དེ་མ་ཚད་ སྡེ་ཚན་ཆུང་ཀུ་ཅིག་གིས་ ན་ཧུཊ་ལི། མ་ཟ་ཊི་ཀོ་ (Nahuatl, Mazateco) དང་ དང་ མིཀསི་ (Mixe) བཟུམ་གྱི་ མི་རིགས་ཀྱི་སྐད་ཡིག་ཚུ་ སླབ་དོ་ཡོདཔ་ཨིན་པས།[]

གཞུང་སྐྱོང་ལམ་ལུགས།

མེག་སི་ཀོ་འདི་ སྤྱི་གཞུང་དང་ མངའ་སྡེ་༣༢ གི་བར་ན་ དབང་ཚད་བགོ་བཤའ་རྐྱབ་སྟེ་ སྤྱི་གཞུང་སྤྱི་མཐུན་རྒྱལ་ཁབ་ཅིག་སྦེ་ ལཱ་འབདཝ་ཨིན། རྒྱལ་ཁབ་འདི་ སྲིད་འཛིན་གྱིས་ མངའ་སྡེ་དང་གཞུང་གཉིས་ཆ་ར་ འགོ་འཁྲིད་འབད་བའི་ སྲིད་འཛིན་ལམ་ལུགས་འོག་ལུ་ ལཱ་འབདཝ་ཨིན། སྤྱི་གཞུང་དང་རྒྱལ་ཁབ་ཚུ་རྩིས་ཏེ་ གཞུང་གི་གནས་རིམ་རེ་རེ་བཞིན་དུ་ བཀོད་ཁྱབ་དང་ ཁྲིམས་བཟོའི་ དེ་ལས་ ཁྲིམས་དོན་གྱི་ ཡན་ལག་གསུམ་དང་གཅིག་ཁར་ དབང་ཚད་སོ་སོ་སྦེ་ བཟོ་སྟེ་ཡོདཔ་ཨིན། གཞི་བཀོད་འདི་གི་ནང་འཁོད་ལུ་ ལིའོན་གྱིས་ ཁྲོམ་སྡེ་ཚོགས་སྡེ་དང་ ཁྲོམ་དཔོན་ཚུ་གིས་ འཛིན་སྐྱོང་འཐབ་སྟེ་ མངའ་སྡེ་དང་སྤྱི་གཞུང་དབང་འཛིན་ཚུ་ལས་ རང་དབང་གི་གནས་རིམ་ཅིག་ ཐོབ་དོ་ཡོདཔ་ཨིན།[]

སྐད་ཡིག་དང་ལམ་སྲོལ།

མི་སེར་ཧ་ལམ་གྱིས་ ཨིསི་པེ་ནིཤ་ (Spanish) འདི་ ཁོང་རའི་སྐད་ཡིག་དང་པ་སྦེ་སླབ་ཨིན། མི་རློབས་བརྒྱ་ཆ་༡ ལས་ཉུངམ་ཅིག་གིས་ ས་གནས་ཀྱི་སྐད་ཡིག་ (མི་ཁུངས་)སྐད་ཡིག་ཚུ་སླབ་དོ་ཡོདཔ་ཨིན། ལིའོན་གྱི་ལམ་སྲོལ་འདི་ ཆོས་ལུགས་ཀྱི་སྲོལ་རྒྱུན་ནང་ལུ་ རྩ་བ་ལས་རང་ རྩ་བ་བཙུགས་ཏེ་ཡོདཔ་ད་ འདི་ཡང་ སཱན་ཨི་སི་ཌོ་རོ་ཌི་ལི་ཨོན་ (San Isidoro de León) བཟུམ་གྱི་ས་ཁོངས་ཚུ་གིས་ འགན་ཁུར་གཙོ་བོ་ཅིག་འབག་དོ་ཡོདཔ་ཨིན། དེ་གི་ལོ་རྒྱུས་འདི་ ཀོ་ཌེགསི་ཝི་གི་ལཱནསི (Codex Vigilanus) བཟུམ་གྱི་ ཁག་ཆེ་བའི་ལཱ་ཚུ་ནང་ ཡིག་ཐོག་ལུ་བཀོད་དེ་ཡོདཔ་ཨིན། དམག་སྡེ་གི་བཀའ་རྒྱ་ དཔེར་ན་ Knights Templar ཚུ་ ཤན་ཞུགས་ཅན་ཅིག་ཨིནམ་ལས་ ཨལ་ཨན་ཌ་ལུསི་ (al-Andalus) དང་ མོ་སཱ་ར་བིཀ་ (Mozarabic) མི་སྡེ་ཚུ་དང་ འབྲེལ་བ་འཐབ་མི་འདི་གིས་ ལམ་སྲོལ་འདི་ ཡར་དྲག་བཏང་ནུག ཁྲོམ་གྱི་བྱུང་རབས་འདི་ ཡེ་ཤུ་པའི་ཆོས་ལུགས་དང་གཅིག་ཁར་ འབྲེལ་འཐུད་འབད་ཡོདཔ་དང་ འདི་ཡང་ དུས་སྟོན་དང་ དམིགས་བསལ་གྱིས་ ཨིསི་ཀྲར་གྱི་ ཆོས་བཤད་དང་ སེམས་ཁར་འབབ་པའི་ གོ་ཐིག་ (Gothic) ཡེ་ཤུའི་ལྷ་ཁང་ཚུ་གི་དོན་ལས་ ཡོངས་གྲགས་ཡོདཔ་ཨིན།[]

དཔལ་འབྱོར་དང་ཚོང་འབྲེལ།

ལིའོན་གྱི་དཔལ་འབྱོར་འདི་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ལུ་ ཡར་རྒྱས་འགྱོ་དོ་ཡོདཔ་ད་ དམིགས་བསལ་གྱིས་ སྣུམ་འཁོར་གྱི་ཆ་ཤས་བཟུམ་སྦེ་ བཟོ་བསྐྲུན་དང་ཕྱིར་ཚོང་འཐབ་མི་ཚུ་ལུ་ ཡར་རྒྱས་འགྱོཝ་ཨིན། ཁྲོམ་སྡེ་གི་མི་རེ་ལུ་ GDP དེ་ དངུལ་ཀྲམ་སྟོང་ཕྲག་ ༡༨.༣ དེ་ཅིག་ཡོདཔ་ལས་ མི་རློབས་ཡར་སེང་འགྱོ་དོ་ཡོདཔ་ཨིན་པས། སྤྱི་ལོ་༢༠༢༣ ལུ་ ལིའོན་གྱི་རྒྱལ་སྤྱིའི་ཚོང་འབྲེལ་ནང་ དངུལ་ཀྲམ་ས་ཡ་ ༧.༠༢ ཐོབ་ཡོདཔ་ད་ དེ་ཡང་ སྣུམ་འཁོར་ཆ་ཤས་དང་ ལྷམ་དང་ འཁོར་ལོ་ཚུ་རྩིས་ཏེ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས། ནང་འདྲེན་འབད་མི་ བསྡོམས་ཀྱིས་ དངུལ་ཀྲམ་ས་ཡ་ ༨.༠༡ ནང་ སྣུམ་འཁོར་གྱི་ཆ་ཤས་དང་ འཁོར་ལོ་ དེ་ལས་ ཟངས་ཀྱི་ ཐགཔ་ཚུ་ཡང་ བཀོད་དེ་ཡོདཔ་ཨིན་པས། བཟོ་སྐྲུན་དང་ དམིགས་བསལ་གྱིས་ སྣུམ་འཁོར་དང་ རྐང་ཆས་བཟོ་གྲྭ་ཚུ་གིས་ དཔལ་འབྱོར་ བསྐུལ་མ་འབདཝ་ཨིན། ཚོང་འབྲེལ་མཉམ་འབྲེལ་པ་ངོ་མ་ཚུ་ གསལ་བཀོད་འབད་མ་ཚུགས་རུང་ ཕྱིར་ཚོང་ལུ་གཙོ་བོར་བསྟེན་མི་འདི་གིས་ རྒྱལ་སྤྱིའི་མཐུད་ལམ་སྒྲིང་སྒྲིང་ཡོདཔ་སྦེ་སྟོནམ་ཨིན།[]

དཀའ་ངལ་དང་གདོང་ལེན།

ལིའོན་གྱིས་ ཁྲོམ་ཚོགས་དང་མི་སྡེའི་གདོང་ལེན་མ་འདྲཝ་ཚུ་ལུ་ གདོང་ལེན་འབད་དེ་ དེ་གི་གོང་འཕེལ་དང་ མི་ཚེའི་སྤུས་ཚད་ལུ་ ཕན་གནོད་ཡོདཔ་ཨིན། ཁྲོམ་སྡེ་འདི་ ཁྲོམ་ཚོགས་ཀྱི་ཡར་འཕར་མགྱོགས་དྲགས་དང་ སྣུམ་འཁོར་ལག་ལེན་འཐབ་མི་ ཡར་སེང་འགྱོ་མི་ལུ་བརྟེན་ རླུང་བཙོག་དང་ འགྲེམ་འགྲུལ་ཚུ་ བཀག་ཐབས་ལུ་ དཀའ་ངལ་བྱུང་དོ་ཡོདཔ་ཨིན། མི་མང་གི་ཉེན་སྲུང་འདི་ བྱ་ངན་འབད་མི་དང་ དམིགས་བསལ་གྱིས་ ཉེས་ཅན་གྱི་སྡེ་ཚན་ཚུ་དང་འབྲེལ་བ་ཡོདཔ་ལས་ མི་སེར་ཚུ་ལུ་ ཉེན་ཁ་བྱུང་མི་ལུ་བརྟེན་ཏེ་ཨིན་པས། ད་རུང་ རྒྱུ་དངོས་ལུ་ ཁྱད་པར་མངོན་གསལ་ཅན་སྦེ་ཡོདཔ་ལས་ འོང་འབབ་འདྲ་མཉམ་མེད་མི་དང་ སྤུས་ཚད་ཅན་གྱི་ཤེས་ཡོན་དང་ གསོ་བའི་ཞབས་ཏོག་བཟུམ་གྱི་ ཁག་ཆེ་བའི་ཞབས་ཏོག་ཚུ་ ཚད་འཛིན་འབད་ཚུགས་དོ་ཡོདཔ་ཨིན་པས། ཁྲོམ་སྡེ་གི་ ལྤགས་ཀོ་གི་བཟོ་གྲྭ་ལས་སྡེ་ཡོངས་གྲགས་ཅན་འདི་གིས་ དཔལ་འབྱོར་གྱི་ཐད་ལས་ ཁག་ཆེཝ་ཨིན་རུང་ ཆུ་བཙོག་པ་ དང་ ཕྱགས་སྙིགས་མ་བཏུབ་པའི་ ཕྱགས་སྙིགས་བཀོག་ནི་ལ་སོགས་པའི་ མཐའ་འཁོར་གནས་སྟངས་ཀྱི་དཀའ་ངལ་ཚུ་ འབྱུང་དོ་ཡོདཔ་ཨིན།[]

མངའ་སྡེའི་སྐོར།

ལིའོ་འདི་ མེག་སི་ཀོ་ལྟེ་བ་ལུ་ཡོད་མི་ གུ་ན་ཇུ་ཡུ་ཊོ་ (Guanajuat) མངའ་སྡེ་ནང་ ཁྲོམ་ཚོགས་ཅིག་ཨིན། དེ་ནང་ལུ་ མངའ་སྡེ་ག་ཡང་མེདཔ་ཨིན། མེག་སི་ཀོ་ལུ་ བསྡོམས་ཀྱིས་ མངའ་སྡེ་ ༣༡ དང་ མེག་སི་ཀོ་ཁྲོམ་ཚོགས་ཟེར་མི་ མངའ་སྡེ་གཅིག་ནང་ ཆ་ཤས་ ༣༢ ཡོདཔ་ཨིན་པས། དེ་འབདཝ་ལས་ ལིའོན་འདི་ མངའ་སྡེ་ ༣༡ གི་ནང་ལས་ གཅིག་རྐྱངམ་ཅིག་ཨིན།

མཇུག་སྡུད།

མེག་སི་ཀོ་གི་ ལིའོན་འདི་ ལམ་སྲོལ་གྱི་སྲོལ་རྒྱུན་ཕྱུགཔོ་དང་ ལྤགས་ཀོ་གི་བཟོ་གྲྭ་ དེ་ལས་ དཔལ་འབྱོར་གྱི་གནས་སྟངས་ ལེགས་ཤོམ་ཡོད་མི་ཚུ་གི་དོན་ལུ་ ཁྲོམ་ཚོགས་ཅིག་ཨིན། གུ་ན་ཇུ་ཡུ་ཊོ་ (Guanajuato) མངའ་སྡེ་གི་ཁྲོམ་ཚོགས་སྦོམ་ཤོས་ཅིག་འབདཝ་ལས་ ལིའོན་གྱིས་ དེང་སང་གི་ཁྲོམ་ཚོགས་གོང་འཕེལ་འདི་ བྱུང་རབས་ཀྱི་མཛེས་སྡུག་དང་གཅིག་ཁར་ མཉམ་སྡེབ་འབད་དེ་ ལུང་ཕྱོགས་འདི་ནང་ ཚོང་འབྲེལ་དང་ལམ་སྲོལ་གྱི་ལྟེ་བ་ཁག་ཆེ་ཤོས་ཅིག་ལུ་འགྱུར་ཡོདཔ་ཨིན། འདི་གི་ཕེབས་བསུ་ཞུ་མི་མི་སྡེ་དང་ཐབས་བྱུས་ས་གནས་འདི་གིས་ མེག་སི་ཀོ་ལུ་ ཡར་རྒྱས་དང་ཤན་ཞུགས་འཕྲོ་མཐུད་དེ་རང་ འབད་དོ་ཡོདཔ་ཨིན།

རྒྱབ་རྟེན། (References)

  1. https://urbancoalitions.org/en/urban-labs/leon
  2. 1 2 https://simple.m.wikipedia.org/wiki/Le%C3%B3n,_Guanajuato
  3. https://urbancoalitions.org/sites/default/files/publications/files/20221115_TUC__City_Profile_Leon.pdf
  4. https://www.studyabroadfoundation.org/blogs/discover-le%C3%B3n%E2%80%99s-unique-local-culture
  5. https://www.lecotrade.com/about-supply-chain
"https://dz.wikipedia.org/w/index.php?title=ལིའོན།&oldid=38749" ལས་ སླར་འདྲེན་འབད་ཡོདཔ།