ལྷ་ཁང་དཀར་པོ
ལྷ་ཁང་དཀར་པོའི་ཆགས་རབ་དོར་བསྡུས།

ལྷ་ཁང་དཀར་པོ་འདི་ཧཱ་རྫོངག་ཁག་གི་དབུས་སུ་རྒེ་འོག་འོག་ལུ་ ཧེ་མ་ལས་རང་ཡོད་པའི་ལྷ་ཁང་རྙིང་ཤོས་དང་རྩ་ཆེ་ཤོས་ཅིག་ཨིན་མས། དེ་གི་སྐོར་ལས་ལོ་རྒྱུས་ཧ་ལེ་སི་སི་མ་འདྲཝ་ལེ་ཤ་ཅིག་ཡོད་སར་ལས་ ་ཡོངས་དྲགས་ཡོད་མི་དེ་སྦེ་བ་ཅིན ཧེ་མ་དུས་རབས་༧་པ་སྐོར་ཆ་ལུ་ལུང་བརྟེན་དུས་ལུ་འབབ་སྟེ་ བོད་ཀྱི་རྒྱལཔོ་སྲོང་གཙན་སྒམ་པོ་གིས་བོད་ལྷ་ས་ལས་ཕུ་ཀྲེ་དཀརཔོ་གཅིག་དང་ནགཔོ་གཅིག་ལྷོ་ཁ་ཐུག་ལུ་བཏངམ་ད་ བྱ་དཀརཔོ་དེ་འོག་ལུ་ཆགས་ ནགཔོ་དེ་ཨ་ཙི་དེའི་ལྟག་ལུ་ཆགས་ནུག བྱ་གཉིསཔོ་དེ་ག་ལས་གུ་ལས་ཨིནམ་མ་ཤེས་པ་ཧང་ཏོང་མ་མཐོན་ནི་དེ་གི་ ས་གནས་དེ་ཁར་གི་མི་ཚུ་ཧ་ལས་ལུད་པ་ལས་ལུང་ཕྱོགས་དེའི་མི་ཡང་ཧད་ཟེར་དར་ནུག དེ་གི་ཤུལ་ལས་ར་རྒྱལཔོ་སྲོང་གཙན་སྒམ་པོ་གིས་ལྷ་ཁང་གཉིསཔོ་དེ་ཉིནམ་གཅིག་ནང་ལུ་རང་བཞེངས་ཡི་ཟེར་བའི་ལོ་རྒྱུས་འདུག ད་ཁ་རྒྱུན་གཅིག་ལས་སྦེ་བ་ཅིན་ ལྷ་ཁང་དཀརཔོ་དང་ལྷ་ཁང་ནགཔོ་གཉིས་ཆ་ར་ ཧཱ་ལུ་ཡོད་པའི་གངས་རི་ཡོངས་དྲགས་ཀྱི་ རི་མི་རིག་སྤུན་གསུམ་འམ་རིག་གསུམ་མགོན་པོ་ཟེར་ས་ལས་ཕོ་སྐྱེས་གསུམ་འཐོན་འོང་དེ་ ལྷ་ཁང་དེ་གཉིས་བཞེངས་སྦེ་ལོག་ཁོང་ར་ཧེ་མ་འོང་སར་རང་ཡར་སོང་མའི་ལོ་རྒྱུས་ཡང་བཤད་ནི་འདུག དེ་མི་ཚུ་གིས་གཡུས་དེ་ཁར་གི་གནས་བདག་ཨཔ་ཆུ་བདུད་ཨིནམ་སྦེ་ཡང་ཡིད་ཆེ་བསྐྱེདཔ་ཨིན་མས། [༡]
ལྷ་ཁང་གི་རྟེན་གཙོ་བོ་ཡང་ སངས་རྒྱས་ཚེ་དཔག་མེ་ཨིནམ་མ་ཚད་ དེ་གི་སྐོར་ལས་ལོ་རྒྱུས་ཡིད་ཆེ་ཏོག་ཏོ་ཅིག་ག་ཅིག་འདུག་ཟེར་བ་ཅིན སྐུ་དེ་གི་དབུ་དེ་ཨ་ཙི་ཅིག་སྦོམ་སུ་ཅིག་དང་ཡོ་སུ་ཅིག་ཡོད་མི་དེ་ སྐུ་དེ་བཞེངས་ཚར་མ་ཚར་ཅིག་གི་བར་ན་ མི་ཚེ་དཔག་མེ་གི་དབུ་འབག་མི་ཅིག་ག་ལས་གུ་ལས་མིན་པར་འཐོན་འོང་སྟེ་ སྐུ་བཞེངས་འཕྲོ་དབུ་མེད་མི་དེ་གུ་བྱེལ་བཞག་སྦེ་ཡར་སོ་ཡི་ཟེར་བའི་ལོ་རྒྱུས་ཡང་འདུག དེ་མི་ཚུ་གི་འབད་བ་ཅིན་ཨཔ་ཆུ་བདུད་འོང་ནི་བཟུམ་ཅིག་འདུག་ཟེར་བའི་ཡིད་ཆེ་བསྐྱེདཔ་ཨིན་མས། ཨིན་རུང་ད་རེ་ཡོད་མི་ལྷ་ཁང་དེ་གསར་བཞེངས་ཨིནམ་ད་ དེ་ཡང་མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ལོ་༢༠༠༩་ལུ་གཟིགས་སྐོར་ལུ་བྱོནམ་ད་ ལྷ་ཁང་རྙིངམ་དེ་ཉམས་ཆ་སོང་ཡོདཔ་གཟིགས་ཏེ་ཐུགས་ཀྱིས་ཟོད་མ་ཚུགས་པར་ ལྷ་ཁང་དེ་ཉམས་གསོ་འབད་དགོ་པའི་བཀའ་ལོག་སུ་སྦེ་གནངམ་བཞིན་ གཞུང་གི་མ་དངུལ་རྒྱབ་སྐྱོར་ཐོག་ཉམས་གསོ་ཞུ་བའི་མ་ཚད་རྒྱ་བསྐྱེད་མཛད་དེ་ གེ་སློང་ཞལ་གྲང་བརྒྱ་ལྷགཔ་ཤོང་མའི་ཁང་མིག་དང་དང་གཞན་མཁོ་ཆེ་བའི་མཐུན་རྐྱེན་དང་བཅསཔ་སྦེ་བསྒྲུབས་ཡོད།[༢]
ཁུངས་གཏུགས་དཔེ་ཆ།
[ཞུན་དག]- ↑ Aris, Micheal.(1980) Bhutan – Early Himalayan Kingdom. Vikas Publishing House Pvt. Ltd.
- ↑ www.orientalarchitecture.com
སྦོ་ཁ་རྫོང་། · མཆོད་རྟེན་སྐོར་ར། · ལྷ་ཁང་དཀར་པོ། · ཡོངས་ལ་དཔལ་རི་དགོན་པ། · སྐྱིད་ཆུ་ལྷ་ཁང་། · རྡོ་ལུང་ དགོན་པ། · བྱམས་པ་ལྷ་ཁང་། · སྟག་ཚང་། · མཚམས་བྲག་དགོན་པ། · སྒང་སྟེང་གསང་སྔགས་ཆོས་གླིང་། · སྐུ་རྗེས་ ལྷ་ཁང་། · ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན། · རྡོ་བགྲེད་རྫོང་། · སྒོམ་ཕུག་སྐོར་ར། · རྟ་མགོ་དགོན་པ། · བུ་ལི་ ཁི་ལམ་ ལྷ་ཁང་། · བསྟན་ཆེན་ཆོས་གླིང་དགའ་ཚལ་བཙུན་མའི་མཐོ་རིམ་བཤད་གྲྭ།། · ཨོ་རྒྱན་གུ་རུ་ལྷ་ཁང་གི་ཆགས་རབས་མདོར་བསྡུས།། · ཟུར་རི་ལྷ་ཁང་། · འབྲུག་དཀར་བརྒྱུད་ཆོས་སྡིངས་ལྷ་ཁང་གི་ཆགས་རབས་མདོར་བསྡུས།; རྟ་མཆོག་སྒང་ལྷ་ཁང་།། · དགོན་གསར་ཁ་ལྷ་ཁང་། · མཆོད་རྟེན་སྙིང་པོ། · རྫོང་བྲག་ཁ།། · བདེ་ཆེན་ཕུག་ལྷ་ཁང་།། · ལྕང་གང་ཁ་ལྷ་ཁང་།། · དབང་འདུས་རྩེ་ལྷ་ཁང་།། · ཕ་ཇོ་སྡིངས།། · གཏམ་ཞིང་ལྷུན་གྲུབ་ཆོས་གླིང་ལྷ་ཁང་།། · གསེར་ལུང་དགོན་འཛིན་གྲྭ་ཚང་།། · ཉི་ཟེར་སྒང་དགེ་འདུན་ཆོས་གླིང་ལྷ་ཁང་།། · ཀུན་བཟང་བྲག། · ཁྱི་མེད་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། · དཀོན་མཆོག་གསུམ་ལྷ་ཁང་།། · དགྲ་མེད་རྩེ་ལྷ་ཁང་།། · གཡག་སྒང་གསང་སྔགས་ཆོས་གླིང་ལྷ་ཁང་།། · ཕྱག་རྡོར་ལྷ་ཁང་།། · ལྩང་སྒང་ཁ་ལྷ་ཁང་།། · ཉི་མ་ལུང་གྲྭ་ཚང་།། ·