Jump to content

ཤིན་ཅན། རྒྱ་ནག། Shinzhen, China

Wikipedia ལས།
ཤིན་ཅན།

ཤིན་ཅན་འདི་ རྒྱ་གན་གྱི་གུང་དོང་མངའ་སྡེའི་ཁྲོམ་ཚོགས་སྦོམ་ཅིག་ཨིན། ཁྲོམ་ཚོགས་འདི་ ཧོང་ཁོང་གི་བྱང་ཁ་ཐུག་ལུ་ཡོདཔ་དང་ ས་ཆའི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་ ༡༩༩༧.༤༧ ཡོདཔ་དང་ མཚོའི་རྒྱ་ཁྱོན་ ཀི་ལོ་མི་ཊར་གྲུ་བཞི་ ༡༡༤༥ ཡོདཔ་ཨིན། ཁྲོམ་འདི་ ཧོང་ཀོང་ལས་ ཀི་ལོ་མི་ཊར་ ༤༡ གི་ས་ཁར་ཡོདཔ་ཨིན།[] ཧེ་མ་ ཤིན་ཅན་འདི་ ཉ་གཟུང་སའི་གཡུས་ཚན་ཅིག་སྦེ་ མི་རློབས་ ༣༠༠༠༠ དེ་ཅིག་སྡོད་ཡོད་པའི་ཁྲོམ་ཅིག་ཨིན་རུང་ སྤྱི་ལོ་ ༢༠༢༠ ནང་རྫོང་ཁག་བཅུ་ཐམ་ནང་ མི་རློབས་ ས་ཡ་ ༡༧.༥ ལུ་ལྷོད་ནུག། སྤྱི་ལོ་ ༡༩༧༩ ནང་ དེང་ཞི་ཡའོ་པིང་གི་དབུ་ཁྲིད་ཀྱི་འོག་ལུ་ ཤིན་ཅན་འདི་ དམིགས་བསལ་དཔལ་འབྱོར་གྱི་ས་ཁོངས་ཅིག་ལུ་གྱུར་ཡོདཔ་ཨིན། དེ་ལས་འགོ་བཙུགས་ཏེ་ རྒྱུ་དབང་རིང་ལུགས་འདི་ཡང་འགོ་ཐོག་གཞི་བཙུགས་འབད་ཡོདཔ་ཨིན། []སྤྱི་ལོ་ ༡༩༨༠ ལས་ཁྲོམ་ཚོགས་འདི་ ཧ་ལས་སི་སི་སྦེ་ཡར་རྒྱས་སོང་ཡོདཔ་དང་ དེའི་ནང་ལུ་ནང་འཁོད་དང་ཕྱི་རྒྱལ་གྱི་མ་རྩ་ཚུ་གཞི་བཙུགས་འབད་དེ་ཡོདཔ་ཨིན། ཁྲོམ་འདི་ད་རེས་མི་རློབས་མང་བའི་ཁྲོམ་ཚོགས་ཨང་གསུམ་པ་ཨིནམ་དང་ ཨང་དང་པ་དང་གཉིས་པ་འདི་ཤང་ཧའེ་དང་བྷེ་ཇིང་ཨིན་པས།  []

ཤིན་ཅན་ཁྲོམ་ཚོགས་འདི་ རིམ་པ་བཞིན་དུ་གོམ་པ་མདུན་དུ་སྤོ་སྟེ་ཡོདཔ་དང་ ཧོང་ཀོང་དང་དཔལ་འབྱོར་གྱི་འབྲེལ་བ་སྦོམ་ར་ཡོདཔ་ཨིན། དེ་བཟུམ་སྦེ་ པརལ་གཙང་ཆུའི་གྱེས་འགྱོ་སར་ ཚོང་འབྲེལ་འཐབ་མིའི་གནས་གཙོ་བོ་ལེ་ཤ་ཡོད་མི་ལས་ཅིག་ཨིན། བཟོ་སྦྱོར་དང་བཟོ་སྐྲུན་འབད་མི་ཚོང་སྡེ་ཚུ་ཡང་ཁྲོམ་ཚོགས་དེ་ནང་ཡོདཔ་ཨིན་པས། དམིགས་བསལ་དཔལ་འབྱོར་གྱི་ས་ཁོངས་ནང་སྡོད་མི་ཚུ་གི་འཚོ་བའི་གནས་ཚད་འདི་ སྤྱིར་བཏང་གི་ས་གནས་ཚུ་དང་ཕྱདཔ་ད་ མཐོ་དྲགས་སྦེ་ཨིནམ་དང་ ལཱ་འབད་བ་ཅིན་ གླ་ཆ་ཡང་མཐོ་དྲགས་སྦེ་འཐོབ་ནི་ཨིན་པས། དེ་འབདཝ་ལས་ མངའ་སྡེ་གཞན་ཁ་གི་ལཱཔ་དང་ཁྱད་རིག་ཅན་གྱི་མི་ངོམ་ཚུ་གིས་ ས་གནས་དེ་ཁར་ལཱ་འབད་བར་འོང་དོ་ཡོདཔ་ཨིན། དེ་ཡང་ གློག་རྫས་རིག་པ་དང་སྨན། རྫས་སྦྱོར། ཐགས་རིགས། བཟོ་སྐྲུན་གྱི་རྒྱུ་ཆ། བཞེས་སྒོ་བཟོ་སྦྱོར་ལ་སོགས་པའི་བཟོ་གྲྭ་འཕྲུལ་ཁང་ནང་ལཱ་འབད་དོ་ཡོདཔ་ཨིན།[]

ཁྲོམ་ཚོགས་འདི་འཛམ་གླིང་སྤྱི་ཚགས་ཤེས་ཡོན་ཚན་རིག་ལམ་སྲོལ་ཚོགས་སྡེ་ལས་ གསོལ་ར་དང་ངོས་ལེན་འཐོབ་པའི་ཁྲོམ་ཅིག་ཡང་ཨིན་པས། ཁྲོམ་ཚོགས་དེ་ནང་ ལམ་སྲོལ་དང་འབྲེལ་བའི་གླིང་ག། གཞི་བཀོད་མ་འདྲཝ་དང་ཧ་ལས་སི་སི། སྒྲིང་ཁྱིམ་གནམ་མེད་ས་མེད་རིངམོ་དང་རྣམ་པ་སྣ་ཚོགས་འབད་མི། མཐོང་སྣང་ཆེ་བའི་བཟོ་བཀོད་དང་ས་ཆ་བལྟ་ས། མཚོ་དང་ཆུ་དང་འབྲེལ་བའི་རྩེདམོ་དང་གླིང་ག། གླིང་ག། ཚོང་འབྲེལ་ལྟེ་བ། འགྲེམས་སྟོན་ཁང་། མཚོ་དང་ཆུའི་འགྲམ། བགོ་བཤའ་གི་ཚོང་ཁང་། སྙན་ཆ་ཁང་དང་ བཙན་རྫོང་ལ་སོགས་པའི་མཐུན་རྐྱེན་གཞན་ཚུ་ཡོདཔ་ཨིན་པས། ཁྲོམ་ཚོགས་ནང་ ཚོང་སྡེ་ལེ་ཤ་ཡོད་པའི་ཁར་ ཚོང་ལཱ་འགོ་བཙུགས་པའི་ལྟེ་བ་ཚུ་ཡང་ཡོདཔ་ཨིན། []

བརྒྱུད་འབྲེལ་གྱི་ཐད་ཁར་ གནམ་གྲུ་དང་གྲུ་ རེལ་ལི་གི་ཞབས་ཏོག་ཚུ་ཡང་ཡོདཔ་ཨིན། གནམ་གཤིས་ཀྱི་ཐད་ཁར་་ ཚ་དྲོད་ཀྲིག་ཀྲི་ཅིག་ཡོད་པའི་ས་ཁོངས་ཅིག་ཨིན་པས། གནམ་དགུན་འདི་ བསིལ་ཉམས་ལྡན་པའི་ཁར་སྐམ་ཀྲག་ཀྲ་སྦེ་སྡོདཔ་ཨིན་པས། ཨིན་རུང་ སད་དང་བ་མོ་ཆགས་སརམཐོང་ནི་འདི་དཀོན་དྲགས་ཅིག་ཨིན་པས། གནམ་དགུན་མང་ཤོས་ར་ སྐམ་དྲགས་ཨིན་རུང་ རིམ་པ་བཞིན་དུ་རློན་གཤེར་ཅན་ལུ་འགྱུརཝ་ཨིན་པས། ཨིན་རུང་གནམ་དགུན་དང་སོ་ཁ་ལུ་ ས་སྨུག་སྤུར་སར་མཐོང་དོ་ཡོདཔ་ཨིན། སོ་ཁའི་འགོ་ཐོག་ལུ་ ས་སྨུག་ཁོག་ཁོ་འོང་དོ་ཨིན་རུང་ རིམ་པ་བཞིན་དུ་རློན་གཤེར་དང་ཆརཔ་ཡར་སེང་སོང་སྟེ་ སྤྱི་ཟླ་ ༤ པ་ལས་ ༩ པའི་སྔ་ཆ་དང་ ༡༠ པའི་ཕྱི་ཆ་ཚུན་ཆརཔ་རྐྱབ་དོ་ཡོདཔ་ཨིན། དེའི་ནང་དོན་ཉིད་ལས་ ཆརཔ་འདི་གནམ་བྱཱ་ལུ་རྒྱསཔ་ཨིནམ་དང་ མི་ཚུ་གིས་རློན་གཤེས་དང་ཚ་དྲོད་ཡོདཔ་ཚོར་ཚུགས་ནི་ཨིན་པས། ཨིན་རུང་ས་ཁོངས་འདི་ འདྲེ་ཆར་གྱི་ཉེན་ཁ་ཡོདཔ་ཨིན་པས། སེར་ཁའི་ཕྱི་ཆ་འདི་སྐམ་སུ་སྦེ་སྡོདཔ་ཨིན་པས། ལོ་བསྟར་ཆར་པའི་ཚད་གཞི་འདི་ཡང་ མི་ལི་མི་ཊར་ ༡༩༣༣ ཨིན་པས།[]

  1. ཅཱའེ་ན་གི་ལམ་འགྲུལ་ལམ་སྟོན། (༢༠༢༤) ཤིན་ཅན་གྱི་ལམ་འགྲུལ་ལམ་སྟོན། https://www.travelchinaguide.com/cityguides/guangdong/shenzhen/ ནང་ལས་འཐོབ་ཡོདཔ་ཨིན།
  2. 1 2 ལིའོ། (༢༠༢༥) ཤིན་ཅན། https://www.britannica.com/place/Shenzhen ནང་ལས་འཐོབ་ཡོདཔ་ཨིན།
  3. 1 2 ཝི་ཀི་པི་ཌི་ཡ། (༢༠༢༥) ཤིན་ཅན། https://en.wikipedia.org/wiki/Shenzhen ནང་ལས་འཐོབ་ཡོདཔ་ཨིན།
  4. ཝི་ཀི་པི་ཌི་ཡ། (༢༠༢༥) ཤིན་ཅན། https://simple.wikipedia.org/wiki/Shenzhen ནང་ལས་འཐོབ་ཡོདཔ་ཨིན།